༡
ས་སྒང་མཐོན་པོའི་རྩེ་ལ་གནས་ནའང་།།
ཁྱིམ་མཚེས་ཚང་གི་འཇབ་དམག་མ་མཐོང་བར།།
མ་ཅང་རྩེད་མོར་གཡེང་བའི་མི་རིགས་ཤིག།
མུན་ནག་བཙོན་ལ་ལྷུང་བའི་ལོ་ཚིགས་ཅི།།
༢
ས་ཡ་དྲུག་གིས་བདམས་པའི་རེ་བ་ཅན།།
འཕྲུལ་རྟ་རླུང་ནག་འཚུབ་མའི་གཤོག་པ་ཅན།།
ཐག་རིང་ཟས་ཀྱི་མགྲོན་པོ་ཨོ་སྒོར་ཅན།།
ཟ་རོགས་འཐུང་རོགས་ཁྱི་སྤྱང་བཅུ་གཅིག་ཅན།།
ཅི་ཁེད།

