ཀློག་པ་པོ་རྣམ་པའི་དགོངས་ཚུལ་ནི་ངའི་དྲ་བ་འདིའི་ཡོང་འབབ་ཆེ་ཤོས་དེ་ཡིན་པས། རང་ཉིད་གྱི་བསམ་ཚུལ་ཚང་མ་སྨྱུག་ཁ་ནས་ཐེ་ཚོམ་གྱིས་མི་འགོག་པར་ཐད་ཀར་ངའི་དྲ་བར་འབབ་པའི་རེ་བ་བྱེད་ཀྱིན་ཡོད། བསམ་ཚུལ་ཚང་མ་གསང་གཏམ་ཡིན་མི་དགོས་ལ་བསྟོད་སྨད་གཉིས་ཀའི་གང་རུང་ཞིག་ཡིན་དགོས་བའི་ངེས་བའང་མེད་ནའང་། དོན་དམ་པའི་སྙིང་གཏམ་ཞིག་ཡིན་ན་ཅ་མ་རུང་འདོད་ཀི་ཡོད།
གངས་ལྗོངས། (Monday, 24 October 2011 09:49)
གསལ་ལེ་རྒྱལ་ལགས། ཁྱེད་དྲ་བའི་སྟེང་ན་དགོད་སྤྲོ་བའི་གཏམ་གླེང་མང་གི་ཀློགས་རྒྱུ་ཡོད་་་་བཀྲ་ཤིས་ནས།
dorjee (Tuesday, 17 May 2011 17:15)
ཁྱེད་ཀྱི་དྲ་བ་འདི་དེ་རིང་ངས་ཐེངས་དང་པོ་མཐོང་བ་ཡིན། ཁྱོད་ངས་ངོ་མི་ཤེས་ཀྱང་མི་དྲང་མོ་ཞིག་ཡིན་པའི་བཟོ་ལྟ་འདུག། ལྷག་པར་དུ་ཁྱེད་ཀྱི་རྩོམ་ཡིག་ཀློག་དུས་ང་ལ་ཚོར་བ་དེ་འདྲ་ཞིག་ཡོང་གི་འདུག། ཁྱེད་ཀྱི་སྐུ་ལུས་བདེ་བའི་སྨོན་འདུན་ཞུ།
གསལ་ལེ་རྒྱལ། (Saturday, 12 February 2011 07:42)
མི་ལོ་བཅུ་བདུན་གྱི་སྔོན་ལ་འདྲིས་བའི་གྲོགས་པོ་ཕྱི་ཐག་ཅན་ཨ་སྐར་ཆེན་ལགས།
ཁྱོད་རང་སྐུ་བདེ་མོ་ཡིན་ནམ། ངེད་གཉིས་འདི་རུ་གློ་བུར་དུ་ཐུག་པར་ཤིན་ཏུ་དགའ། ད་དུང་ཡང་ཡང་ཕེབས་དང་སྙིང་གཏམ་དང་གསང་གཏམ་ཡུན་གྱིས་བཤད།
ཨ་སྐར་ཆེན (Saturday, 12 February 2011 05:10)
སྐུཞབས་ས་ལེ་རྒྱལ་མི་ལོ་བཅུ་བཅུན་གྱི་རྗེས་ནས་ངས་ཁྱེད་ཀྱི་གནས་ཚང་རྙེད་བྱུང་། དངོས་གནས་དགའ་བོ་བྱུང་། ངའི་ཁྱེད་ལ་ཁ་བརྡ་ཞིག་བྱེད་འདོད་མོད་གླིང་མོད་གང་འདྲ་ཞིག་ནས་བྱེད་དགོས་པ་ཤེས་མ་སོང་།
གསལ་ལེ་རྒྱལ། (Wednesday, 24 November 2010 18:18)
གྲོགས་པོ་ཚེ་དགའ་ལགས་ངའི་དྲ་བར་ཕེབས་པར་ཐུགས་རྗེ་ཆེ།
ཀློག་འདོད་པ་རེ་ཡོད་གང་འདོད་ལྟར་ཀློགས་རོགས།
ད་དུང་ཁྱངས་བསྒྲགས་བྱས་བར་དེ་བས་དགའ།
