སྦྲ་ཐང་སྨུག་ཁ་རུ་རྒྱོངས་ང་། སྐྲ་ལན་བུའི་བར་ནས་ལྟོས་ར།
རྟ་ར་རའི་ཁ་སྐོར་གཅུ་ནོ། ང་ཁ་འཁྱམ་ཟ་ལེ་རྒྱལ་ཡིན།

-
#139
གང་ཡིན་མི་ཤེས་མོེད། ཡོད་ཚད་གསར་བར་གྱུར་ན་བླུན་རྟགས་ཞིག་མཐོང་གི་འདུག
-
#138
ཟ་ལེ་རྒྱ་ཡུལ་ན་མེད་ཀི སྒོ་ཁའི་ཁྱི་རྒན་དེར་ཕལ་ཆེར་ཉིན་ཁ་ཤས་ལ་ལྟོ་བླུད་མེད་ས་རེད། ལམ་འགྱོ་བ་ཚོས་ལྟོས་ན་སྙིང་རྗེ་ནི་ཟིག་རེད། རྐྱ་སྟོང་དེ་གང་ཟིག་ལ་བུད་སོང་ནས་ནིང་། ད་ལས་རྒྱུ་མེད་ན་ཁོ་སང་གི་ཟླ་བ་གཡང་ཅན་ལ་ཞར་ཀི་འགྱོ།
དགོང་ཨ་སྔོན་གཡུ་ཡི་ལྡིང་ཁང་ནས།། འབྲུག་ཕོ་ཆུང་གཉིད་ལ་ཤོར་སོང་ཟིག།
དེ་གཉིད་ལ་ཤོར་གི་བར་སྐབས་ནས།། ང་གློག་ཞགས་འཁྱུག་ར་སད་ནི་རེད།།
ས་རང་སྡེ་གཡང་དྲུང་སྒོ་བཞི་ནས།། རོགས་ཆུང་ལོ་ལམ་མ་མཆིས་སོང་ཟིག།
དེ་ལམ་མ་མཆིས་བའི་བར་སྐབས་ནས།། ངས་ཚིག་གསུམ་རྩེད་ར་ཡོག་ནི་རེད།།
-
#137
ཁ་ཉིན་ཡང་མདོ་སྨད་གཡང་སྡེ་ཞིག་ལ་ས྄ོང་ནས་འདི་འདྲའི་ལ་གཞས་རྣོན་པོ་ཞིག་ཤེས་སོང།ཟ་ལེའི་ཚང་ལ་ཡོང་བར་ལག་སྟོང་མིན་པ་ཙམ་གྱིས།
ཕོ་གསར་དེས། རྟ་བརྒྱ་རྟ་མང་ཚོགས་ས་ནས།། ང་རྟ་ར་མེད་དྲ་སྒ་ར་མེད།། རྒྱུགས་དགོས་ན་ལག་ན་སྲབ་དྲ་མེད།།
རོགས་བརྒྱ་རོགས་མང་ཚོགས་ས་ནས།། ང་རོགས་ར་མེད་དྲ་ཚིག་ར་མེད།། འགྲོགས་དགོས་ན་ལག་ན་སྒོར་མོ་མེད།།
ཁ་བདེ་མས་འདི་ལྟར་ལན་བགྱིས་སོང་། ཁྱོད་རྟ་བོ་ཞོན་ན་འདོད་ནི་ཟིག།། ཁྱོའི་ལག་ན་སྒ་ཆ་མེད་ནི་ཟིག༏ ཅི་འདྲ་འདྲའི་རྟ་བདག་ཡ་མཚན་ཟིག། རོགས་ཆུང་ལོར་རྩེ་ན་འདོད་ནི་ཟིག། ཁྱོའི་ལག་ན་སྒོར་མོ་མེད་ནི་ཟིག། ཅི་འདྲ་འདྲའི་རྩེད་རོགས་ཡ་མཚན་ཟིག།། -
#136
ཨ་རོ་ཟ་ལེ་རྒྱ། ངས་ཁྱོ་ལ་དེང་རབས་གསར་བའི་ལ་གཞས་ཤིག་གི་ཞལ་འདེབས་རྒྱག།
སྟོད་སྐུད་མེད་དྲྭ་རྒྱ་ནང་ནས།།
གྲོགས་གཉིས་རེ་གཉིས་རེ་སྒྲིག་གི།།
