ཁ་ཁྱོགས་ཡ། ལྷ་ས།

ཇོ་བོ་རྣམ་གཉིས་ཅི་ཞིག་གི་རྒྱན་ལ་བཞག་ཡོད

ཙི་མོ་རྒྱག་མཁན་དེ་སུ་ཡིན

བུ་ལྷ་མཆོད

ཕ་ས་མིན་པའི་ལྷ་ས་ཞིག་གང་ནས་ཉོ་རྩིས་ཡོད།

 

ན་ནིང་མཇལ་བ་འགས་ལྷ་སའི་ལྷིང་འཇགས་དཀྲོགས་པ་ནས

ན་ནིང་གྲྭ་བ་འགས་དགོན་པའི་རྔ་ཆེན་བརྡུང་བ་ནས

ན་ནིང་ཇོ་མོ་འགས་རང་བཙན་རོལ་དབྱངས་གྱེར་བ་ནས

ཁྱོད་ཚོས་སྒོ་དང་སྒེའུ་ཁུང་གཏན་ནས་ཡིག་གཟུགས་ཁོ་ན་སྦྱངས།

 

 

མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་འབྲི་མི་ཤེས་སམ།

 

 

ཁ་ཁྱོགས་ཡ། ལྷ་ས།

དེང་སྐབས་ལྷ་ས་ན་མཇལ་བ་མི་འདུག་གམ

སྟོད་སྨད་ཀྱི་འབོད་སྒྲ་དབུས་ནས་མི་ཐོས་སམ

སྒོ་དང་སྒེའུ་ཁུང་ཕྱེས་དང་

ཐག་རིང་ན་ཤ་ཆད་པའི་བུ་ཕྲུག་འགའ་ངུ་བཞིན་འདུག

འདོན་སྤེལ།: ༢༠༡༠/༡༠/༢༣

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།