ཟ་ལེ་རྒྱལ་གྱི་ཚོད་ལྟའི་ཁ་ཤགས།
དུག་སྦྲང་། སྐུ་ཞབས་འདྲེ་ཤིག་ལགས། བཀྲ་ཤིས་བདེ་ལེགས།
འདྲེ་ཤིག། ཨའོ་ཙེ། སྐུ་ཞབས་དུས་སྦྲང་ལགས་རེད་འདུག བཀྲ་ཤིས་བདེ་ལེགས།
དུག་སྦྲང་། ཡ། གྲོགས་པོ། ག་རེ་གནང་རྩིས་ཡིན། སྐུ་དྲག་གི་ཤ་ཟ་རུ་འགྲོ་པས།
འདྲེ་ཤིག། ཁ་རྒྱགས་པ་མ་བཤད་ཀྱེ། ང་ཚོར་གསར་འབྱོར་ཚོའི་ཁྲག་མ་གཏོགས་སྐུ་དྲག་གི་ཤ་རེག་གི་མ་རེད།
དུག་སྦྲང་། ཧ་ཧ་ཧ། བདེན་པ་རེད། ངས་ཀྱང་ཚོད་ལྟ་མང་པོ་བྱས་ཚར་ཡིན།
འདྲེ་ཤིག། ༧གོང་ས་མཆོག་གིས་སྦྱིན་པ་གནང་གིན་འདུག་དྰ།
དུག་སྦྲང་། སྐྱབས་སུ་མཆིས། ང་ལའང་སྦྱིན་པ་མང་པོ་གནང་མྱོང་། ཡིན་ནའང་། ཡང་སེ་ཡང་སེ་འགྲོ་རྒྱུར་ངོ་ ཚ་ཡི་མི་འདུག་པས།
འདྲེ་ཤིག། བོད་པ་ཚང་མ་ཡིས་ཟ་ཡི་ཡོད་རེད་དྰ། ཁོ་ཚོ་ངོ་མ་ཚ་ན་ངེད་གཉིས་ངོ་ཚ་དགོས་ཡ་འདུག་པས།
དུག་སྦྲང་། ཨོ་ཙི། དེ་འདྲ་མ་གསུངས། སྐུ་ཞབས་འདྲེ་ཤིག་ལགས། སྐད་ཆ་བཤད་སྟངས་ཡོད་རེད་དྰ།
འདྲེ་ཤིག། སྐད་ཆ་ཁ་རུ་ཁ་ཐུག་ཡིན་དྰ། གྲོགས་པོ།
དུག་སྦྲང་། ཀྱེ། བོད་རང་བཙན་ཐོབ་ན་ཁྱོད་རང་གིས་ག་རེ་ཟ་རྩིས་ཡིན།
འདྲེ་ཤིག། སེམས་ཁྲལ་མ་བྱེད། བོད་རང་བཙན་འཐོབ་ཀི་མ་རེད། ངས་སྐུ་དྲག་ཚོའི་ཉལ་ཁྲིའི་འོག་ནས་ཉན་ཡིན། སྐྱིད་པོ་གཏོང་གིན་འདུག་དྰ། ཁོ་ཚོའི་འཆར་གཞི་བོད་རང་བཙན་རེད་མི་འདུག།
དུག་སྦྲང་། ཀྱེ། ཁོ་ཚོ་ག་རེ་ལབ་ཀྱིན་འདུག
འདྲེ་ཤིག། གད་མོ་སློང་ཡ་མང་པོ་འདུག་དྰ།
དུག་སྦྲང་། ལབ་དང་། ལབ་དང་། སྐུ་ཞབས་འདྲེ་ཤིག་ལགས།
འདྲེ་ཤིག། ༧སྐྱབས་མགོན་རིན་པོ་ཆེ་དང་རྡ་རམ་ས་ལ་བྱུང་ན་། ཁོ་ཚོ་ལ་རང་བཙན་དགོས་ཀྱི་མི་འདུག། ལྟོས་དང་། ཆབ་སྲིད་ལས་ཀ་བྱེད་ཀྱིན་མི་འདུག་བ། བརྟན་བཞུགས་ཕུལ་གྱིན་འདུག་བ། ཁང་པ་རྒྱག་གིན་འདུག་བ། ངེད་གཉིས་ལྷོད་ལྷོད་རེད་དྰ། གྲོགས་པོ།
དུག་སྦྲང་། དངོས་ནས་དེང་སྐབས་བོད་པ་དེ་ཚོ་སྔོན་མ་འདྲ་བོ་མི་འདུག ཁོ་ཚོའི་སེམས་ཤུགས་དང་སྙིང་རྗེ་ཆུང་དུ་ཆུང་དུ་འགྲོ་ཡི་མི་འདུག་པས།
འདྲེ་ཤིག། དེ་ག་རང་རེད། ལྷག་པར་ཏུ་གྲྭ་བ་དེ་ཚོ་སྤྱོད་པ་ངན་པ་མི་འདུག་པས། ཐབས་ཤེས་འདྲ་མི་འདྲ་འདུག ཁྱོད་རང་གིས་གཟན་ལྕག་གཟེད་མྱོང་བས།
