༆།། མི་རིགས་ཀྱི་ལ་རྒྱ་དང་ཕ་མའི་དྲིན་ལན། འཇིག་རྟེན་གྱི་ཟས་རིན་སོགས་ཁ་ཕོ་ཆེན་པོ་འཐེན་མྱོང་མེད་མོད། ལ་གཞས་དང་ཀུ་རེ། ཁ་མཚར་སོགས་རང་གི་རྩེད་རའི་ནང་གི་རྩེད་ཆས་དག་ལ་བདག་གཉེར་བྱེད་བཞིན་མགོ་བསྒུར་ཏེ་འགྲོ་མཁན་ཞིག་ཡིན། དྲིན་ཆེན་ལ་དྲིན་ལན་འཇལ་མྱོང་མེད་ལ་དགྲ་བོར་སེན་བཏོག་ཀྱང་བྱེད་མྱོང་མེད། ཡིན་ནའང་ཚིག་གི་ཟ་ཟུར་ནས་མི་ཁ་ཤས་བསད་མྱོང།
ཀུ་རེ་རྩེད་མོ་མེད་ས་ནས་རྩམ་པ་ཟས་ཀྱང་མི་བརྒྱགས་གི།
ལ་གཞས་དང་ཁ་མཚར་མེད་ས་ནས་ཨ་རག་འཐུང་ཡང་མི་བསོ་གི།
དེ་བས་འདི་ནི་ངས་ཀུ་རེ་རྩེད་ས་ཡིན།
འདི་ནི་ངས་ལ་གཞས་ལེན་ས་ཡིན།
ངའི་གྲོགས་པོས་ང་ལ།
ཁ་སྐད་ལྟར་བཤད་ན་ཁྱོད་རང་མྱི་ཁ་བདེ་ཞིག་དང་ཡིག་སྐད་ལྟར་བཤད་ན་ཁྱོད་རང་སྐད་ཆའི་སྒྱུ་རྩལ་བ་ཞིག་རེད་ཟེར་ལ་ངས་ཀྱང་དེ་ལྟར་འདོད་ཡོད།
སྤོབས་པ་ཡོད་ན་པང་གདན་འདིའི་སྣེ་མོ་ནས་འཐེན།