ཀུ་རེ་དང་ཁ་མཚར་གྱི་དབྱངས་རྟས་གང་བའི་སྦྲ་ནག།

  • loading
  • #14

    འབའ.ཕུར་བ། (Friday, 25 November 2011 23:37)

    རྟ་རི་དྭགས་འདྲ་བོ་རིག་ན།།
    རི་མཐོན་མཉམ་གཉིས་ཀྱི་བར་ནས།།
    སྤང་སེར་བོའི་ཕོ་བྲང་ཀླད་ནས།།
    ཕྱི་རྟ་བརྒྱའི་ཁ་ངོའི་སྔུན་ནས།།
    ང་ཡང་གཅིག་ཞོན་ན་འདོད་གི།
    རོགས་ལྷ་སྐུ་འདྲ་བོ་རིག་ན།།

    སྡེ་མང་ཉུང་གཉིས་ཀྱི་བར་ནས།།
    གྲོང་རྩེ་བའི་ཕོ་བྲང་དཀྱིལ་ནས།།
    ཕྱི་རོགས་བརྒྱའི་ཁ་ངོའི་སྔུན་ནས།།
    ང་ཡང་གཅིག་འགྲོག་ན་འདོད་གི།

  • #13

    གློག་ཞགས། (Thursday, 08 July 2010 22:41)

    世界杯拉开了,有人祈祷上帝“上帝呀!您帮帮中国国足踢一次神球让他们进入世界杯吧!”。上帝回答道“大佬!你是否有意为难我?”
    འཛམ་གླིང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་འཛུགས་བྱེད་དུས། རྒན་པོ་ཞིག་གིས་ཡེ་ཤུའི་དཀོན་མཆོག་ལ་གསོལ་བ་བཏབས་དོན། དཀོན་མཆོག་ལགས། ད་ཐེངས་ད་ཁྱེད་ཀྱིས་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་སྐུ་དངོས་སུ་ཐུགས་རྗེ་ཞིག་གཟིགས་ནས། རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་ནང་ལ་ཚུད་དུ་འཇུག་རྒྱུ་མཁྱེན་མཁྱེན་ཞེས་ཞུ་དུས།་ གློ་བུར་དུ་ཡེ་ཤུའི་དཀོན་མཆོག་གི་ཞལ་ངོ་འགྱུར་ཏེ་གསུང་དོན། རྒད་པོ། ཁྱེད་ཀྱིས་བསམ་གཟེས་ནས་ང་དཀའ་ཁག་ལ་གཏོད་ཀྱིན་ཡོད་དམ་ཞེས་ལན་བཏབས། ཧཧཧ།

  • #12

    yyyy (Wednesday, 25 November 2009 13:52)

    hhhhhh

  • #11

    ཟླ་བ་གཡང་ཅན (Tuesday, 06 October 2009 02:21)

    རོགས་ས་ལེ་འདི་ལ་རྩེ་ལུང་རྩེ་རེད།།
    དེའི་རྩེ་རོགས་འདྲ་མིན་སྣ་ཚོགས་རེད།།
    ཞེ་སྣང་བ་ལ་མཐུན་ལུང་མཐུན་རེད།།
    ཞེ་སྣང་དེ་སྟོན་རླུང་འཇམ་པོ་རེད།།
    རླུང་གཡུག་ས་ལ་ལུང་གཉིས་ཀ་རེད།།

  • #10

    ང་རོ (Tuesday, 06 October 2009 00:29)

    སྟོད་སྟོད་ལ་སྨིག་པ་འཐིབས་ན།
    ཚོད་ཚོད་ལ་འབྲོང་མོ་དྲན་གི།
    རྫ་མི་གཅིག་རྫ་མཐའ་ཞིག་ན།
    རྭ་ལྡེམ་མེ་འགྲོ་གོ་བསམས་ན།
    ཞེ་སྡུག་པའི་ཐོག་ལ་སྨྲེང་གི

    སྨད་སྨད་ནས་ལ་གཞས་བླངས་ན།
    ཚོད་ཚོད་ལ་རོགས་ལོ་དྲན་གི།
    སྡེ་མི་གཅིག་སྡེ་མཐའ་ཞིག་ན།
    གཉོམ་དུང་ངེ་བསྡད་ཡོད་བསམས་ན།
    ཞེ་སྡུག་པའི་ཐོག་ལ་སྨྲེང་གི།

