མྱི་འཁྱམས་གཞོན་ནུའི་གདམ་ཀ།
ཐེ་ཀོར།
གླུ་ཐལ་སྦྱར་མ་ལས་བསྒྱུར།
སྐྱ་རེངས་སྣང་བ་གསར་བའི་དུས་ལ་ས་མཐའི་གཞོན་ནུ་འཁྱམས་པོ་དེས།།
ཅིའི་ཕྱིར་བདག་གི་སྒོ་རྩར་ཡོང་བའི་གདམ་ཀ་འདི་ལྟར་མཛད་ལགས་སམ།།
གང་གི་མདུན་ནས་ཕྱི་དང་ནང་ལ་སྐྱོད་པའི་གོམ་སྟབས་སྒྱུར་བའི་ཚེ།།
ཡིད་འོངས་ངོ་མཚར་མཛེས་བའི་གདོང་གིས་ང་ཡི་མིག་ཟུང་འཛིན་པར་བྱེད།།
ཁོ་མོའི་སེམས་ཀྱི་གསང་བ་འདི་དག་མ་ལུས་བཤད་ན་ལེགས་པ་འམ།།
ཡང་ན་ད་དུང་ལྕེ་ལྡན་ལྐུག་པའི་བརྟུལ་ཞུགས་བཟུང་ན་ལེགས་སམ་ཞེས།།
མ་ངེས་སེམས་ཀྱི་དྲི་བ་འདི་ལ་ད་དུང་ལན་གྱིས་མ་སྙོབས་པས།།
ཅིའི་ཕྱིར་ཁོ་མོའི་སྒོ་རྩར་སྒུག་པའི་གདམ་ཀ་འདི་ལྟར་མཛད་ལགས་སམ།།
དབྱར་ཟླ་བདུན་པའི་སྟོང་འཛགས་མཚན་མོ་ཆུ་ཁུར་གླེང་བོས་མོག་པོར་བསྒྱུར།།
སྟོན་ཁའི་དུས་ཀྱི་མཚན་མོ་དེའང་སྔོ་བསངས་མདངས་ཀྱིས་སབ་སོབ་ཉིད།།
ལྷོ་ཡི་དྲི་ཞོན་རྒྱུ་བའི་ལྷན་དུ་དཔྱིད་ཁའི་ཉིན་མོ་བྲེལ་ཞིང་འཚབ།།
ཅིའི་ཕྱིར་ཁོ་མོའི་སྒོ་རྩར་སྒུག་པའི་གདམ་ཀ་འདི་ལྟར་མཛད་ལགས་སམ།།
ནམ་རྒྱུན་ཁོང་གི་སྒྲ་དབྱངས་སྙན་མོས་གླུ་ཡི་རླབས་འཕྲེང་གཡོ་བར་བྱེད།།
ང་རང་ཕྱི་ནས་ནང་ལ་ལོག་སྐབས་སྨིན་མ་སྐྱོད་པ་བཙན་གྱིས་འགོག།
ཅིའི་ཕྱིར་ང་ཡི་སྒོ་རྩར་སྒུག་པའི་གདམ་ཀ་འདི་ལྟར་མཛད་ལགས་སམ།།
ཟ་ལེ་རྒྱལ་གྱིས་དབྱིན་ཡིག་ནས་བསྒྱུར།