ང་སྒྲིག་རོགས་མེད་ལ་བསྡད་ཡོད།།
ངའི་སྒྲིག་རོགས་དྲྭ་མོ་ཁྱོ་ཞེས།།
སྨད་གྲོང་ཁྱེར་ཞབས་བྲོའི་ཁང་ནས།།
རོགས་གཉིས་རེ་གཉིས་རེ་འཁྲབ་གི།
ང་འཁྲབ་རོགས་མེད་ལ་བསྡད་ཡོད།།
ངའི་འཁྲབ་རོགས་གསར་མོ་ཁྱོ་ཞེས། -
#135
ཨ་ཁུ་རྩམ་དགའ་རྩམ་ཁུག་འཚོལ་དུ་བྱིན།། ཟླ་བ་གཡང་ཅན་ཟླ་བོས་དམ་ལ་བཏག།
ཟ་ལེ་ཚང་གི་རྩེད་ཁང་གྲི་བཞི་འདི།། ལ་ལའི་དབྱངས་རྟས་བོར་ནས་ཟླ་འགའ་འགོར།།
ཨ་རྩམ་དགས་རྩམ་ཁུག་ཁྱེར་ནས་ཤོགས།། ཟླ་བས་ཟླ་བོའི་བཀའ་རྒྱ་གཏོར་ནས་ཤོགས།།
ནོར་རྫི་ངས་ཀྱང་འུར་ཆ་བཟུང་ནས་ཡོང་།། རྩེ་ར་འདི་ནས་རྩེ་མགོ་ཡང་བསྐྱར་འཛུགས།། -
#134
དགོང་ཨ་སྔོན་གཡུ་ཡི་ལྡིང་ཁང་ན།།
འབྲུག་གྲགས་རྒྱུ་མེད་ནོ་ཅི་ཞིག་རེད།།
ས་རང་སྡེ་གཡང་དྲུང་སྒོ་བཞི་ན།།
རོགས་མཐོང་རྒྱུ་མེད་ནོ་ཅི་ཞིག་རེད།། -
#133
ནོར་བཅས སྤང་
-
#132
རྟ་འདོ་བའི་ཕ་ས་གང་གི་ཡིན།།
ང་གྲོ་རྒྱལ་སྥང་དཀར་ཀླད་གྱི་ཡིན།།
ས་སྥང་དཀར་རྟ་བརྒྱ་སྤྱི་ཡི་རེད།།
རྟ་ཁྱོད་ར་རྒྱུག་དང་ང་ཡང་རྒྱུག།
ཕོ་ཁྱེད་རང་ཕ་ས་གང་ནས་ཡིན།།
ང་བུ་མོ་སྡེ་ཆེན་ད་ནས་ཡིན།།
ཁ་ལ་གཞས་རོགས་བརྒྱ་སྤྱི་ཡི་རེད།།
རོགས་ཁྱོད་ཀྱིས་ལོངས་དང་ངས་ཀྱང་ལེན།། -
#131
དགོ་གཡང་རེ。。。。。。
ན་ནིང་ལུག་མང་གྲལ་གྱི་ལག་ག་ཁྱོད
རྩི་ཐོ་ལྡུམ་བུ་ཟས་ནས་མ་ཤི་ཐ
ད་ལོ་སྲས་ཁ་བུ་ཡག་བཙན་ནི་གི
ཕྱུག་བདག་དགའ་ཟིག་མེད་ན་དཀའ་རྒྱུ་རེད
-
#130
མ་མཐོང་སེམས་ཐག་ཉེ་བའི་རྒྱང་རིང་གི་གྲོགས་པོ་ཟ་ལེ་ལགས།
ལོ་གསར་བའི་ནང་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་དང་བཀྲིས་བདེ་ལེགས་ཡོད།
མི་ཆུང་ངས་ད་བར་དུ་འདིར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་བསྡད་རིང་ངོ་མས་སྐྱིད་པོ་བྱུང་ཐུགས་རྗེ་ཆེ།