ཚེ་དགའ། (Tuesday, 23 November 2010 01:54)
ཨ་རོག་གསལ་ལེ་རྒྱལ།
དེ་རིང་ཁྱོད་ཀྱི་རྩོམ་ཡིག་མང་པོ་ཞིག་ལྟས་ནས་སེམས་པ་དངོས་གནས་འགུལ་སོང་།
ཧྥ་ཡིག་ནང་ལ་སྒྱུར་མཁན་ཁྱོད་ཡིན་པས།
ཧ་ཅང་དགའ་པོ་བྱུང་།ད་ལྟ་ནས་ཁྱོད་ཀྱི་དྲ་ཚིག་ཤེས་བས་མུ་མཐུས་དུ་ཡོང་གི་སྡོད།་
ང་ཚོའི་བོད་ཡིག་སློབ་གྲྭ་ལ་ཁྱབ་བསྒྲགས་བཏང་པ་ཡིན།
བདེ་འཚོ། (Monday, 08 November 2010 09:05)
ཁྱེད་ཚང་ལ་ཡོང་ནས་བུད་སོང་།།
མར་རྩམ་པ་བཟས་ནས་འགྲངས་སོང་།།
སྟན་འབོལ་གདན་སྟེང་ནས་བདེ་སོང་།།
གླུ་ཁ་མཚར་བླངས་ནས་སྐྱིད་སོང་།།
ནམ་མཁའ་འབུམ (Sunday, 05 September 2010 08:18)
ཟལ་ལེ་ལགས
ཕ་ས་ཟད་སིན
ནམ་མཁའ་འབུམ (Sunday, 05 September 2010 08:01)
བདེ་མོ ཟ་ལེ་ལགས་ ཚང་མ་བཟང་ངམ ང་ནམ་མཁའ་འབུམ་ཡིན
salygyal (Saturday, 14 August 2010 17:15)
http://www.qhtb.cn/zhibo/view.jsp?id=16991
བདེ་འཚོ། (Thursday, 12 August 2010 18:01)
ཨ་ཁུ་ཟ་ལེ་རྒྱལ་ད་སྐབས་བདེ་མོ་ཡིན་ན། རུ་དབྱར་ས་ན་ཡོད་དམ།
སྒ་བུ། (Thursday, 15 July 2010 03:53)
ཨ་རོ་ཟ་ལེ་རྒྱལ་ཁྱེ་ཁི་ཅིག་རེ་འཚམ་མ། ཡིག་གེ་བདེ་མོ་ཡི་ན།
ཁྱོད་ཀྱི་དྲ་བ་འདིའི་ནང་དུ། ད་ལྟ་རྒྱལ་ཁབ་སོ་སོ་ན་ཡོད་པའི་བོད་པ་ཚོས་རང་རང་གནས་བསྡོད་བྱས་ཡོད་སའི་རྒྱལ་ཁབ་དེའི་གནས་ཚུལ་ལམ་མཐོང་ཐོས་ཁོ་ན་བཀོད་ས་ཞིག་
བཀོད་སྒྲིག་བྱས་ན། འདི་ནི་ངའི་རེ་བ་ཡིན་པས་ཁྱོད་ཀྱིས་བསམ་གཞིག་ཅིག་བྱེད་པར་མཁྱེན།
འདྲེ་དབུ་མ་བ། (Monday, 12 July 2010 18:35)
ངས་ཁྱོད་ལ་ཁྱི་གཞི་ཞིག་བཤད་མེད། ཁྱིམ་གཞི་གསར་བ་ཞེས་བཤད་ཡོད
ཟ་ལེ་རྒྱལ། (Monday, 12 July 2010 18:27)
འདྲེ་དབུ་མ་བ་ལགས།
ང་ལ་ཁྱི་གཞི་གཅིག་ལས་མེད་། ངའི་ཁྱིམ་བཞི་གང་ནས་མཐོང་སོང་། གང་ལྟར་ངའི་ནང་ལ་ཡོང་བ་དེར་དགའ་ཡོད།
འངྲེ་དབུ་མ་པས། (Monday, 12 July 2010 18:02)
