ཨ་མའི་ཉལ་སའི་ནང་ལ། ཨ་ཕ་ཤོང་དགོས།
ཇག་པ་བཙན་རུང་། སྐྱག་པ་གཏོང་དགོས།

-
#8
རོགས་ལོ་ཤོག
-
#7
ཡ་ཡ་ཡ་་ཡ་གོ་ཡ་
ཡ་ད་འཇིག་རྟེན་ས་ཆགས་ནས་ཟེར་ན་མི་ཤེས་ར་་ཡེ་སྤྱི་ཚོགས་རྙིང་བའི་རིང་ནས་བུད་ལེ་ཁྱེད་ཀ་མགོ་ཉོག་སྡེ་བ་དང་འབའ་ཐང་སྡེ་བ་གཉིས་ཀ་གཉེན་དར་སྲོལ་ཡོད་གྲལ་སྒྲིག་སྲོལ་ཡོད་
ད་དེ་རིང་གནངས་ཀ་འབའ་སྐེད་ཉག་ཀ་གན་གི་དོན་ན་སྡེ་བ་གཉིས་ཀའི་བར་ལ་ཕ་བུས་དམར་འཛིང་བྱས་མ་བུས་ཇོ་འཛིང་བྱས་བསྡད་ལེ་སྡེ་བ་གཉི་ཀའི་བར་ལ་ཁྱག་གི་འཁོར་ལོ་ཞིག་བསྐོར་ནོ་འུ་གཉིས་ཀ་མི་གསའ་ཟེར་རྒྱུ་ཆེས་ཡོད།
ད་རྐྱེན་ངན་གྲོགས་གི་ལོག་ཟེར་ན་འགྲིག་གི་་་་གང་ལྟར་གྱོད་གི་རྨ་ཁ་གཉེན་གིས་གསོས་ཟེར་ནོའི་དཔེ་ལྟར་ར་་་ཡེ་་ཁྱེད་གི་ཞི་ལུ་མགོ་ལེ་རྒྱ་དང་ཨ་མྱེ་སྐོ་ལེ་ཚང་གི་ལུ་གུ་སྐྱིད་གཉིས་ཀ་རང་དབང་རང་འཐད་ཡིན་ནོ་རྒྱུ་མཚན་ཚང་མ་གསའ་ནི་རེད་ཟེར་ནོ་།
དེ་ཡིན་ན་དེ་རིང་ང་རྒད་པོ་རྟ་ར་ར་ཡིན་ཟེར་ནོ་སྒ་ཁྱ་ཁྱ་ཡིན་ཟེར་ནོ་་་འདི་ན་ཆང་ཕང་ཁ་ཏགས་ཤིག་ཡོད་ཟེར་ནོ་་་འདིའི་ཁ་ཕྱེ་་ར་ད་འུ་དལ་མོ་ཡེ་ཁ་བརྡ་ཡེད་ཡ་་་ -
#6
ཡ་ཡ། གོ་ཐལ་གོ་ཐལ། ད་ཇ་གང་འཐུང་ར། གཏམ་དལ་མོ་ཡེ་ནས་བཤད། ང་རྒད་པོ་སྐྱེས་ཀི་སྔ་བ་མ་རེད་ར། འཆི་གི་བཞུག་མ་རེད། ང་རྒད་པོ། ཚེ་ཕྱི་མ་འགྲོ་དུས་སེམས་བརྟན་ཞིག་ཡོད་ནོ། ལ་རིང་བོར་འགོ་དུས་ལག་རྟེན་ཞིག་ཡོད་ནོ་ཞི་ངན་མ་འདི་ཡིན་ར། ཡིན་ན་ར་ཁོ་ཚོ་རང་དབང་རང་འཐད་ཡིན་ན། ཧ་ལོ་མ་ལོས་གྲོས་ཤིག་བྱེད་ལ། གཅེས་ལོ་མི་སྡུག་ཐབས་ཤིག་བྱོས་ར་། ང་རྒད་པོ་འཆི་ཐབས་ཐུབ་ནི་རེད། ཡ་ཡ། ཁྱོས་ཇ་འཐུང་། ཇ་འཐུང་།