དེ་མིན་གཞན་ཅང་བཤད་ཡ་མེད་བདེ་མོ། -
#129
སྟོད་སྡེ་ཆེན་དཀྱིལ་གི་ཞི་མོ་ཚོ། །
གླུ་ལ་གཞས་ལན་གི་ཕེབས་ཤོག་ར། །
སྨད་ཡུལ་ལུང་གླུ་ཡི་ཞིང་ཁམས་ནས། །
ཕོ་ལ་གཞས་ཅན་པོ་ཐོན་ནས་ཡོད། །
གླུ་ལ་གཞས་ཆར་བ་འབབ་འབབ་རེད། །
ཆར་བསིལ་མ་ལོ་ཡག་རྟེན་འབྲེལ་རེད། །
འབྲི་སྣ་ལྔར་རེ་བའི་ན་ཟླ་ཚོ། །
ད་མ་འདུག་གླུ་ཡི་ཞིང་ལ་ཕེབས། །
-
#128
གླུ་ལ་གཞས་ལན་པའི་གྲོགས་ཡོངས་ལ། །
ལོ་གསར་བའི་ཚེས་བཟང་ཉིན་མོ་འདིར། །
ང་ཨ་ཁུ་རྩམ་དགའི་སེམས་གཏིང་ནས། །
བཀྲ་ཤིས་པའི་རྟེན་འབྲེལ་ལན་གསུམ་ཞུ། ། -
#127
༁་ཁུ་རྩམ་དགའ་ང་ཞི་མོ་ཆ་རེར་ཐུག་ནས་ད་བར་ལྷག་སོང་ཐལ། པཱོ་ཟིག་ལངས་མི་ཉན་ནོ་ཤེས་ཀ་ཟེར།
-
#126
ཚང་མ་བཏོན་དང་ང་།
-
#125
རྟ་འདོ་བ་འགྱོག་ནོ་བཤད་ན། །
དགོང་གནམ་མཁའི་བྱ་ཡི་འགྱོག་རེད། །
རྒྱུགས་གོམ་ཁ་དྲང་ནོ་གླེང་ན། །
མདའ་ལི་མ་གན་གི་ཡན་རེད། །
-
#124
འ་ལགས་ནས་ང་ལ་འོག་གི་འབྲེག་ཐག་འདི་གནང་བར་ཐུགས་རྗེ་ཆེ།
-
#123
རྟ་འདོ་བ་དྲུག་ཞེང་ཅན་པོ།།
རྒྱུག་གོམ་ལག་ནམ་མཁའི་བྱ་ཡིན།།
རྒྱལ་འཇོག་གི་སྥོབས་པ་ཡོད་ན།།
གྲོགས་ཟ་ལེའི་དྲ་བར་ཕེབས་ཤོག།
-
#122
http://www.youtube.com/watch?v=5Ke3afKeP6U
-
#121
hi
-
#120
རྟ་འདོ་བ་དུད་འགྲོ་གཉོམ་ཆུང་རེད།།
ངས་མི་ཞོན་ད་ཐང་འཇོག་རྒྱུ་ཡིན།།
ཁ་ལ་གཞེས་ཁ་ཡི་ཁ་རླངས་རེད།།
ངས་མི་ལེན་ད་ཐང་འཇོག་རྒྱུ་ཡིན།། -
#119
རྒྱལ་འཇོག་གི་སྤོབས་པ་མེད་ཀི །
སྒལ་སྲབ་ཀི་རྒྱལ་ཕམ་མི་རྩོད། །
ཁ་ལ་གཞས་ཐར་ཐོར་ལན་ཞོར། །
རྒྱུགས་གོམ་ལག་འགྲན་ན་ང་ཡོང་། ། -
#118
རྟ་རྒྱུག་ནི་ཡོད་ན་རྒྱལ་འཇོག།
རྒྱལ་འཇོག་ན་རྒྱབ་ཀི་སྒལ་འཇོག།
སྒལ་འཇོག་ནི་ཡོད་ན་འདིར་ཤོག།
རོགས་རྩེད་ནི་ཡོད་ན་རྒྱལ་འཇོག།