  • #9

    ང་རོ། (Tuesday, 06 October 2009 00:10)

    མར་བལྟས་ན་སྡེ་ཞིག་རིག་ནོ་གན།
    སྡེ་ཆུང་ཆུང་ཟ་ལེའི་ཉལ་རས་རེད།
    གན་ནང་ན་རོགས་ཞིག་རིག་ནོ་གན།
    ཤ་བུ་ག་ཅན་ཞིག་མ་རེད་མོ།
    ཤོ་བཙས་ནས་ཟ་ས་མ་སོང་ན།
    རྒྱོ་རྒྱག་གི་སྟབས་ག་མེད་གི་མོ།

  • #8

    གློག་ཞགས། (Wednesday, 30 September 2009 21:16)

    ངའི་རྩོམ་དེ་འབྲེལ་གཏུག་བྱེད་སའི་ནང་དུ་བཞག་ཡོད།་ གཞན་རྩོམ་ནང་དུ་འཇོག་རོགས།

  • #7

    ཟ་ལེ་རྒྱལ། (Wednesday, 30 September 2009 11:14)

    གློག་ཞགས་ལགས།
    ཁྱོད་ཀྱི་རྩོམ་ཡིག་འབྱོར་མ་སོང་བས་སྐུ་ཚེགས་འོ་རྒྱལ་ལ་མི་འཛེམ་པར་ཡང་བསྐྱར་བསྐུར་རོགས།

  • #6

    གློག་ཞགས། (Wednesday, 30 September 2009 00:34)

    ང་ཐོན་བཏང་། ཕྱིར་བུད་སོང་། ཁྱེ་ཁེ་ཁང་ཡུག་ཡེད་གོ་ཁུ། རྩོམ་ཞིག་བསྐུར་ཡོད།

  • #5

    ལུག་སྐྱིད (Wednesday, 23 September 2009 09:04)

    ཨ་རོགས་ཟ་ལེ་་་་་་་་་་་་།
    ངས་མཛའ་ནས་མཛའ་སྲོལ་བཤད་ན།
    ཕར་ཀ་སྒང་ལ་འཁོར་ལོ་མཛའ་གི
    ཚུར་ཁ་སྒང་ལ་འཁོར་ཤིང་མཛའ་གི
    ཇ་དང་འོ་མ་ཐབ་ལ་མཛའ་གི
    ཨ་རྒྱ་ཨ་མ་ཡུལ་ན་མཛའ་གི
    ཇ་སྐོ་ནང་ལ་རྡོ་ལི་མཛའ་གི
    ངའི་དེའི་ནང་ལ་ཁྱོའི་དེ་མཛའ་ག།

  • #4

    གཡུ.དུག་སྦྲང (Wednesday, 23 September 2009 00:26)

    ཤ་ཉིག་ག་ཅན་པོའི་དོན་ན་།
    ལྖག་མ་ཤུ་ཅན་པོ་ཚད་རུང་་།
    མིག་བཙུམ་མའི་མཆོང་རྐྱང་ཡིན་ནོ་།
    ཤོ་དཀྱིལ་མཐོ་གང་བོའི་དོན་ཡིན་།

  • #3

    ཟ་ལེ་རྒྱལ། (Monday, 21 September 2009 11:05)

    ཕྱི་མའི་ཡུལ་ན་ཞི་མོ་མང་ནི་རེད།།
    དེ་ནས་ཁ་རྩོག་བཤད་ན་ཆོག་ནི་རེད།།
    གྲྭ་བའི་སྡོམ་པ་ང་ཡི་ལག་ན་མེད།།
    སྡོམ་དང་མི་སྡོམ་རང་རང་སེམས་ན་ཡོད།།

  • #2

    གངས་བུ (Monday, 21 September 2009 10:10)

    འཇིག་རྟེན་གནམ་འདིའི་འོག་ན།
    ཟ་ལེ་སོར་མོ་གང་གིས།
    འཆལ་གཏམ་ཆགས་གཏམ་བསྲེས་གི།
    བཙུན་པ་དགེ་བཤེས་འགའ་ལ།
    ཆགས་པའི་སྒོ་མོ་ཕྱེ་ཐལ།
    ཕྱི་མའི་ཡུལ་ཞིག་ཡོད་ན།
    ཁྱོད་ལ་འགྲོ་ས་ཆེས་ཡོད།