-
#5
ཡ་ད་ངས་གཏམ་ཟིག་བཤད་ན་གཏམ་ཟིག་བཤད།
ང་དེ་རིང་ཨ་ཁུ་ཟ་ལེ་ཚང་གི་སྒོ་ཁའི་བུད་ལེ་གོ་ཁའི་རྩོག་དོན་ངས་མ་བཤད་ན་ར་ཁྱོས་ལེ་ཤེས་ཟེར་ནོ།
ད་ནངས་ནམ་ལང་གི་དང་བོ་་ཉི་ཤར་གི་རྩེ་མོར།
ང་རྒད་པོ་ལྷ་སྐྱབས་རྒྱ་ཟེར་གོ་་་ད་གི་ཅིག་མཚོན་རྒྱུ་ན་་འབའ་ཐང་ཨ་མྱེས་སྐོ་ལེ་ཚང་གི་འཕང་གི་མདའ་ཡིན་བཅོལ་གི་མྱི་ཡིན་ཟེར་ནོ། སྟེང་འདི་ནས་ཁྱེར་ན་་་ད་གི་ཅིག་གི་་་་་་
ང་དགའ་ནས་གླ་བོ་བྲག་ལ་ལྡང་ནི་མིན་ང་སྡུག་གེ་ན་སྐོང་ཆུ་ཡིས་བཀང་ནི་ཡིན་ཟེར་ནོ།
ང་བོང་རྒན་འདུར་ར་དགའ་ནི་མིན་ར་་ང་རྒྱུན་ལྕགས་ཕྲ་མོས་འདུག་གི་མ་བཞུགས་ཡིན་ཟེར་ནོ་
ད་གི་ཅིག་གི་དཔེ་མཚོན་རྒྱུ་ན། གཏམ་ཁ་ལྕེ་ཅན་ཟིག་ང་མིན་ཟེར་ནོ་་བློ་ཁོག་རྒྱ་ཅན་ཞིག་ང་མིན་ནོའི་སྟེང་ནས་་
ཁྱོད་ཨ་ཁུ་ཟ་ལེ་ཚང་གི་ང་ཁྱུས་ར་སྙིང་ཁྱུས་རེ་གཏོང་མི་ཉན་ཟེར་ནོ།
ད་ངས་བརྒྱ་བཤད་ཚིག་གི་རྩ་བ་ཆི་ཟིག་ཟེར་ན་་་འབའ་ཇང་ཨ་མྱེ་སྐོ་ལེ་ཚང་ར་ཁྱེད་ཁ་གཉི་ཀས་མྱེ་རྟགས་ཆུང་དུས་ཕུ་རུང་ནང་ནས་བསད་ན་ཧྲ་གི་པ་ཟེར་ནས་ང་དེ་རིང་ཡོང་དོན་དེ་ཡིན་ཡ་་་་་། -
#4
གཏམ་རྒད་པོས་བཤད་རྒྱུ་བོ་རྒན་མོས་མ་བཤད།
ཁྱི་བདག་པོས་འགོག་རྒྱུ་བོ་རྐུན་མས་མ་འགོག -
#3
ཤ་ཁྲག་ལགས། དེ་ནི་རི་བོང་ཡིན་པ་འདྲ།
-
#2
ཙན་དན་སྡོང་བུ་སྐྱེས་ཤུལ་ན།
ཙ་གེ་ཙིག་གེ་འདྲ་རྒྱུ་ཡོད།
བྱུ་རུ་དམར་ཆུང་འཐོར་ཤུལ་ན།
ཙ་གེ་ཙིག་གེ་འཐུ་རྒྱུ་ཡོད། -
#1
གཉིད་ན་མིག་མི་བཙུམ། ཟས་ན་སྔོ་རིག་ཟ། ཅི་འཁེལ།
་ རོགས་ཆུང་ལོ་སྙིང་ལ་རྗེ་བོ།
ཟ་ལེ་རྒྱལ།

