ཟ་ལེ་རྒྱལ་གྱི་ཟིན་བྲིས།

ཐོབ་ཐང་དགོས་ན་ཐོབ་སྟངས་ཤེས་དགོས།

ཐོབ་ཐང་དགོས་ན་ཐོབ་ཐང་ཤེས་དགོས།

ཚེ་རིང་སྐྱིད་ལ།

ཟ་ལེ་རྒྱལ་ནས།

ཕོ་མོའི་ཐོབ་ཐང་འདྲ་ན་ཡང་།།
ཕོ་མོའི་ཐོབ་སྟངས་འདྲ་འདྲ་མིན།།
པུས་མོ་བྲང་གི་ངོས་སུ་སྦྱོར།།
རིག་པ་སྟུ་ཡི་ནང་དུ་སྒྲིམས།།
ཨ་ཨི་ཨིན་གྱི་དབྱངས་རྟ་ཁུགས།།
ཡང་ན་པུས་མོ་ས་ལ་ཚུགས།།
སྙིམ་པ་ཀླད་པའི་གཙུག་ལ་སྦྱོར།།
འདོད་པའི་ལྷ་ལ་གསོལ་བ་ཐོབས།།
ཁོ་ལ་གཅིག་ཀྱང་མ་ཐོབ་གོང་།།
ཁྱོད་ལ་ཐེངས་གསུམ་ཐོབ་པར་ཤོག།
རེ་བའི་གནད་དུ་སླེབ་པ་ན།།
རང་རང་མ་ཤི་རང་རང་ཡིན།།
རང་གིས་གང་མགྱོགས་མ་བྱས་ན།།
ཁོ་ལ་ཐོབ་པའི་ལྷག་མ་ན།།
རོ་ལངས་རྒྱག་པར་བསྒུག་པ་ལས།།
ཁྱོད་ལ་ཐོབ་བྱ་ཅི་ཡང་མེད།།
རང་ལ་གང་དགོས་ཐོབ་པ་ན།།
ཁོ་ལ་འཐོབ་པར་རམ་འདེགས་བྱོས།།
ས་མཐའ་སྟོན་ནམ་རིང་མོ་ནས།།
ཐེངས་གཅིག་ཐོབ་པས་མི་ཚིམ་པས།།
ཕྱིས་འབྱུང་བདེ་བའི་ཆེད་དུ་སོམས།།
གཅིག་གྲོགས་གཅིག་གིས་བྱས་པ་ན།།
འདོད་པའི་འོ་མ་དཀྲུགས་པ་ལས།།
རེ་བའི་མར་ལོ་འཁྲུངས་པར་འགྱུར།།
དྲ་གྲོགས་གྲྭ་པ་གྲྭ་ཟུར་ཚོས།།
ཁྱོད་ཀྱི་རྩོད་གཞི་མ་མཁྱེན་པ།།
མེ་ཏོག་ལམ་ལ་མཐོལ་ལོ་གཤེགས།།
མཁས་པའི་མང་ངག་མིན་ན་ཡང་།།
འཇིག་རྟེན་རྒད་པོའི་ཉམས་མྱོང་དང་།།
དྲ་གྲོགས་ཚེ་བྷར་ཀུ་རེ་ཡིན།།

འདོན་སྤེལ།: ༢༠༠༩/༠༤/༢༣

 

  • loading