གངས་ཀྱི་རི་བོ་མིག་གིས་མ་མཐོང་ཞིང་།།

ནགས་ཀྱི་སྟག་ལ་ད་དུང་མ་ཐུག་པའི།།

མཁའ་ལ་འཕྱོ་བའི་སེང་གེ་མཐུར་མེད་ཅིག།

རི་དྭགས་རྒྱལ་བོའི་ཁྲི་ལ་འཛེག་པར་བྲེལ།།

ཅི་ཁེད།

 

ཡོང་འབབ་འགྲོ་སོང་གཉིས་ཀ་མི་མཐུན་པའི།།

ཨ་ཞང་ཚང་གི་རྩིས་བ་ཡ་རབས་ཞིག།

ཡ་གིའི་རྒྱལ་བོའི་ཁྲི་སྟེང་མཐོན་པོ་ནས།།

ཟེགས་ཏེ་རྒན་རྒོན་ཀུན་གྱི་སྐེ་ལ་ལྷུང་།།

ཅི་ཁེད།

 

སེམས་ཤུགས་འཕར་ནས་མིག་ཆུ་ཤ་ར་ར།།

ལུས་ཤུགས་རྒྱས་ནས་གཟུགས་པོ་ཡོམ་ཡོམ་ཡོམ།།

དད་པ་སྐྱེས་ནས་དགོན་ན་སྒུར་སྒུར་སྒུར།།

སྐུ་འགྱེད་སྒོར་མོ་རུམ་ན་ཐ་ར་ར།།

ཅི་ཁེད།

 

ལྷ་རྒྱལ་རི་བོའི་འགྲམ་ངོས་ལེབ་མོ་དེར།།

ནོར་གནག་བཞི་བཅུའི་རྫི་བོ་དཔེ་མེད་ཅིག།

སེང་སྟག་དོམ་གསུམ་འགྲང་བའི་ཁ་གཏད་ན།།

རེ་བ་རུམ་གང་ཉར་ནས་གཡང་འབོད་བྱེད།།

ཅི་ཁེད།

འདོན་སྤེལ།: ༢༠༡༠/༠༩/༢༤

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།