ཐོབ་གོ་ས་མཐོ་གང་མེད་ལ༎
སྡུག་མ་ལེགས་བྱུ་རུའི་ཏོག་ཞིག།
རྒྱུ་ནོམ་པ་རྒྱ་གང་མེད་ལ༎
སྡུག་མ་ལེགས་རྒྱ་རྡོ་ཆ་ཞིག།
ཅི་ཁེད།

 

ཚིག་གཅིག་གི་ཁྲོལ་སྒོ་མེད་ལ༎
སྡུག་མ་ལེགས་ཁ་ན་ལྕེ་ཞིག།
རྒྱུ་ར་མ་རེའུ་ཞིག་མེད་ལ༎
སྡུག་མ་ལེགས་འཆའ་རྒྱུ་ཤ་རེད༎

ཅི་ཁེད།

བྱི་ལི་ཚོས་མ་ཁེད་ན་རུ་གཉིས་དགོས། བྱི་མོ་ཚོས་མ་ཁེད་ན་རུ་སྟེར་མི་དགོས་རང་ང་བཤད་ལ།

ཧཧཧཧཧ།

ཁེད་བཤད་མཁན། གློག་ཞགས་ཡིན། 

 

ཤི་ཤི་ཡ་ཡ་ཤིང་གི་རྔ་མ་ཅན།།

གནའ་ཤི་ད་བརྒྱད་གོ་ཡི་རྣ་ལུང་ཅན།།

ཨ་བ་ཨ་མ་ལྕགས་ཀྱི་མཆུ་ལུ་ཅན།།


ཅི་ཁེད།

 

ཁེད་བཤད་མཁན་མགོན་ཐོ་ཡིན།

  • loading
  • #6

    བོད་ཁྲག (Monday, 05 July 2010 10:57)

    རིམ་ང་མའི་རིང་ན་མེད་དྲ ། ཁྱི་ཞིག་གི་ཕོ་ལ་མི་ཐུག

    ཁེད་ན་ཁེད་གཅིག མ་ཁེད་ན་རུ་གཅིག

  • #5

    རྡོ་རྗེ་རྒྱལ། (Thursday, 10 June 2010 07:00)

    གྲོགས་པོ་ཚོ་ལ་ཞུ་རྒྱུ་ཞིག ཅི་ཁེད་ཟེར་བ་དེ་ ཅི་རེད་ཟེར་བའི་སྐད་ཆ་རེད་པས? ཡང་ན་གབ་ཙིག་ལ་བོད་ཀྱི་ཡུལ་སྐད་ནས་ཅི་ཁེད་ཟེར་བ་ཡིན་ནམ། གནས་སྐབས་སུ་གབ་ཚིག་གང་ཡང་འཇོག་རྒྱུ་མེད། དྲི་བ་དེའི་ལན་ཞིག་གསུངས་རོགས

  • #4

    གནམ་ལྕགས། (Tuesday, 23 February 2010 06:06)

    ཀྱ་མ་ཀྱུ་ཡི་ལྕགས་ཀྱི་མཇེ་ངན་ཞིག།
    ཁུངས་བུ་མེད་པའི་ཤིང་གི་སྟུ་ཞིག་ལ།།
    གཡས་ལ་དཀྱུས་ནས་རྩ་ལ་གཏུགས་བྱས་ནས།།
    གཡོན་ལ་བསྐོར་ནས་ཕྱི་ལ་ཕྱུངས་འདི་ཅི།།

    ཟ་ལེ་ལགས། འདི་ཁྱོད་ཀྱི་དྲ་ངོས་སུ་འཇོག་རོགས། ངའི་ཁེད་གསར་བ་ཡིན།

  • #3

    མགུར་རྒྱང་འཐེན། (Wednesday, 06 January 2010 09:06)

    དང་པོ། ཨ་ཇོའིམཇེ་རེད།
    གཉིས་པ། ཨ་ཅེའི་རྙ་མ་རེད།
    གསུམ་པ། ངའི་མེ་མདའ་རེད།

  • #2

    ཟ་ལེ་རྒྱལ། (Wednesday, 07 October 2009 14:24)

    གློག་རེད།

  • #1

    གཡུ་སྦྲང་། (Tuesday, 06 October 2009 22:26)

    བསྡམས་དང་ན་སྤར་ར་གང་།
    བཏང་དང་ན་ཁྱིམ་གང་།
    ཅི་ཁེད།