རྒྱལ་འཇོག་ན་རྒྱབ་ཀི་མཐོ༼མཐུ་བ༽འཇོག།
མཐོ་འཇོག་ནི་ཡིད་ན་འདིར་ཤོག། -
#117
ཁྱོད་ནོར་རྫི་འགྲོ་ས་རི་ལུང་རེད། །
རི་ལ་ཐུར་གཉིས་ཀ་བགྲོད་ལམ་རེད། །
ཁ་ལ་གཞས་ཁྱར་ཁྱོར་འཐེན་རོག་དེ། །
མ་འབྲོག་མོ་ཡིན་ནོ་ཤེས་ནི་རེད། །
ཁྱོད་ནོར་རྫི་ནོར་གི་དགྲ་ཟིག་རེད། །
རི་སྤྱང་ཁུ་དམར་བོའི་བཙོག་ཟིག་རེད། །
ནོར་མང་བོ་བཤས་ནས་ཟས་དང་ཐལ། །
ཁ་ཁོམ་དུས་མ་ཎི་ལོས་ཟིགའདོན། །
ཁྱིམ་རྒན་མོ་མེད་ན་བཀའ་ནི་རེད། །
མོ་རིག་རིག་ཚང་མར་ཁ་ཡག་ཤོད། །
ས་འདི་ན་ཨ་ཁུ་རྩམ་དགའ་ངས། །
གྲོགས་ཁྱེད་ལ་རོགས་ཟིག་བཙལ་རོག་བྱེད། །
-
#116
ནོར་རྫི་དད་པ་ཅན་པོ་མི་ཁོམ་རུང་།།
སེམས་ཁོམ་དུས་གསོལ་འདེབ་ཀྱིན་ཡོད།།
ཁ་ཁོམ་དུས་མ་ཎི་འདོན་གྱིན་ཡོད།།
ཤི་དམྱལ་བའི་འཇིག་སྐྲག་བསམ་གྱིན་ཡོད།།
ང་ནོར་རྫི་གནས་ས་རི་ལུང་ཡིན།།
ཕྱག་འཚལ་ས་དཀོན་ཅོག་རྣམས་གསུན་ཡིན།།
ངའི་རྩེད་རོགས་ཁ་ཡ་ན་ཟླ་ཡིན།།
ངའི་རྩེད་ཆས་ཁ་མཚར་ལ་ལ་ཡིན།།
ང་ནོར་རྫི་དགའ་ས་མཛེས་མ་ཡིན།།
ངས་སྡེ་རི་ཉུལ་དོན་དེའི་ཆེད་ཡིན།།
ང་རྒན་མོ་མེད་ལ་མི་རྐྱང་ཡིན།།
རོགས་གང་ནས་ཐུགས་ན་རྩེ་རྐྱང་ཡིན།། -
#115
ཨ་ཁུ་བུ་མོར་དགའ་ནོ་ཁོ་ཐག་ཡིན། །
ནོར་རྫི་དད་པ་ཅན་ཡིན་མི་ཤེས་ཀི །
མཛེས་མར་རིགས་དུས་ང་ལས་བཙོག་ཟིག་རེད། །
རྒན་མོ་ཡོད་དུས་ཉམ་ཆུང་འདྲ་ཟིག་རེད། །
ཨ་ཅེ་ཟླ་བ་འགྱུར་ནས་འགྲོ་གོ་གི །
ཟ་དང་ཟུར་ནས་རྒས་རྟགས་སྟོན་གོ་གི །
གཅེས་ཕྲུག་འགའ་རེའི་ཨ་མར་འདོད་གོ་གི །
བ་ལི་ཆ་རེར་བཞོ་ན་འདོད་གོ་གི །
-
#114
ཨ་ཁུ་དགེ་སློང་བུ་མོ་དགའ་གི།
ནོར་རྫི་རྒད་པོ་དད་པ་ཡོད་གི།
ནག་མོ་ནོར་ལ་གོ་བ་མེད་གི།
ན་ལུང་སྨུག་ལ་དུང་མཐའ་མེད་གི།
བུ་མོས་བསམ་དོན་འགྲུབ་ཐལ།།
འབྲི་མོ་ཡུལ་ལ་དོན་ཐལ།།
དགོ་དགོ་ངག་གིས་བཀུག་ཏེ།།
