འཆི་མེད་གཏམ་གྱི་སྙིང་བོ།
གཅིག་གིས་གཅིག་ལ་བརྐུས།།
ཀུན་གྱིས་ང་ལ་བརྐུས།།
རྐུན་མ་རྒྱ་མཚོའི་དཀྱིལ་ན་ལྷང་ངེ་བ།།
ཐུབ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།།
༧་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་བརྩམས།
༧ རྒྱལ་དབང་སྐྱིད་པའི་ཉི་མ།།
དྭགས་པོ་གླིང་ནས་འཁྲུངས་སོང་།།
རྡོ་རིང་ལྷ་ལྕམ་སྐུ་ཞོགས།།
རྐུབ་ལ་དུ་དྲེག་ཆགས་སོང་།།
ལྷ་སའི་ཨ་མ་ལགས་ཚོས་བརྩམས།
བཅོ་ལྔའི་ལྷ་ཟླ་དཀར་བོ།།
དཀར་བོ་ལྷ་ལས་མཛེས་སོང་།།
དམར་ནག་དུ་བའི་མདོག་ཅན།།
སྡེ་སྲིད་ཨ་ཕའི་མགོ་རེད།།
ལྷ་སའི་ཨ་མ་ལགས་ཚོས་བརྩམས།
འཆི་བའི་དུས་སུ་བླ་མའི་གམ་དུ་ཕེབས་ཏེ་སྐྱབས་འཇུག་ཞུ་བ་ལས་སོ་སོ་རང་ཉིད་ཀྱིས་བློ་སེམས་རྩེ་གཅིག་གིས་བྱང་ཆུབ་སེམས་སྒོམ་པ་དེ་ལས་ལྷག་པ་གང་ཡང་མེད།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོས་གསུངས།
སྐད་གཏོང་བྱེད་སྐེ་ན་དགུ་ཡོད།།
གློག་གསོག་བྱེད་རྒྱབ་ཁུག་གང་ཡོད།།
སྐད་གཏོང་གི་སྐབས་བ་ཐོན་ན།།
གོ་ཆོད་ནི་ཞིག་གི་གཅིག་མེད།།
ཨ་མདོའི་ཟོག་རྫི་ཞིག་ནས་བརྩམས།།