གངས་རི་དཀར་བོའི་ཚུར་རོལ་ན།།
གངས་རི་དཀར་བོའི་ཚུར་རོལ་འདི་ན་ཡུལ་མེད་སྐྱ་བྷ་མང་ནི་རེད།།
ཁ་བ་ཅན་ནས་མཁས་རྟགས་བསྟན་རབས་ལོ་རྒྱུས་རྫུན་མ་ཡོད་ནི་རེད།།
གོ་སྐབས་བྱུང་ན་ཤེས་འཇོན་ཡོད་རབས་ཁ་རྒྱགས་འཐེན་ན་ངར་ནི་རེད།།
ལག་ལ་བཞག་ན་སྐུད་པ་ཞིག་གི་མདུད་པ་གྲོལ་རྒྱུ་དཀའ་ནི་རེད།།
ཉི་མ་ཞིག་ལ་སྤྱང་ལྟོགས་བཞིན་དུ་ཨ་མར་ཐུག་གི་འགྲོ་ནི་རེད།།
ལག་སྟོང་སྐམ་པོ་མཆན་ལ་བཙུར་ནས་བཀྲ་ཤིས་བདེ་ལེགས་ཟེར་ནི་རེད།།
ཧིན་བོད་དབྱིན་གསུམ་མཉམ་དུ་བསྡུར་ནས་གཞུང་ལུགས་སྦྱངས་རབས་བཤད་ནི་རེད།།
དྲི་བ་དྲིས་ན་ངོ་མདངས་ཤོར་ནས་མགོ་བོ་སྒུར་ཏེ་འདུག་ནི་རེད།།
ཕ་མ་དྲན་ནས་ཟས་ཀྱི་ཡི་ག་རྒྱུན་དུ་འགག་རབས་བཤད་ནི་རེད།།
མི་རིགས་བསམ་ནས་དཀའ་ལས་བརྒྱབ་རབས་རིགས་འདྲ་མཚུངས་འདྲ་མང་ནི་རེད།།
ཟ་དང་ཟུར་ནས་རྫུན་གྱི་རྔ་མ་ག་ས་གང་ནས་འཇུར་ནི་རེད།།
བཤད་ཀིན་བཤད་ཀིན་ཕ་མ་གཉིས་ཀ་ཡིད་ནག་གཏིང་ནས་འཆད་ནི་རེད།།
སྐྱག་ཕྲུག་མ་ཡོང་མར་སོང་ཟེར་བཞིན་རྡོ་དང་དབྱུག་པས་རྒྱག་ནི་རེད།།
སེམས་ཅན་ཚང་མས་ལྟད་མོར་བལྟས་ཏེ་ཧ་ཧའི་གད་མོ་དགོད་ནི་རེད།།
ད་དུང་ལྟ་བ་མཐོ་རབས་བཤད་དེ་མྱི་ཡི་གྲས་ལ་འཚང་ནི་རེད།།
མཛེས་མ་རིག་ན་ཧ་ལོ་ཟེར་བཞིན་ཧ་ཅང་མཁས་མདོག་སྟོན་ནི་རེད།།

