གྱེས་བྲལ་སྙིང་གི་རྨ་ཁ་ལྕི་བའི།།
བུ་མོ་ཞིག་གི་མིག་ཟུང་བར་ནས།།
བཅོས་མིན་འཛུམ་གྱི་འོད་སྣང་མཐོང་ནས།།
དེ་ཡི་ལོ་རྒྱུས་འཚོལ་བའི་དཀའ་བ།།
མ་སྐུལ་དང་དུ་བླངས་བའི་རི་མོ།།
གྲོགས་པོས་ལྟོས་ར་འདི་ན་བྲིས་ཡོད།།
སྡོང་ལོ་རླུང་གིས་ཁུར་བའི་མཚན་མོ་ཞིག་ལ།།
མཛའ་བོས་བོར་བའི་མཛའ་མོ་ཞིག་གིས།།
ཨ་ཁུ་ཟ་ལེ་བདེ་འམ་ཟེར་བཞིན།།
སིལ་ཏོག་ཐོག་ལ་སིལ་ཁུ་བཞག་ནས།།
འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པས།།
མྱི་རྒན་སེམས་ལ་དྭོགས་པ་སྐྱེས་ནས།།
མིག་གི་རྒྱལ་མོ་དམ་དུ་བཀག་ཏེ།།
བུ་མོ་ཆུང་ཆུང་གང་ནས་ཡིན་ཞེས།།
ཕ་མ་གཉིས་ཀའི་སྐད་ངག་མེད་ཀྱང་།།
ཉམས་ཆུང་ཞིག་གི་ཚུགས་ཀ་བསྟན་པས།།
ཨ་ཁུ་འུ་གཉིས་ཕ་ཡུལ་གཅིག་རེད།།
མ་མཐོང་རྒྱང་ནས་ཐོས་མྱོང་ཡོད་པས།།
དེ་རིང་ཁོམ་སྐབས་འདི་དང་བརྟུན་ནས།།
སྒེར་དོན་ཆུང་ཆུང་ཞིག་གི་ཞོར་ལ།།
ཨ་ཁུར་འཚམས་འདྲིར་ཡོང་བ་ཡིན་ཞེས།།
ཤིན་ཏུ་ཞི་བའི་ཉམས་དང་བཅས་ཏེ།།
དུད་བའི་མགོ་བོ་ཅུང་ཙམ་དགྱེ་ནས།།
ཨ་མས་གནང་བའི་གཤིས་ཀ་ཞིམ་པོ།།
ད་དུང་མ་ཡལ་བག་ལ་ཉར་ནས།།
མ་བཅོས་འཛུམ་གྱི་སྟོན་སྟངས་ཞིག་གིས།།
ཨ་ཁུ་སེམས་པའི་རང་ཚུགས་ལྷོད་སོང་།།
ཟ་ལེ་རྒྱལ་ལ་ཟ་སྐལ་མེད་པ།།
སྐད་ཆའི་བཤད་སྟངས་དེ་ནས་ཤེས་སོང་།།
རང་གི་སེམས་ལ་བདག་པོ་བརྒྱབས་ནས།།
སྐད་ཆ་ཕར་བཤད་ཚུར་བཤད་བྱས་པས།།
ཨ་མྱེ་རྨ་རྒྱལ་སྲས་སུ་འཁྲུངས་བའི།།
གྲོགས་པོ་དུག་ལྕེའི་བརྩེ་བའི་བདག་མོ།།
མ་བསམ་བདག་གི་སྒོ་ཁར་བསླེབས་འདུག།
ཁ་པར་ཞིག་ལ་ཡང་ཡང་ལྟ་བཞིན།།
ཐག་རིང་ཞིག་ལ་རེ་བ་བྱེད་བཞིན།།
བརྩེ་བ་ཞིག་གི་བཞུད་ལམ་སྒོམ་བཞིན།།
འཚོ་བ་ཞིག་གི་ཁ་དོག་བསམ་བཞིན།།
ཟ་མ་ཁམ་གང་ཟ་བའི་རིང་ལ།།
བརྩེ་བའི་ཁ་དོག་མང་བོ་མཐོང་བས།།
ང་ཡི་གྲོགས་པོས་དཔའ་རྟགས་བསྟན་ནས།།
རྡོ་རྗེ་བྲག་གི་དམ་བཅའ་གཏོར་ནས།།
སྟོད་འགག་ཐོག་ལ་ཕུ་ཐུང་བཟོས་ནས།།
ཕོ་གསར་ཞིག་གི་བཟོ་ལྟ་བཏོད་པ།།
ང་ཡིས་བལྟས་ན་ཅི་ཁག་འདོད་ཀི