དྲ་གྲོགས་ཟ་ལེ་ལགས། སྐུ་ཉིད་ཀྱིས་ཁྱིམ་བཞི་གསར་བ་ཞིག་བཟུང་བར་སེམས་སྟེང་ནས་དགའ་བསུ་ཞུ། མུ་མཐུད་དུ་ཁྱེད་ཚང་ལ་ཡོང་ཁོ་ཐག་ཡིན
ཟ་ལེ་རྒྱལ། (Saturday, 10 July 2010 19:56)
བརྩེ་བའི་གྲོགས་པོ་སྒ་བུ་ལགས།
དེ་རིང་ཡར་ཉུག་མར་ཉུག་བྱས་ནས་ཁྱོད་ཀྱི་རྩོམ་ཡིག་མང་བོ་ཞིག་ལྕགས་མོ་འཚོའི་གྲྭ་བར་མཐོང་བས་ཤིན་ཏུ་དགའ།
དེ་རིང་ནས་ཁྱོད་ཀྱིས་ངའི་དྲ་བ་འདི་ངོ་ཤེས་སོང་བས་ནམ་རྒྱུན་ཡོང་གི་སྡོད།
སྒ་བུ། (Saturday, 10 July 2010 03:51)
ཨ་རོ་སྙིང་གྲོགས་ཟ་ལེ་རྒྱལ་ཁྱོད་བདེ་མོ། ང་རང་ཞི་ལི་ཟ་ལེ་རྒྱལ་ཚང་ལ་ཡོང་ནས་སྐོར་མྱུག་ཅིག་བྱས་ཟིན། ངོ་མ་བརྒྱད་པའི་པ་བཞིས་ལ་ཐོན་འདྲའི་སྐྱིུད་སྣང་བ་ཞིག་སྟེར་ཀི་ཀོ།
ཉི་མ་འགར་ཡུལ་དུ་མེད་ནོ་གང་ཞིག་ལ་སོང་ནུས།
ཡ་ད་དེ་རིང་མང་བོ་གཤིར་རྒྱོའི་དུས་ཞོད་མེད་ཁི། གཞུང་ནས་དལ་མོ་ཡེད་ལ་གཤིར་ཡ། ད་བདེ་མོ།
ཟ་ལེ་རྒྱལ། (Friday, 09 July 2010)
བརྩེ་བའི་གྲོགས་པོ་སྒ་བུ་ལགས།
ཁྱོད་རང་ངའི་ཁྱིམ་དུ་ཕེབས་པར་ཤིན་ཏུ་དགས། འདི་ནི་ང་ཚོ་ཚང་མ་གོ་བཞུགས་ལ་འཛོམས་སའི་ས་ཆ་ཞིག་ཉན་པའི་རེ་བ་ཤིན་ཏུ་ཆེ། གྲོགས་པོ་ཞན་པ་ཚོ་ལའང་རྒྱུད་སྤྲོད་བྱེདད་པའི་རེ་བ་ཡོད།
སྒ་བུ། (Monday, 05 July 2010 06:08)
གྲོགས་ཟ་ལེ་རྒྱལ་ཁྱོད་བདེ་མོ། དེ་རིང་དྲ་ངོས་མྱུག་མྱུག་ནས་ཁྱོད་ཀྱི་དྲ་ཚིགས་རྙེད་བྱུང་བས་ཧ་ཅང་དགའ་བོ་བྱུང་སོང་། ཁྱོད་ཚང་གི་བཟའ་ཚང་ལྷན་རྒྱས་བདེ་མོ་སྐྱིད་པོ་ཡིན་ན།
QQཨང་གྲངས་ཡོད་ན་བསྐུར་དང་ཁ་བརྡ་བྱེད་ཡ། ད་བདེ་མོ།
རྟ་མཆོག (Monday, 21 June 2010 08:01)
ལུང་སྐད་ཀྱིས་འབྲི་བ་ནི་ཉིད་ཀྱི་རྩོམ་གཤིས་ཡིན་ནམ། བ རྡ ་སྤྲོད་བྱེད་ཀྱི་ཐ་སྙད་བོར་སོང་བས་ཡིན།
བཙན་དུག་མདའ (Sunday, 11 April 2010 12:35)
