ཁ་སྐད་དཔྱད་ཀི་ཤོགས།
དྲ་གྲོགས་ཚོ་བདེན་པ་རེད། ངའི་མ་རྩོམ་ཁ་སྐད་བཤད་ཀི་ཤོགས་ཞེས་བ་དེ་བླ་རྒན་ཞིག་གིས་ངའི་ཁ་ནང་ལ་ལག་སྙོབས་བྱས་ནས་བསྡོད་དུ་མ་བཅུག་པས་སྤྱིར་བཤད་ཙམ་བྲིས་བ་ཡིན། དེ་རིང་གྲོགས་པོ་ཚོས་རང་རང་གི་གནས་ལུགས་དང་རྒྱུ་མཚན་དྲུད་ནས་འདི་ལྟར་ཡོང་བར་ཤིན་ཏུ་དགའ། ད་ནི་ང་ཚོས་ས་མཚམས་ཡོད་པའི་སྒང་ནས་ཁ་བརྡ་ལྷོད་ཀྱིས་བྱེད། ཚང་མར་ཨུ་ཚུགས་མིན་པའི་གནས་ལུགས་རེ་དང་རྒྱུ་མཚན་རེ་འདུག་པས། དེ་ནི་ཁ་བརྡའི་ཆ་རྐྱེན་དང་པོ་རེད། མཐར་དེད་ན་བཤད་སྟངས་ཙམ་ལས་ཚང་མའི་འབབ་ས་དེ་གཅིག་རེད། ཁ་སྐད་གཏན་འགོག་བྱེད་མི་རུང་བ་དང་། ཁ་སྐད་བཀོད་ཀྱང་ས་མཚམས་ཤིག་ཡོད་དགོས་ཞེས་བ་དེ་རེད། དེ་ན་ངས་ཁ་སྐད་རྐྱང་རྐྱང་གིས་འབྲི་དགོས་ཞེས་བཤད་མེད་ལ། རང་གིས་བྲིས་བའི་རྩོམ་ཡིག་དག་ཀྱང་ས་མཚམས་ཡོད་པའི་སྒང་ནས་འབྲི་ཅི་ཐུབ་བྱས་ཡོད། ཡིན་ནའང་ཟིན་བྲིས་ནང་ལ་ཁ་སྐད་གཏན་འགོག་བྱེད་དགོས་ཞེས་བ་དེར་ང་རང་ངོ་མ་མི་འཐད། སྐད་ནི་མི་ཕན་ཚུན་གདོང་ཐུག་ནས་འབྲེལ་བ་བྱེད་དུས་ཀྱི་རྒྱུན་ཐག་དེ་དང་། ཡི་གེ་ནི་བར་ཐག་གིས་ཆོད་པའི་མི་ལ་འབྲེལ་བ་བྱེད་པར་སྤྱོད་པའི་ལག་ཆ་དེ་རེད། ཚིག་གཞན་ཞིག་གིས་བཤད་ན་ཡིག་འབྲེལ་དང་ངག་འབྲེལ་ཞེས་བ་དེ་རེད། ང་ཚོར་ཡིག་འབྲེལ་གྱི་ལམ་ནས་དཀང་ངལ་ཅི་ཡང་མེད་པར་ཕན་ཚུན་ལ་གོ་བརྡ་འཕྲོད་ཀྱི་ཡོད་ནའང་། ཕན་ཚུན་གདོང་ཐུག་དུས་སྐབས་རེར་སྐད་རིགས་གཞན་ལ་མ་བརྟེན་པར་གོ་བརྡ་སྤྲོད་མི་འཕྲོད་པའི་དཀའ་ངལ་ཞིག་ཡོད་པ་དེ་སེལ་འདོད་