འོ་མ་འཇོ་རུ་ང་འགྲོ།། -
#113
བླ་ཆེན་ཞིག་གི་མདུན་ལ་མི་འགྲོ་ཁོ་ཐག་ཡིན། །
ང་དང་ཁོ་ཡི་རྩོད་གཞི་བཙོག་ནོ་མཁྱེན་ནི་རེད། །
ཨ་ཅེ་ཁྱེད་ཀྱིས་བར་འདུམ་གནང་ན་འགྲིག་ནི་རེད། །
མཚན་མོ་ཞིག་གི་དོན་དག་ཡིན་ནོ་ཤེས་ནི་རེད། ། -
#112
དགོན་ཆེན་སྒྲིག་གིས་བསྡམ་པའི་དགེ་སློང་དང་།། དུས་བཞིར་རི་ལུང་འགྲིམ་པའི་ནོར་རྫི་གཉིས།། ན་ཆུང་བུ་མོ་དག་གི་རྩོད་གཞི་འདི།། བླ་ཆེན་དམ་པའི་མདུན་གླེང་རོགས་ཞུ།།
-
#111
ཟ་ལེ་ལགས།
ལྐ་ལྐོ་ད་དུང་བརྒྱུད་ནས་དེ་རིང་འདྲ་སྡེ་ཐང་ལ་སླེབ་སོང་
ད་ཇ་མངར་མོ་རེ་ཡོད་ན། ཤ་ཚོན་པོ་རེད་ཡོད་ན་ཁྱེར་ཤོག་དང་
-
#110
ནོར་རྫི་ཚེ་རིང་ལགས
ངའི་དྲ་མགོན་དུ་ཕེབས་པར་ཐུགས་རྗེ་ཆེ། ཕལ་ཆེར་ཁྱོད་རང་སྣ་དང་རྐང་བ་གཉིས་ཀས་ཆེ་ཆུང་ལ་འགྲན་བསྡུར་བྱེད་བཞིན་པའི་གྲོགས་པོ་དེ་ཡིན་པ་འདྲ་བས། ཡིན་ན་ལན་ཞིག་བྱིན།
-
#109
ས་འདི་ན་རོགས་ལོ་མང་གི།
རོགད་རང་མཐུན་རང་ང་དཀོན་གི།
ས་འདི་ན་སེང་དུང་མང་གི།
སེང་རང་གྲགས་རང་ང་དཀོན་གི
-
#108
རྒད་པོ་ལགས།
ལ་གཞས་འདི་ནི་འཇིག་རྟེན་ཕོ་མོ་ལས། །བཙུན་པ་དག་གིས་དོར་བྱ་ཡིན་པའི་རྟགས། །
ཁྱེད་ལ་ཡོད་ན་ད་ལྟར་ཁུར་ནས་ཤོག །མེད་ན་ནོར་རྫི་ཁྱོད་ནི་ངོ་རེ་ཚ། །
ཁ་ནས་གསལ་དང་མ་གསལ་མི་འདུག་ལོ། །ཁྱོད་ལ་སེམས་ཁུར་ལྕི་ནོ་ཤེས་ནི་རེད། །
ཨ་ཁུ་བཙུན་པ་དག་གིས་ནོར་རྫི་ཁྱོའི། །རྒན་མོ་འཕྲོག་ནས་འབྲོ་ནི་མ་རེད་ལོ། །
ནོར་ལུག་མི་ཚང་སེམས་ཁུར་ཆེ་དང་གཅིག །རྒན་མོས་རྒྱོ་གི་མི་འཇུག་དཀའ་ལེ་གཉིས། །
གང་ཡང་མེད་པའི་དགེ་སློང་བཙུན་པ་ཚོའི། །མི་ཚེ་འདི་ལས་སྐྱིད་ཅིག་གང་ན་ཡོད། །
ད་ནི་བཙུན་པ་ཁོ་བོ་འགྲོ་རན་སོང་། །བུ་མོ་ན་ཆུང་ཞིག་གིས་འབོག་གོ་གི །
ནོར་རྫི་ཁྱོད་དང་རྩེས་ནས་འདུག་བསམ་ཡང་། །གན་གི་སྒུག་ནོ་བཙོག་གི་བུད་ལ་འགྱོག །