ཡང་ཉུལ་མར་ཉུལ་གྱིས་ཉིད་ཀྱི་དྲྭ་ཚིགས་ལ་ཐོན་སོང་། དེ་རིང་ཁོམ་སྐམས་མེད་པས་ཚ་ཚང་ཁ་གསལ་ཞིག་ཀློག་རྒྱུ་བྱུང་མོད། རྗེས་ནས་སྐོར་བར་ཡོང་གི་ཡིན།
བཀྲ་ཤིས་བདེ་ལེགས
ཟ་ལེ་རྒྱལ། (Friday, 26 March 2010 19:02)
སྙིང་ཉེ་བའི་ངའི་དྲ་གྲོགས་རྣམ་པ་ཚོ་སྐུ་བདེའམ།
ལོ་གསར་བ་འདིའི་ནང་དྲ་བར་ཅུང་ཙམ་སུན་སྣང་སྐྱེས་ནས་བསྡད་ཡོད་མོད། མི་རིང་བར་ཡང་བསྐྱར་དྲ་ཐོག་ལ་ཡོང་ནས་དྲ་གྲོགས་ཚོའི་མཉམ་དུ་སྔར་བཞིན་མདུན་སྐྱོད་བྱེད་འདང་ཡོད།ཁྱོད་ཚོ་ངའི་དྲ་བའི་ནང་ལ་ཡང་ཡང་ཕེབས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན།
མདོ་ལའི་འཁྱམས་པོ། (Monday, 15 March 2010 22:00)
གྲོགས་པོ། སྐུ་ཁམས་བཟང། དེང་སྐབས་གོ་རྒྱུ་ཐོས་རྒྱུ་མེད་པ་གང་རེད།
ཟ་ལེ་རྒྱལ། (Thursday, 25 February 2010 16:51)
དྲ་གྲོགས་ཚང་མར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། དུས་ཚོད་ཀྱི་དབང་གིས་དྲ་ངོས་སུ་ཡུན་ལ་ཞུགས་མ་ཐུབ་པས་དགོངས་དག་ཞུ།
གྲོགས་གནམ་ལྕགས་ཀྱིས་གནང་བའི་བག་ཚིག་དེ་དྲ་ངོས་སུ་བཀོད་ཡོད་ལ་དེར་ཐུགས་རྗེ་ཆེ་ཞུ།
གནམ་ལྕགས། (Tuesday, 23 February 2010 08:20)
གྲོགས་པོ་ཟ་ལེ་ལགས། ངས་ཁྱོད་ཀྱི་གབ་ཚིག་ལ་ཞལ་འདེབས་ཤིག་ཕུལ་ཡོད་པ་གཟིགས་རོགས་ཞུ།
གནམ་ལྕགས། (Tuesday, 23 February 2010 05:59)
གྲོགས་པོ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
མགུར་རྒྱང་འཐེན། (Friday, 12 February 2010 09:12)
ཨ་རོགས་ཟ་ལེ།
བྱིས་པ་ཚོས་དེ་རིང་དགུ་རྒྱགས་རེད་ཟེར།
རྒན་རྒོན་ཚོས་ད་ལོ་ལོ་སར་མེད་ཟེར།
གཞོན་སྐྱེས་ཚོས་གནང་ཉིན་དགའ་རོགས་དུས་ཆེན་རེད་ཟེར།
གང་ལྟར། ངས་ཁྱོད་ལ་ལོ་གསར་བའི་ནང་གྲུབ་འབྲས་སྔར་ལྷག་ཡོང་བའི་སྨོན་འདུན་བསྐུར་ཡོད།
མགུར་རྒྱང་འཐེན། (Tuesday, 19 January 2010 09:36)
ཨ་རོགས ཟ་ལེ ཉིད་ཀྱི་དཀར་ཆག་གམ་ལེ་ཚན་ནང་དུ་ཡོད་པའི་བརྐུས་རྫས་ཟེར་བ་དེ་ཅི་ཡིན་མ་ཁེད་ཐལ།