ནས་ཚང་མས་སྐད་རྒྱག་གི་ཡོད་པ་རེད། དེའང་དྲང་མོར་བཤད་ན་ཕན་ཚུན་གདོང་ཐུག་ནས་སྐད་ཆ་བཤད་སྐབས་ཚང་མས་རང་སྐད་གི་སྟེང་ནས་གོ་ཐུབ་བའི་སྤྱི་སྐད་ཅིག་དགོས་ཞེས་བ་དེ་རེད། དཀའ་ངལ་འདི་སེལ་པ་ལ་ཐབས་ལམ་གཉིས་ལས་མཐོང་གི་མི་འདུག་སྟེ། གཅིག་ནི་ཚང་མས་ཁ་སྐད་སྦྱང་རྒྱུ་དེ་དང་། གཞན་ཤོས་ནི་ཚང་མས་ཁ་སྐད་འགོག་རྒྱུ་དེ་རེད། གལ་ཏེ་ཁ་སྐད་གཏན་འགོག་བྱེད་ན་ཁ་སྐད་ཡོང་ས་དེ་ནས་འགོག་དགོས་ལ། ཁ་སྐད་ཀྱི་ཡོང་ས་དེ་བོད་རིགས་མི་དམངས་ཡིན་ཞིང་དེའི་བརྒྱ་ཆའི་བརྒྱད་ཅུ་ཡིག་རྨོངས་རེད། འདི་དག་གི་ཁ་ནང་ནས་ཁ་སྐད་བླངས་རྗེས་དེ་ཚོས་ཅི་ཞིག་བཤད་དགོས། དེ་བས་ངས་ཁ་སྐད་སྦྱང་དགོས་ཀྱི་འདུག་ཅེས་བ་ཡིན། དེ་འདྲ་ཡིན་དུས་ཙམ་པ་ལ་ཚང་མས་ཧུར་ཐ་པ་ཐ་བྱོས་ཞེས་བའི་ཚིག་ཕྲེང་འདི་ཁ་སྐད་ཡིན་ནའང་ད་ནི་ཡིག་སྐད་ཀྱི་གོ་ས་ཟིན་ཡོད་པ་དེ་བེད་སྤྱོད་བྱས་བ་བརྒྱུད་ནས་ཐོབ་པ་རེད། ཡིན་ནའང་ཡིག་སྐད་གཡུག་ནས་ཁ་སྐད་ཁོ་ན་བཀོད་དགོས་ཤེས་བཤད་མེད། ཁ་སྐད་དང་ཡིག་སྐད་གཉིས་ཡོད་ན་ཡོད་མཉམ་ཡིན་ཆོག་པས་ཟིན་བྲིས་ནང་ལ་ཁ་སྐད་གཏན་འགོག་བྱེད་དགོས་བའི་དགེ་བ་མ་མཐོང་ཞེས་བ་དེ་ཡིན།
རང་ཉིད་མཁས་བ་མིན་པའི་གནས་ལུགས་དེ་ཤེས་ཀི་ཡོད་ལ་གཡག་རྒྱ་རྒྱ་ཞིག་མིན་པའི་གཏེང་ཚོད་དེ་བས་ཀྱང་ཡོད། ཚན་རིག་པ་ག་གེ་མོས་ཅིག་ཟེར་ཟེར། ཆོས་ལུགས་པ་ག་གེ་མོས་ཉིག་ཟེར་ཟེར།
འོ་ན་རང་ཉིད་ངོ་མ་དེ་གང་ན་ཡོད། ངས་སྔོན་བྱོན་མཁས་བ་ཞེས་སུས་ཀྱང་བསྒྱུར་དུ་མི་རུང་བ་ཞིག་ཡོད་པ་དེ་ཤེས་ཀི་མེད། སྐད་ཆ་འདིའི་ལན་དུ། ཁྱོད་སྙིང་མ་རྗེ། ཁྱོད་ཀྱིས་ཅི་ཡང་ཤེས་ཀི་མི་འདུག
སྟོན་པ་བཅོམ་ལྡན་འདས་ཆོས་ཅན་མ་ཟེར། ངས་རང་ཉིད་འཚོལ་བ་ལས་སུ་ཞིག་གི་གྲིབ་གཟུགས་བྱེད་ན་འདོད་གི་མེད།
ལྷ་ཆབ་ཀྱིས་བཤད་པ་བཞིན་སྔོན་བྱོན་མཁས་བས་ཀྱང་གཞུང་ལུགས་རྩོམ་བྱེད་ཀྱི་ཐ་སྙད་ཆ་ཚང་བརྩམས་ཡོད་ནའང་ཉམ་ཆུང་མི་དམངས་ཀྱི་ཤེས་ཡོན་ཡར་རྒྱས་ཀྱི་ཕྱོགས་ལ་བསམ་བློ་ཅི་ཡང་བཏང་མེད། དེ་བས་༧