-
#107
བཙུན་པ་ལགས།
འཇིག་རྟེནཕོ་མོའི་ལ་གཞས་ཟེར་བ་འདི།། བཙུན་པ་འདུ་ཁྲིམས་ཅན་གྱི་བརྒྱང་བྱ་མིན།། ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ།། དགེ་སློང་སྡོམ་ལྡན་རྣམས་ཀྱི་རྩེད་རོགས་མིན།།
ལུག་རྫི་ནོར་རྫི་དག་གི་རྩེད་ཆས་འདི།། གྲྭ་བ་གཟན་ཤམ་ཅན་གྱི་བསླང་བྱ་མིན།། འཁོར་བའི་གཏང་རྡོ་ལྕི་བའི་ཁྱིམ་པ་ལ།། དགེ་སློང་ཡིད་སྨོན་ཤོར་བ་ཡ་རེ་ང་།།
ནོར་རྫི་དད་པ་ཅན་པོས་ཞུ་བ་བྱེད།། དགེ་སློང་དབེན་གནས་འགྲིམ་པས་རེ་བ་ཞུ།། འདུ་ཁྲིམས་ཉམས་ཆག་མི་གཏོང་རེ་བ་ཞུ།། བླ་མའི་བཀའ་དང་མི་འགལ་རེ་བ་ཞུ།།
དྲིན་ཅན་ཕ་མའི་རེ་འབྲས་ཡོད་དོ་ཅོག། རྩ་བརླག་མ་གཏོང་རི་ཁྲོད་འགྲིམ་པའི་བུ།། དམ་པ་ཆོས་ཀྱི་སྙིང་བོ་མ་ནོར་བར།། ཉམས་སུ་ལོངས་ཤིགས་སྟོན་པའི་རྗེས་འཇུག་པ།།
-
#106
ནོར་ལུག་ཆ་བོ་ཕར་ལ་ཤོར་ནས་ཐལ། །
ཨ་ཁུའི་ཁ་ལ་ཉན་ནས་མ་འདུག་ལོ། །
ནོར་ལུག་ཁ་ཁེར་དོ་དགོང་མ་ཚང་ན། །
རྒན་མོས་ཉལ་ཁ་སྡུག་ན་དཀའ་ནི་རེད། །
-
#105
ནོར་བཅོས
བླ་རྒན་རྩམ་དགའ -
#104
ཞི་མོ་འདི་ཆ་ཅི་ཞིག་མ་ཉན་ནས་ན། ད་ལྦ་རྩམ་དགའ་རྫོག་རྒྱུ་རེད་གོ། བྱ་ངན་འདི་འདྲ་ཞིག་གི་རྐྱེན་གྱིས་ད་ཁ་སང་དེ་རིང་གྲྭ་བ་བརྒྱ་ཆའི་མང་བོ་ཞིག་ལོག་འགྲོ་གི་ཡོད་ནི་རེད། ཨ་ཤུ་རེ་གོ
-
#103
ཨ་ཅ་ཟླ་བས་དེ་རིང་ཆི་ཟེར་གི། །གོང་ལྷ་ཆེན་ཚང་པའི་ཞིང་ཁམས་ནས། །
དམའ་ཀླུ་ཡི་གྲོང་ལ་ཐུག་པའི་བར། །བུ་མོར་མི་འདོད་ཕོ་ཟིག་ཨེ་ཡོད་ལགས། །
གྲྭ་ཁྲིམས་བཙན་པོའི་འོག་ན་ཡོད་གྱུར་ན། །ཨ་ཁུ་རྩམ་དགའ་ཁོ་བོ་སྔོན་ཟིག་ནས། །
དགེ་བསྐོས་ཤིག་གི་དབྱུག་པའི་འོག་ནས། །ཁ་དང་རླིག་པ་འདི་གཉིས་ཚར་སོང་ཡོད། །
བཙུན་མ་ཆ་བོའི་སྒོ་ཁ་ལོས་རྒྱག་ར། །ཨ་ཅ་ཁྱོས་ཀྱང་རུམ་ཁ་ལྷོད་མི་ཉན། །
