གོ་ཐོས་ལྟར་ན་ཤེས་བྱའི་མངག་བདག་ཏུ་གྱུར་བའི།།

དབྱངས་ཀྱི་རྒྱལ་མོ་འབོད་པའི་ཡེ་ཤེས་ཀྱི་ལྷ་ཞིག།

གནམ་ས་གཉིས་ཀའི་བར་ན་ཐོགས་མེད་དུ་རྒྱུ་བས།།

བདག་འཛིན་སྤར་མོ་ཕྱེ་བའི་དཀའ་ངལ་དེ་མེད་ན།།

དུས་བབ་སྟེང་གི་བོད་པ་ཟིན་བྲིས་བ་ཚོ་ལ།།

ཀ་ཁའི་དངོས་གྲུབ་གནང་བའི་དུས་ཚོད་ལ་བསླེབས་འདུག།

 

ཤེས་ཚོད་ལྟར་ན་ཤེས་རབ་མེ་ལྕེ་ལས་འཁྲུངས་བའི།།

རྨོངས་བའི་མུན་འཇོམས་རལ་གྲི་དང་ལྡན་གྱི་ལྷ་ཞིག།

ཨ་ར་བ་ཙ་ན་རྡིའི་དབྱངས་རིམ་ན་རྒྱུ་བས།།

བྱིན་རླབས་བཙན་གྱིས་བགོ་བའི་སུན་སྣང་དེ་མེད་ན།།

དུས་བབ་སྟེང་གི་བོད་པ་ཟིན་བྲིས་བ་ཚོ་ལ།།

ཀ་ཁའི་དངོས་གྲུབ་གནང་བའི་དུས་ཚོད་ལ་བསླེབས་འདུག།

 

ཉེ་རིང་ཆགས་སྡང་མེད་པའི་ཤེས་རབ་ཀྱི་ལྷ་མཆོག།

རྨོངས་བའི་རྩིག་གྱང་མཐོན་པོའི་ཐོག་ཁ་ནས་མཆོང་སྟེ།།

དུས་བབ་ཟིན་བྲིས་ར་བའི་ནང་ལོགས་སུ་ཕེབས་དང་།།

རྟག་ཏུ་མཁའ་ལ་ཕྱར་བའི་ཤེས་རབ་ཀྱི་རལ་གྲི།།

ད་ཐེངས་གཡུག་པའི་གོ་སྐབས་དཔེ་མེད་ཅིག་འདུག་པས།།

གླེན་པ་གཡག་གི་སྙིང་རྩིད་རྩ་བ་ནས་གཅོད་རོགས།།

འདོན་སྤེལ།: ༢༠༡༠/༠༩/༡༡

 

 

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།