འབྲོག་ཆོས། (Friday, 08 January 2010 05:26)
དེ་རིང་ཟ་ལེ་ཡུལ་ན་མེད་ཁུ།
ད་གཞུག་མ་ཡོང་གོ
འབྲོག་ཆོས། (Friday, 08 January 2010 05:25)
ཁྱེད་ཚང་ལ་ཇ་ཞིག་འཐཱུང་གི་ཡོང་ནི་ཡིན།
ཇ་འཐུང་ཞོར་ལ་ཨ་ཁུ་ཟ་ལེ་རྒྱལ་ཡོད་ན་ལབ་རྒྱག་གོ་འདོད་ཡོད།
དེ་རིང་ཟ་ལེ་ཡོད་ཁུ།
ད་གཞུག་མ་ཡོང་གོ
མགུར་རྒྱང་འཐེན། (Wednesday, 06 January 2010 08:58)
ཨ་རོགས ཁ་མི་བདེ་ཡང་སེམས་སྙན་ངག་གིས་བཟི་བའང་ཁ་ཤས་ཡོད་ཚོད་རེད།
རོ་རྒྱག་རྒྱོ་རུ་ཡིག་དེ་བླངས་པར་སྤྲོ་ཡོད། ད་ནས་བཟུང་མགུར་རྒྱང་འཐེན་ཟེར་བ་འདི་
སྦྲ་རྒན་ནག་ལྡིང་འདིའི་ནང་གི་ཟ་རོ་གོ་གཅོད་དེ་ཡིན། མ་སུན་ཨང་་་་་་་
ཟ་ལེ་རྒྱལ། (Tuesday, 05 January 2010 21:20)
མགུར་རྒྱང་འཐེན་ལགས།
ཁ་བདེ་མོ་དེ་ཡིག་ཐོག་ལ་འགོད་ཤེས་ན་དེ་ནི་སྙན་ངག་ངོ་མ་དེ་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད།
མགུར་རུ་རྒྱང་འཐེན། (Monday, 04 January 2010 09:01)
ལྷོད་ཅིག་སེ་ཡོད་པའི་སྦྲ་རྒན་ནག་ལྡིང་འདིའི་ནང་གི་ཞི་ལུ་ཁ་བདེ་དེར་རླུང་རྟ་དར་བའི་སྨོན་འདུན་ཞུ་གི་ཡོང་ཡོད།།
ངའི་མིང་འདི་ཁྱོས་བཏགས་པ་རེད ངོ་ལོས་ཤེས
ཟ་ལེ་རྒྱལ། (Thursday, 03 December 2009 11:13)
གྲོགས་མོ་གཟུངས་ཕྱུག་སྐྱིད་ལགས།
ངའི་དྲ་མགྲོན་དུ་ཕེབས་པར་ཡུལ་སྲོལ་ལྟར་སྣེ་ལེན་བྱེད་དགོས་ནའང་དེ་རིང་མ་ཁོམ་པས་ཁ་ཡག་ཅིག་གིས་འཐུས་བར་གྱིས།
ཕྱིས་སུ་རང་གི་མིང་བདེ་མཚོོ་ཞེས་བོད་ཡིག་གིས་འབྲི་རོགས།
dhaitso (Thursday, 03 December 2009 10:55)
ཁྱེད་ཀྱི་ཁྱིམ་གཞི་ལ་བཀྲ་སིས་བདེ་ལེགས་ཞུ།
དེ་རིང་ཡོང་ནས་བུད་སོང་།རྗེས་སུ་ད་རུང་ཡོང་གི་ཡིན།
གནས་སྐབས་བདེ་མོ་བྱོས།
གཟུངས་ཕྱུག་སྐྱིད་ནས།
གཡུ.དུག་སྦྲང (Wednesday, 25 November 2009 13:28)
སྐུ་བདེ