ཨ་ཁུའི་རླིག་པ་འདི་ཡིས་མི་ཉན་ནོ། །བུ་མོ་བརྒྱ་ཡི་སེམས་ལ་ཡོད་ནི་རེད། །
ཨ་ཁུ་རྩམ་དགའི་སེམས་ཀྱི་རྩེད་རོགས་མ། །ཨ་ཅ་ཟླ་བ་གཡང་ཅན་ཁྱོད་ཀྱིས། །
ཨ་ཁུ་ཁོ་བོ་སེམས་ནས་མ་བརྗེད་པར། །ཨ་རོགས་ཟེར་བཞིན་ཐོན་ནོ་བཟང་ཐལ་ལོ། ། -
#102
གསར་བུ་ཟ་ལེ་ཚང་གི་རྩེད་ར་ན།། ཨ་ཁུ་རྩམ་དགས་སྡུག་གཏམ་བཤད་ནོ་བལྟོས།། བུ་མོ་མང་བོ་བཙལ་ན་འདོད་གོ་ཁུ།། རིན་ཆེན་སྡོམ་པའི་རིན་ཐང་ཉམས་གོ་ཁུ།། ཨ་ཁུའི་འདོད་པའི་རྒྱལ་མཚན་ལང་གོ་ཁུ།། ཨ་ནེ་ཁར་ཁེར་ཚེ་ཐག་ཐུང་གོ་ཁུ།། བཙུན་དགོན་སྒོ་ཆེན་གཏན་ན་ཡག་ཚད་རེད།། ཨ་ཁུ་འུ་ཚུག་ཅན་པོ་འགོག་ཚད་རེད།། བཙུན་མའི་སྡོམ་པ་བདག་པོ་རྒྱག་ཚད་རེད།།
ཨ་ཁུ་རྩམ་དགའི་སེམས་ལ་མ་གནོད།། ཨ་ནེ་བཙུན་མ་དགོང་པ་མ་ཚོམས།། ཨ་རོགས་ཟ་ལེ་ཚང་གི་རྩེ་རར།། ལན་གཅིག་རྩེ་རུ་ཡོང་ན་སྐྱིད་གི། -
#101
ཨ་ཁུ་རྩམ་དགའ་ཕོ་རྒོད་མེད་པས། །
ཞི་མོ་ཆ་བོ་རྒྱང་ནས་བྲོས་འགྲོ་གི །
མཇེ་ངན་འདི་ཡིས་ཧ་ཟིག་མི་གོ་ནོ། །
ར་ཕོ་འདི་ལས་སྡུག་ཟིག་ཡིན་ནོ། ། -
#100
སྦྲ་ཐང་སྨུག་གན་གི་མཐའ་ན། །
རྟ་ཁེ་འདུག་རིག་ནོ་གན་གི །
མགོ་ཐང་ལ་སྒུར་ནོ་བལྟས་ན། །
རོགས་རྩེད་རོགས་དྲན་ནོ་ངན་གི ། -
#99
རྨ་ཕ་རིའི་སྨྱུག་ལུང་ད་ནས།།
སྨྱུ་བཏབ་ནས་ལོ་ར་ཟླ་ཡིན།།
སྨྱུག་སེར་རོ་སྐྱེས་སྟོབས་མེད་ན།།
མདའ་ལི་མ་ངན་ཁག་མ་འཇོག
-
#98
ཁ་ཚིག་སྙན་མོ་ཁུ་བྱུག་འདྲ་ལ། །
ཁ་ཁོག་དོག་མོ་རེའུ་འདྲ་ཟིག །
ཁ་རོགས་མི་འདུག་ཟ་དང་ཟུར་ནས། །
ཁ་ལོག་ཚིག་ལོག་བྱས་ན་ངར་ནོ། །
ཨ་ཁུ་ཟ་ལེའི་རྩེད་ར་སྐྱིད་དང་གཅིག །
ཨ་ཅེ་ཟླ་བ་ཁ་ལྕེ་བདེ་དང་གཉིས། །
ཨ་ཁུ་རྩམ་དགའ་རྒྱོ་ལ་མཁས་དང་གསུམ། །
འདི་གསུམ་འཛོམས་དུས་ལྟོན་མོ་མང་ནི་རེད། ། -
#97
