ཟ་ལི་རྒྱལ་གྱི་ལོ་རྒྱུས་བྱ་འཕུར་མ།
ང་རོ།
བྱང་ཕྱོགས་བྱ་ཁོག་ཅིག་ནས་སྐྱེས་ནི་མ།།
བ་ལ་ལ་བཏགས་ན་རོའི་མིང་ཅན་མ།།
རང་ལོ་རང་གིས་མ་གཏོགས་མི་ཤེས་མ།།
གདོང་དམར་བོད་པའི་མི་རྒྱུད་ཡིན་ནི་མ།།
ད་ལྟ་ཧྥ་རན་སི་ན་ཡོད་ནི་མ།།
ཡུལ་ལ་ཐེངས་མ་ཆ་རེར་སོང་ནི་མ།།
བྱ་ཁོག་ལོ་རྒྱུས་ཐོག་ན་ཡོད་ནི་མ།།
ས་ཆ་ལ་ལར་སྐད་གྲགས་ཆེ་ནི་མ།།
སྐུ་གཟུགས་ཧ་ཅང་ཆེ་རྒྱུ་མེད་ནི་མ།།
འགྲམ་པ་གཡས་ན་རྐོ་དོང་ཡོད་ནི་མ།།
རྒྱུ་པྭ་གཉིས་ཀ་ཅུང་ཙམ་ཀུག་ནི་མ།།
ཁ་རྒོད་ཟེར་ནོ་ཧ་ཅང་ཡིན་ནི་མ།།
ཁ་ཤགས་རྒན་པོའི་དགའ་རོགས་འཕྲོག་ནི་མ།།
ཆུང་སྐྱིད་མདུན་ནས་རྐང་སྣམ་འཕུད་ནི་མ།།
ཆང་རག་འཐུང་ན་སྐད་མགོ་མཐོ་ནི་མ།།
རོགས་པ་ཆ་ཁར་ཧ་ཅང་འཆམ་ནི་མ།།
ཁ་མཚར་འབྲི་དུས་ཁ་ཚིག་རྣོ་ནི་མ།།
ཡིག་རྩལ་འབྲི་དུས་སྙུག་ཁ་མགྱོགས་ནི་མ།།
ཨ་རག་འཐུང་དུས་ཁ་ལག་མི་དལ་མ།།
ནམ་གུང་ཡིན་ཡང་ཡར་ལ་ལངས་ནི་མ།།
ག་དུས་ཡིན་ཡང་དགོད་ཁ་སློང་ནི་མ།།
འགྲོ་དུས་འདུག་དུས་རྗེས་ལ་ལུས་ནི་མ།།
རྩེད་མོ་རྩེ་དུས་ཞེ་དྲག་མི་འབྱོར་མ།།
ཏ་སི་རྩེ་དུས་མཚམས་རེར་ཁྲོ་ནི་མ།།
ཨ་ཁུ་བྱམས་པའི་ཤག་རོགས་བྱས་ནི་མ།།
པི་ཏིའི་ཡུལ་ནས་དགེ་རྒན་བྱས་ནི་མ།།
ད་ལྟའི་རྒན་མོར་དེ་དུས་རྙེད་ནི་མ།།
ཆུ་རྐྱལ་བྱེད་དུས་མཆུ་སྒྲོས་སྦྱར་ནི་མ།།
ལ་གཞས་བླངས་ན་ལ་སྐད་མི་ཤེས་མ།།
གླུ་དབྱངས་བླངས་ན་སྐད་ངག་མི་བདེ་མ།།
ཙ་ར་ཙེ་རེ་ལེན་གི་འདུག་ནི་མ།།
ནམ་རྒྱུན་འ་ཡ་འ་ཡ་ཟེར་ནི་མ།།
དར་ལམ་འདེད་དུས་ཐང་ང་རྒྱག་ནི་མ།།
ན་ར་ནེར་རེར་ཡར་ལ་ལངས་ནི་མ།།
ངར་ངར་བྱས་ནས་རྐང་པ་བརྡབ་ནི་མ།།
སྔོན་མ་ནང་བཞིན་ཐང་ང་རྒྱག་ནི་མ།།
མཇེ་ངན་ཟེར་ནོ་ཅིག་གི་ཆུང་ནི་མ།།
ཁ་ངན་ཟེར་ནོ་ཅིག་གི་རྒོད་ནི་མ།།
དྲ་ཚིགས་བརྒྱུད་ནས་འཁྱམས་ཉུལ་བྱེད་ནི་མ།།
གང་ས་གང་ལ་ཁ་རྩོག་གཏོར་ནི་མ།།
ཞག་ཚིལ་ཟས་ན་ཞེ་དྲག་མི་འཆུན་མ།།
ཇ་རྐྱང་འཐུང་བར་ཧ་ཅང་དགའ་ནི་མ།།
ལྡ་ལི་འཐུང་དུས་སྡིགས་སྨྲེ་འདོན་ནི་མ།།
གནའ་ཤོ་གནའ་ཤོ་ཁ་ཚིག་ཡིན་ནི་མ།།
མ་རབས་ཡིན་ནོ་ཡིད་ལ་མི་དྲན་མ།།
མ་རབས་རྡོ་རྗེ་གྲོགས་པོ་ཡིན་ནི་མ།།
མ་བོས་ན་ཡང་འགྲོན་ལ་དགའ་ནི་མ།།
མ་རབས་བྱས་ནས་ཕྱིར་ལ་ཕུད་ནི་མ།།
ཟ་ལི་རྒྱལ་ལགས། འདི་ནི་ཁྱེད་ཀྱིས་ཁྱིམ་གཞི་བཟུང་བར་རྟེན་འབྲེལ་མཚོན་བྱེད་དུ་ཁ་བཏགས་སྐྱ་ལི་ཞིག་གི་ཚབ་ཏུ་ཡིན། ཡར་ལ་བཤམ་མི་བཤམ་ཁྱེད་རང་གི་འདོད་པ་ཡིན། ངོ་མ་ཡིན། ཁྱེད་རང་གི་འདོད་པ་ཡིན།

-
#1
ང་རོ་ང་ཡི་ལོ་རྒྱུས་ཤེས་ནི་མ།།
ང་ལ་ངོ་མས་ཆ་རྒྱུས་ཡོད་ནི་མ།།
ས་ར་བྲིས་ན་སྲའི་ཡིན་འདྲ་མ།།
གངས་ལམ་དེད་པའི་རྐང་རྗེས་ཡོད་ནི་མ།།
གང་ནས་བྲིས་ན་དེ་ནས་ཤེས་ནི་མ།།
མཛུབ་མོ་ལྔ་བོ་འདྲེ་ཡིས་བཟུང་འདྲ་མ།།
ལོ་རྒྱུས་རི་མོ་སེམས་ལ་བྲིས་འདྲ་མ།།
ང་རོ་ཞེས་བའི་ངོ་སྤགས་གོན་ནི་མ།།
སུ་ཡིན་འདི་ཡིན་ཤེས་རྒྱུ་མེད་ནི་མ།།