  • #1

    གཡུ.དུག་སྦྲང (Sunday, 20 September 2009 20:01)

    ཧེ

 

 

ཤི་དམྱལ་བའི་འཇིགས་ཀ་ཆེ་རུང་།།

ཤུར་གན་གི་ལས་ར་དོན་ན།།

ཤེད་ཚད་ནས་བཀོད་པ་མེད་ནོ།།

ཤོ་དཀྱིས་མཐོ་གང་གི་སྐྱོན་རེད།།

ཟ་ལེ་རྒྱལ།

 

ཀ་རྩོམ་མ་རྩོམ་འབྲི་ཟོ་མི་ཤེས་ར། །
ཁ་ནས་གང་ཡོང་བཤད་རྒྱོ་དཀའ་ལས་མེད། །
ག་ནས་བསྡད་རུང་ཤེས་བྱ་རིག་པའི་ནོར། །
ང་ཁྱོད་མེད་པར་བགོ་བཤའ་བྱེད་ན་འདོད། །

ཁ་བ་དཀར་པོ།

 

ཀ་ཞིག་མགོ་ན་ཡོད་ན་ཀ་རྩོམ་རེད།།
ཁ་ནས་ཁྱི་བཤད་བྱོས་ར་ཟིན་བྲིས་རེད།།
ག་འདེན་འདི་བདེན་ཞེས་ན་བསམ་འཆར་རེད།།
ང་བཟང་ཁྱོད་ངན་ཞེས་ན་རྩོད་པ་རེད།།

ཟ་ལེ་རྒྱལ།

 

ར་འདུལ་བའི་ཁྲིམས་ནས་བུད་ལ༎
ལྭ་དམར་བོའི་མནབ་བཟའ་ཧུད་གྲ།
ཤ་གཉའ་མའི་ཕྱོགས་ན་དགྲ་མེད༎
ས་བཅུ་བ་ཅན་པོ་མ་རེད༎

ཨ་མདོ་མཚོ།

 

ས་མ་རུབ་སེམས་ལ་ཤར་ནོ།།
ཤ་གཉའ་མའི་ནང་གི་དྲོད་ཡིན།།
ལྭ་མ་ཧུད་གླན་ན་སྐྱིད་ནོ།།
ར་ཐང་སྨིག་ནང་གི་རོག་ཡིན།།

ཟ་ལེ་རྒྱལ།

 

ས་སྡེ་ཆེན་རྩེད་ར་ནང་ན༎
ཤ་གཉའ་མའི་རེ་བལྟས་ཅན་གོ།
ལྭ་གོན་རུང་ཐུབ་རྒྱུ་མེད་ནོ༎
རྭ་ཤེད་ཆེན་ཤོ་གི་ཤ་རེད༎

ཨ་མདོ་མཚོ།

 

རྭ་མེད་རུང་རང་ཚུགས་བཟུང་ནས།།
ལྭ་མེད་རུང་སྐྱི་མོ་གོན་ནོ།།
ཤ་གཉའ་མ་དགའ་ནི་མིན་ར།།
ས་སྡེ་ཆེན་རོག་གི་དོན་ཡིན།།

ཟ་ལེ་རྒྱལ།

ཀ་འདྲ་གི་ཤ་མཇེར་ཤོད་ལ༎
ཁ་འདྲ་གི་གཉའ་མའི་ནང་ང་༎
ག་མི་ཡེད་ནི་ཟིག་མེད་ནོ༎
ང་མིན་ར་ཟ་ལེ་རྒྱལ་རེད༎

ཨ་མདོ་མཚོ།

ཀ་ར་བུ་རམ་བསྟན་ན་དགའ་ནོ།།
ཁ་ཡག་ངོ་བསྟོད་ཡས་ན་བསོ་ནོ།།
ག་དུས་ཡིན་ན་ཡེད་ཀི་འཇུག་ནོ།།
ང་ཡིས་བལྟས་ན་ཨ་མདོ་མཚོ་རེད།།

ཟ་ལེ་རྒྱལ།

 

 

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།