ཨ་ཁུ་ས་ལེ་ཚང་གི་རྩེད་ར་ནས།། ལ་ལ་རྩེ་སྐྱེད་བྱས་ན་སྐྱིད་ནི་གི། རྩེ་རོགས་རྩམ་དགའི་ལ་ལ་སྙན་ནི་གི། ཁ་ཚིག་དྲོན་པོའི་བྲོ་བ་བཟང་ནི་གི། ཆུང་དུས་རོགས་ལོ་ཡིད་ནས་བརྗེད་སོང་སིག།
-
#96
རོགས་ཆུང་ལོ་སྔྱིང་ལ་རྗེ་བོ
-
#95
ངའི་ན་ཟླའི་རོགས་ལོ་ཤོད་ལ།།
རོགས་དུས་གནམ་གི་ངོར་ལྟོས།།
གནམ་རྒྱ་འཁྲུག་བྱེད་ན་མ་ཡོང་།།
ཆར་ཟམ་ཟིམ་ཚེགས་ལ་མ་འཛེམས།།
-
#94
ཁ་ཐག་རིང་ཡང་སེམས་ཐག་ཉེ་བའི། །
དྲ་གྲོགས་ཁྱེད་ཚོ་ཡོང་རྒྱུ་དཀའ་ནོ། །
ལམ་འགྲོ་རྫིད་པོ་ཞིག་ལ་ཐུག་ནས། །
ཨ་ཁུ་རྩམ་དགའ་བརྗེད་ནི་མི་འགྲོ ། -
#93
ཨ་ཁུ་རྩམ་དགས་ཉིན་ཤས་སྔོན་ནས། །
བུ་མོ་ཁྱོད་ནི་ཡོང་རྒྱུ་འདོད་ནས། །
ཉིན་སྒུག་མཚན་སྒུག་བྱས་ནས་བསྡད་ཀྱང་། །
ད་བར་རིག་རྒྱུ་མེད་ནོ་ཆི་ཟིག་རེད། །
ད་ནས་ཡོང་རྒྱུ་མིན་ན་ཡོང་འདོད་བཤད་ནས། །
ཨ་ཁུའི་སེམས་ནང་དཀའ་ངལ་མ་འཇོག་དྲིན་ཅན་མ། །
རླུང་དྲག་ཆའི་ཁྲོད་དུ་སྒུག་ནས་འདུག་རྒྱུ་དེ། །
དཀའ་མོ་ཡིན་ནོ་བུ་མོ་ཁྱོས་ར་ལོས་ཤེས་སྙམ། ། -
#92
སྦྲང་དཀར་རྩམ་པའི་ཁྱོད་མ་ངོམ་ན།
ལྡ་ལིའི་ལྡེ་གུས་ལྟོ་བར་མི་ཁེངས་བས།
རྒྱུ་མའི་མཐུལ་ནས་ལ་གཞས་ཐར་ཐོར་རེ།
ཤུགས་ཀྱིས་ཇི་ལྟར་བླངས་རུང་མི་གོ་གི། -
#91
སྦྲ་དཀར་འོ་མར་འདྲ་བའི་རྩམ་པ་ཟོས་ནས། །
ལང་ཚོའི་རང་བཞིན་དར་བའི་ཨ་ཁུ་ཚང་གི །
མཇེ་འདིར་མཐོང་ན་ཟླ་བ་དབྱངས་ཅན་ཁྱོད་ར། །
ཨ་ཁུ་རྩམ་དགའི་ཁ་ལ་ཉན་ནི་རེད་ཀོ ། -
#90
གནམ་སྔོན་པོ་གུར་ཁང་འོག་གི །
གཡུ་ལོ་མའི་རྩྭ་ཐང་སྟེང་གི །
སྦྲ་ཐང་སྨུག་་གན་གི་ནང་ན། །
མ་བུ་མོ་དབྱངས་ཅན་འདྲ་བའི། །
དུང་ནུ་མ་བུམ་ཆུང་འདྲ་ལ་། །
སྐྲ་ལན་བུ་ཕྲག་ཏུ་འཕྱངས་ཤིང་། །
བཞིན་འཛུམ་ཆུང་ཟླ་ལས་ཡག་པའི
ངའི་ཆུང་འདྲེས་རྩེད་རོགས་ཚང་གི །
སྦྲ་སྨྭག་ཆུང་ཡིད་ལ་དྲན་གི །