དུག་སྦྲང་། ཨའོ། མྱོང་ད་མྱོང་། དངོས་གནས་འགྱུར་བ་འདུག་དྰ། སྔོན་མ་ཡིན་ན་བོད་པ་དེ་ཚོའི་ཁོག་ན་སེམས་ཡོད་བ་རེད། སེམས་ནང་ན་སྙིང་རྗེ་ཡོད་བ་རེད། ཤ་གསེང་ན་སྣུམ་ཡོད་བ་རེད། རྩམ་པ་ཡི་དྲི་མ་ཇི་ལེ་ཡོད་རེད། ད་ལྟ་པེ་དུ་ཁ་ཁ་རེད། གསར་འབྱོར་དེ་ཚོའི་ཁྲག་འཐུང་ནའང་ར་བཟི་ཡི་འདུག་བ།
འདྲེ་ཤིག། ཨའོ་ཙེ། སྐུ་ཞབས་དུག་སྦྲང་ལགས། སྔོན་མ་ཡིན་ན་གྲྭ་དང་ཨ་ནི་མཉམ་དུ་ཉལ་ཡ་དེ་འདྲ་མཐོང་ཡ་ཡོད་བ་མ་རེད་དྰ། དེ་ཚོ་ཚང་མ་གསར་བ་རེད།
དུག་སྦྲང་། རེད། རེད། དེ་ཚོ་གསར་བ་གསར་རྐྱང་རེད། སྔོན་མ་ཡིན་ན་གྲྭ་བ་དང་ཨ་ནི་དེ་ཚོ་ཡིས་ལག་པ་དང་མཛུབ་མོ་མ་གཏོགས་བེད་སྤྱོད་གཏོང་གི་མ་རེད་དྰ།
འདྲེ་ཤིག། ཧ་ཧ་ཧ་ཧ་ཧ།
དུག་སྦྲང་། ཧ་ཧ་ཧ་ཧ་ཧ།
དུག་སྦྲང་། སྐུ་ཞབས་འདྲེ་ཤིག་ལགས། ཁྱོད་རང་ཨ་རིར་ཕེབས་མྱོང་ཡོད་པས།
འདྲེ་ཤིག། འགྲོ་མྱོང་ཡོད། སྐྱག་པ་ཟ་ཡ་རེག་གིན་མི་འདུག་དྰ།
དུག་སྦྲང་། ཨའོ་ཙེ། ཁྱོད་རང་ག་འདྲ་བྱས་ནས་ཕྱིན་པ་ཡིན།
འདྲེ་ཤིག། གསར་འབྱོར་ཞིག་གི་ཁུག་མ་ནང་ལ་འཛུལ་ནས་ཕྱིན་ཡིན། སྐྱིན་པོ་མི་འདུག་དྰ། བོད་རང་བཙན་མ་ཐོབ་ན་ང་ཚོ་འདི་ནས་བསྡད་ན་ཡག་ཤོས་རེད། སྟབས་ཡག་ནས་ང་རང་ཕྱིར་འབྱོར་སོང་།
དུག་སྦྲང་། ལགས་རེད། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་དྲིན་ལ་གསར་འབྱོར་དེ་འདྲ་མང་པོ་རེག་གིན་འདུག་བ།
འདྲེ་ཤིག། བོད་ན་ངའི་ཨ་ཞིང་མང་པོ་ཡོད་རེད། ཁོ་ཚོས་༧སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕེབས་ན་ང་ལ་མཉམ་དུ་ཤོག་ལབ་ཀྱིན་འདུག།
དུག་སྦྲང་། ༧སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕེབས་ཚར་ན་ང་ཚོ་ཁང་བ་སྟོང་བ་དེ་ཚོའི་ནང་ནས་རྒྱ་གར་བ་ཤ་མེད་ཁྲག་མེད་དེ་ཚོ་དང་མཉམ་དུ་ཤི་གི་རེད་དྰ། བོད་པ་གསར་འབྱོར་ནི་ཡོང་གི་མ་རེད།
འདྲེ་ཤིག། ད་འགྲོ། འགྲོ། ངེད་གཉིས་ཀས་ཆབ་སྲིད་ཟེར་བ་དེ་ཤེས་ཀྱི་མ་རེད། བོད་ལ་རང་བཙན་འཐོབ་མིན་བོད་པ་ཁོ་རང་ཚོས་ཀྱང་ཤེས་ཀྱི་མི་འདུག འུ་གཉིས་ཀས་ག་བ་ཤེས་ཀྱི་རེད། དེ་ལས་གསར་འབྱོར་འགའ་འཚོལ་དུ་འགྲོ།
དུག་སྦྲང་། གྲོགས་པོ་ལགས། བོད་པ་དེ་ཚོས་ཆོལ་ཁ་ཟེར་བ་ཞིག་རྩོད་ཀྱིན་འདུག་བ། དེ་ག་རེ་ཡིན་ནམ།
འདྲེ་ཤིག། གང་ཤེས། ཁོ་ཚོ་རྩོད་པ་བྱེད་དུས་ཟ་ཡ་ཞིག་ཡིན་གི་རེད།
འདོན་སྤེལ།: ༢༠༡༠/༠༣/༢༩
