གཉིད་མི་ཁུག་པའི་ནམ་མཁའ།

                                                གློག་ཞགས།

ཁོར་ཡུག 
སུན་སྣང་གིས་བསྐོར་པའི་སྐུད་ཕང་ཇི་བཞིན

གླེན་ལྐུག་གི་སྐད་ཆ་མང་བོར་བདེན་ཁ་བྱིན་ནས་ཐང་ཆད་སོང

མ་གཞིར 
ཚེ་སྲོག་ཆུང་ཆུང་ཚོ་ནམ་མཁའི་ཧམ་པ་རེད

ཐང་ཐང་གི་སེམས་པའི་གུས་བརྩི་མང་བོ

ཚེ་སྲོག་ཆུང་ཆུང་ཚོས་ཐེག་མི་ནུས་པའི་བདེན་པའི་ནག་ཉེས་རེད


ང་ཐང་ཆད་སོང 
དམར་སྨུག་གི་སེམས་པ་རྫུན་མ་འདི་ཚོར

ང་ཐང་ཆད་ཡོང 
རྩྭ་ཐང་ཟོས་མྱོངས་པའི་སྐྱུག་ལྡད་འདི་ཚོར

ང་ཐང་ཆད་སོང 
གཤོག་སྒྲོ་མེད་པའི་ནམ་མཁའ་འདིར

སྐྱོ་བ་དབུགས་ཀྱིས་བཅད་ཅིང
དུང་བ་མེ་རུ་འཆོར་དུས

སྤྲང་ཕྲུག 
ཁྱོད་སུ་ཞིག་གིས་ཐང་ལ་བཏང་བའི་ནམ་མཁའ་ཡིན



སེམས་པའི་ཁོངས་གསེང་ལ་ཁེར་ལམ་སྐྱུར་མོ་ཞིག་འཐེན་པ་ནས་བཟུང

ང་འདི་ལྟར་སྐྱོ་ལྷང་ལྷང་གིས་འགྲོ་དགོས་བྱུང

ཕལ་ཆེར 
མི་ཡུལ་ནས་རྙེད་མི་ནུས་པའི་ཞེ་འདང་དང་ཕྱི་ཐག་རེ་རེ

ངའི་དྭངས་གཙང་གིས་བོར་སོང་བའི་ལག་ཡོང་ཡིན



ས་མཐའ་དང་མི་མཐའ་འདི་རུ

ཐ་མག་གི་ཁེར་རྐྱང་མྱིད་ཐེངས་རེ་རེ

ངུས་མ་མྱོང་བའི་གངས་རི་ཡིན་ལ

བགད་མ་མྱོང་བའི་གངས་རི་ཡིན

འདི་དག་ཐམས་ཅད་མཚོ་སྔོན་པོ་ཡིན

མཚོ་སྔོན་པོ 
ཐ་མག་གིས་འཁྱིལ་བའི་དུ་སྤྲིན་ཡིན



མི་ཚོགས་དང་རྫུ་བག་གི་ཁྲོད་དུ

དབུ་ཆང་རང་ཉིད་ལ་གཏད་ཐེངས་རེ་རེར

རྒས་བཞིན་པའི་ཨ་མ་དང་སྦྲ་འདབ

དྲན་བཞིན་པའི་ཕུ་ནུ་དང་མིང་སྲིང

ད་དུང 
བསྐྱུར་ཡོང་བའི་ཆུང་འདྲིས་དང་རྩྭ་ཐང

འདི་དག་ཐམས་ཅད 
རྩྭ་ཐང་ན་ཡལ་བཞིན་པའི་མཚོ་སྔོན་པོ་ཡིན

མཚོ་སྔོན་པོ 
ངས་ཤུགས་ཀྱིས་དྲན་མི་ནུས་པའི་སེར་སྣ་ཡིན



མཐོ་སྒང་ལ་འཁྱག་གིས་འབྱར་བའི་གངས་རི་དང་སྨིག་སྤྲིན

རྩྭ་ཐང་ལ་ཨུ་ཚུགས་ཀྱིས་བཞུར་བའི་རྨ་ཆུ་དང་འབྲི་ཆུ

གསེར་ཟངས་གང་རུང་གི་སྨྱུག་རྩེ་ནས་ཟད་སོང་བའི་པོ་ཏ་ལ

ད་དུང 
ཕྱི་མིག་གིས་འཁྲེང་བའི་ཡུམ་བུ་བླ་སྒང

འདི་དག་ཐམས་ཅད 
སྐྱིད་ཆུ་ལྐུག་སོང་བའི་དབྱར་གཞུང་དེའི་གད་མོ་རེད

འདི་དག་ཐམས་ཅད་བསམ་ཞིང 
འདི་དག་ཐམས་ཅད་མྱིད་དུས

སྤྲང་ཕྲུག 
ཁྱོད་ཅི་ཞིག་གི་ལྗིད་ཁོག་མི་ཐེག་པའིི་ས་གཞི་ཡིན


(
གཡུ་ཞུན་དྲ་བ་ལས་དྲངས།) 
 

 

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།