ཡིད་བཞིན་ནོར་བུས་ཀྱང་སྐད་ཡིག་ལ་བར་སྟོང་ཆེན་པོ་ཞིག་བསྐོང་རྒྱུ་ལྷག་འདུག་གསུང་བ་རེད། ཧོར་འཇིགས་ཀྱིས་གཞིས་ཆགས་བུ་མོ་ཞིག་ལ་བརྩེ་འཕྲིན་ཞིག་བསྐུར་བ་མོས་ཐེངས་གཅིག་བཀླགས་རྗེས། ཧ་གོ་ཡ་ནི་མི་འདུག
ཡི་གེ་ནོར་བ་ནི་ཡིན་རྒྱུ་མ་རེད་ཅེས་བ་དེ་དང་། གཞིས་སྐྱེས་བ་ཞིག་ནས་ཨ་མདོ་འདི་ཚོར་གད་མོ་འཆོར་བ་ལ། ཁོ་ཚོས་སྙན་ངག་ཅིག་བྲིས། ཁོ་ཚོས་ཅིག་བལྟས། ཁོ་ཚོ་ཅིག་བགད།
དེ་ནི་ཁོ་ཚོའི་ལུགས་སྲོལ་ཅིག་ཡིན་ས་རེད་ཅེས་བའང་གནད་འགག་དེར་ཐུག་ཡོད། དེ་བས་ངས་ཁ་སྐད་སྙན་ངག་གམ་ཁ་སྐད་རྩོམ་རིག་དགོས་ཞེས་བ་ཡིན། མིང་མི་དྲན་མོད་གཞིས་སྐྱེས་བུད་མེད་རྩོམ་པ་པོ་ཞིག་གིས།
ཡི་གེ་བརྒྱ་ཙམ་འབྱོར་སོང་།། ཚང་མ་སེམས་པ་ཤོར་འདུག། ཨུ་ཁུང་གཅིག་ལས་མེད་པས།། གོ་དགུའི་དགོངས་པ་མ་འཚོམས།། ཞེས་ཁ་སྐད་སྙན་ངག་འདི་འདྲ་བྲིས་བ་ང་ཚོར་སྐད་ཡིག་གི་བར་སྟོང་བསྐོང་བར་དགོས་ཀྱི་འདུག་ཅེས་བ་ཡིན།
སྐད་ཡིག་གི་བར་སྟོང་འདི་བསྐོང་ན་ཁ་སྐད་ཡོད་ཚད་ངེས་བར་ཏུ་བཤད་དགོས། ཁ་སྐད་བཤད་པ་ལ་ཁ་སྐད་ཤེས་དགོས། ཁ་སྐད་ཤེས་བ་ལ་ཁ་སྐད་སྦྱོང་དགོས། རང་གིས་མི་ཤེས་ན་རྩོམ་པ་པོར་དྲིས་ན་ཆོག
ཁ་སྐད་སྦྱོང་བ་ལ་དུས་བབ་སོགས་ནས་གོ་སྐབས་སྤྲད་པ་དེ་བེད་སྤྱོད་གཏོང་དགོས་ཀྱི་འདུག་ཅེས་བ་ཡིན། ཁྱོད་ཚོས་བཤད་བཞིན་པའི་ཁ་སྐད་དང་ཕལ་སྐད་ཀྱི་ཁྱད་པར་དང་།
དེའི་ས་མཚམས་གང་ཡིན་ངས་མི་ཤེས་མོད་དེའང་གནས་ལུགས་མེད་པ་ཞིག་ལ་མཐོང་གི་མེད། དེ་བས་ང་ཚོས་རྒྱུ་མཚན་ཡོད་པའི་སྐད་ཆ་ལྷོད་ཀྱིས་བཤད་ན་འདི་ནི་བཤད་རིན་ལྡན་པ་ཞིག་ཏུ་མཐོང་སོང་།
དེ་མིན་ཤ་ཞེན་རིགས་ཞེན་ཡིན་ཞེས་ཆོག་དང་མི་ཆོག་གི་བཙན་བཀའ་བཏང་ན་སུས་ཀྱང་ལོ་ལེ་སེ་ཟེར་ཐུབ་གི་མ་རེད།
དེ་བས་ཨ་ཁུ་བོན་རྒྱ་བས་ཀྱང་རང་གི་དམ་བཅའ་ཕྱིར་འཐེན་གྱིས་འདིར་རམ་འདེགས་ཞུ་བའི་རེ་བ་ཡོད།
