ཟ་ལེ་རྒྱལ་གྱི་ཀུ་རེ།
ཨ་ཁུ་བོན་རྒྱར་ཕུལ།
ཀ་བཞི་གདོང་བརྒྱད་དགོན་ན་སུན་གོ་ཁུ།། ཁ་ལས་རླུང་རྟ་ཆག་ན་འདོད་གོ་ཁུ།།
ག་དུས་ཡིན་ན་མཛེས་མ་གླེང་གོ་ཁུ།། ང་རྒྱལ་རླིག་པའི་ནང་ན་ལང་གོ་ཁུ།།
ཅ་ཅོ་གཏམ་བཤད་མང་པོ་བྱེད་གོ་ཁུ།། ཆ་ལུགས་ངན་པ་ཕྱི་ལ་ཤོར་གོ་ཁུ།།
ཇ་རྒོད་འཐུང་ནས་གྲྭ་རྒོད་སྨྱོ་གོ་ཁུ།། ཉ་ཉོག་བཤད་ནས་ཉི་མ་གཏོང་གོ་ཁུ།།
ཏ་ཐ་ཀ་ཐའི་བསྟན་པ་བཤིག་གོ་ཁུ།། ཐ་མད་མི་ཡི་བཟོ་ལྟ་སྟོན་གོ་ཁུ།།
ད་དུང་འདུལ་བའི་མདུད་པ་ལྷོད་གོ་ཁུ།། ན་ཆུང་བུ་མོའི་ནུ་མ་ལྟ་གོ་ཁུ།།
པ་ལོ་རིང་བོ་འཇོག་ན་འདོད་གོ་ཁུ། ཕ་རྒན་ཞིག་གི་གོ་ས་སྙེགས་གོ་ཁུ།།
བ་ལང་བོང་བུ་འཚོ་ན་འདོད་གོ་ཁུ།། མ་ནི་ཡིག་དྲུག་ཡིད་ན་བརྗེད་གོ་ཁུ།།
ཙ་རིའི་གནས་སྐོར་བྱེད་ལ་ཉོབ་གོ་ཁུ།། ཚ་གྲང་དཀའ་བ་སྤྱད་ནས་ཚར་གོ་ཁུ།།
ཛ་འབ་ལྷ་ལ་གསོལ་བ་འདེབ་གོ་ཁུ།། ཝ་མོས་སྟག་གི་རྨི་ལམ་རྨིས་གོ་ཁུ།།
ཞྭ་གོས་ལྟོ་གསུམ་དཀའ་ནོ་བརྗེད་གོ་ཁུ།། ཟ་འཐུང་རང་འགྲུབ་ཡིན་པ་འདོད་གོ་ཁུ།།
འ་གུ་ཚང་གི་བླ་རྒན་སྨྱོ་གོ་ཁུ།། ཡ་མཚན་མང་བོ་ཡིད་ལ་འཆར་གོ་ཁུ།།
ར་མ་རྒྱ་མོ་བཤའ་ན་འདོད་གོ་ཁུ།། ལྭ་བ་དམར་བོ་གོན་ནས་སུན་གོ་ཁུ།།
ཤ་ཚིལ་ཚོན་པོ་སེམས་ལ་སྒོམ་གོ་ཁུ།། ས་ལྡིང་གནམ་ལྡིང་བྱེད་པ་འདོད་གོ་ཁུ།།
ཧ་ལོ་ཟེར་བཞིན་རྒྱུག་པ་བསམ་གོ་ཁུ།། ཨ་ཅེ་ཚང་མར་ལས་པ་འདོད་གོ་ཁུ།།
ཧ་ཧ་ཕོ་སྒོ་མེད་ནོ་བརྗེད་གོ་ཁུ།། ཨ་ཁུའི་སྡོམ་པ་རང་ང་ཤོར་གོ་ཁུ།།
ཀ་ཆེན་བཞི་ཡི་ཡ་ཀྱལ་བསྟན་སྨྱོན་ལ།། ཁ་རྒྱག་ཚིག་འགའ་འབྲི་འདོད་སྐྱེས་བ་ལས།།
ག་དུས་ཡིན་ཡང་ཆོས་ལ་འབད་མཁན་ཚོར།། ང་ཡིས་ཚིག་ཟུར་ཙམ་ཡང་བྲིས་མེད་ལོ།།
ཅ་ཅོ་སྒྲོག་ལ་འདུན་པ་མེད་ནའང་།། ཆ་ཚང་གྲག་འགུལ་མེད་ན་མི་སྐྱིད་པས།།
ཇ་ཐང་ཙམ་གྱི་འགྲོ་སོན་མི་འདུག་པའི།། ཉ་ཉོག་ཚིག་འགའ་མི་བཤད་ཐབས་མེད་ཆགས།།
