གསུམ་བརྒྱབས་སོང།
ཨ་ཁུ་རོང་བ་ཚང་གི་བ་མོའི་རྩ་ལངས་ཡོད་པས། ཨ་མས་བུ་ལ་རེད་སྐུལ་བྱས་བ་བཞིན་བུས་བ་མོ་ཁྲིད་ནས་ཁྱིམ་མཚེས་ཚང་གི་འཁྱག་གླང་ལ་ཁ་གཏུག་དུ་སོང་། ཕྱིར་ཡོང་བ་དང་ཨ་མས་བུ་ལ། དོན་འགྲུབ། འཁྱག་གླང་གིས་ཡག་པོ་བལྟས་སོང་ངམ་ཞེས་བར་བུས་བལྟས་སོང་ཞེས་བ་རེད། ཨ་མའི་སེམས་མ་བདེ་བར་ཡང་བསྐྱར་བུ་ལ། ཨེ་ངོ་ནས་ཡག་པོ་བལྟས་སོང་ངམ་རྫུན་བཤད་ཉན་ནི་མ་རེད་ཅེས་པས། བུས་བལྟས་སོང་བལྟས་སོང་ཞེས་ལན་ཐུང་ཞིག་བརྒྱབས། ཡང་བསྐྱར་ཅ་མས་གལ་ཏེ་རྫུན་ལབ་པ་ཡིན་ན་ལོ་རྗེས་མར་འོ་མ་འཐུང་རྒྱུ་ཡོད་པ་མ་རེད་ཅེས་པས། བུས་བལྟས་སོང་ཞེས་བཤད་ན་ཡང་དང་ཡང་དུ་འདྲི་ཡི་འདུག དེ་ན་གསུམ་བརྒྱབས་སོང་ཞེས་པས་ཨ་མ་གྲགས་མེད་སེ་སོང་།

