ཟ་ལེ་རྒྱལ་གྱི་ཟིན་བྲིས།

ཀ་ཁ་ག་ངའི་ངུ་འབོད།

 ཀ་བ་ཀོ་བ་ཀ་རྐྱང་ཡིན་ཞེས་ཁ་ཡིས་དཀའ་ངལ་མ་འཛེམ་པར།།

ག་ཚོད་བཤད་ཀྱང་གོ་བ་མེད་པའི་ང་ཡི་དྲ་གྲོགས་འདི་ཚོ་ལ།།

ཅ་ཅོ་སྐད་འབོད་ཇི་ལྟར་བྱས་ཀྱང་ཆ་ལེ་ཆོ་ལེ་ཏག་ཏག་འབྲི།།

ཇ་དང་ཤ་དང་སྒོར་མོ་རིག་ན་ཉ་མོ་ཆུ་ལ་རྐྱལ་བ་བཞིན།།

༧ཏྰ་ལའི་བླ་མའི་བཀབ་སློབ་དྲིན་ལ་ཐ་སྙད་ཁ་ཤས་ཤེས་ནའང་།།

ད་དུང་ཡིག་ནོར་ཚིག་ནོར་འབྲི་མཁན་ན་ནིང་དོ་ཚིགས་ཇེ་མང་རེད།།

པ་སངས་ལྟར་དཀར་ལྷག་བསམ་ཡིན་ཞེས་ཕ་རོལ་མི་ལ་ཁ་བརྡུང་གཏོང་།།

བ་ལང་བོང་བུ་མིན་པ་ཙམ་ལས་མ་རབ་སྤྱོད་པ་གཅིག་པ་རེད།།

ཙ་གེ་ཙི་གེ་སྤྱོད་པ་དྲག་ཅེས་ཚ་ཚེ་ཚི་གེ་མང་པོ་འདུག།

ཛ་དྲག་ས་ཤོར་བོད་ཀྱི་ཕྱོགས་ལ་ཝ་མོ་སྡར་མའི་ངང་ཚུལ་འཛིན།།

ཞྭ་སེར་བསྟན་པ་འཛིན་མཁན་ཚོས་ཀྱང་ཟ་ལེ་རྒྱལ་ཞེས་འཆའ་ལ་ཁལ།།

འ་ཅག་སངས་རྒྱས་བསྟན་པའི་ཕྱོགས་ལ་ཡ་མཚན་གནོད་པ་མ་བྱས་མོད།།

ར་རྒྱའི་དགོན་པའི་རྒྱ་དམག་བཞིན་དུ་ལ་ལ་ཁོང་ཁྲོས་གད་ལ་ཁལ།།

ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་ས་སྟེང་འདི་ན་ཡོད་དོ་ཅོག།

ཧ་ལམ་འདི་འདྲ་ག་ལ་ཡིན་མོད་ཨ་ཁུ་ཁ་ཤོས་སྨྱོ་ལ་ཁལ།།

ཨ་ལེ་སེམས་ཅན་ཐམས་ཅད་དཀའ་ཡང་ཧ་ལོ་མ་ལོ་མ་བརྗེད་ལོ།།

འདོན་སྤེལ།: ༢༠༠༩/༠༦/༡༡

  • loading