ཏ་ལེ་བླ་མའི་བཞུགས་སྒར་སྡ་ས་ན།། ཐ་སྙད་རིག་པའི་པ་པོ་མང་པོ་ཡིས།
ད་ལྟ་མཉམ་དུ་བགྲོ་གླེང་བྱེད་དོ་ཟེར།། ན་ནིང་ལྟ་བུ་མིན་པའི་སྨོན་ལམ་འདེབ།།
པ་པོ་རྣམས་ཀྱིས་མཁས་བཤད་བྱེད་པ་ལས།། ཕ་ས་གཉིས་བ་རྡ་སའི་བདེ་ས་ནས།།
བ་ཤ་གསང་བའི་སྒོ་ནས་ཟ་ཞོར་ལ།། མ་འོངས་བོད་པའི་བདེ་སྡུག་མ་བརྗེད་རོགས།།
ཙ་རིའི་ཡུལ་གྱི་གངས་རི་མང་བོ་ཡང་།། ཚ་དྲོད་འཕར་ནས་ཚར་གི་ཡོད་རབས་འདུག།
ཛ་དྲག་བོད་ཀྱི་གནས་སྟངས་ཇེ་སྡུག་རེད།། ཝ་སྤགས་སྟག་སྤགས་སྤངས་བས་ག་ལ་ཆོག།
ཞྭ་གོས་ལྷམ་དང་མོག་མོག་ཐུག་པ་སོགས།། ཟ་འཐུང་འཚོ་བ་བཤད་པའི་ཚད་མ་རེད།།
འ་ཅག་བོད་ཀྱི་དཔའ་བོ་དཔའ་མོ་ཚོས།། ཡ་རབ་སྤྱོད་པ་ཡི་གེར་བྲིས་བ་ཡིས།།
ར་ལུག་ཤན་པའི་ལག་ལ་ཤོར་བ་བཞིན།། ལ་ལུང་ཀུན་ནས་དྲུད་དེ་ཕྱིན་སོང་བས།།
ཤ་ཟ་གདོང་དམར་བོད་ཀྱི་མི་རྒྱུད་འདི།། ས་གསུམ་མཐུ་ལྡན་ཀུན་གྱིས་སྐྱབས་སུ་གསོལ།།
ཧ་ཅང་མང་བོ་བཤད་རྒྱུ་འདུག་ནའང་།། ཨ་ཁུ་ཟམ་གདོང་བླ་མས་སྡིགས་ན་ཐང་།།
ཟ་ལེ་རྒྱལ། (Wednesday, 09 September 2009 19:18)
རྭ་ལོ།
༢༠༠༩/༠༩/༠༨ ཉིན་འདོན་སྤེལ་བྱས།
རྭ་ལོའི་འདོམ་ན་ཤེད་ཀྱིས་ལངས་པའི་ཀ།
མགོ་ནས་རྩ་བར་བརྡེབ་ས་ཁྱོད་ཚོའི་ཁ།།
བཙུམ་རྒྱུ་མིན་ན་དགུང་གི་ཉི་མ་ག།
རྗེས་མ་འགྱོད་པ་སྐྱེས་དུས་འཕྱི་ཡོང་ང་།།
རྭ་ལོ།
༢༠༠༩/༠༩/༠༨ ཉིན་འདོན་སྤེལ་བྱས།
ཀ་མགོ་གཞུག་ལ་སྐོར་ཏེ་གཡུགས་པའི་ཀ།
ཁ་ལས་མ་དགེར་ཕོག་ས་ཁོང་ཚོའི་ཁ།།
ག་རེ་བཤད་དགོས་ཤེས་ན་དགོན་པ་ག།
ང་ནི་སོ་སོའི་ཁ་འདིར་ཡ་རེ་ང་།།
ཟ་ལེ་རྒྱུལ། (Wednesday, 09 September 2009 19:14)
ཁྱུང་ཚང་།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ར་རོའི་རོ་ཀི་བཟོ་འདྲའི་རོ་རྒྱག་པོ།
ལ་ཁ་ཐུར་ཁ་རྒྱུག་ཀི་ཚེགས་ཡངས་པོ།
ཤ་དང་ཤུར་ར་དགའ་གི་མགོ་ཤུད་པོ།
ས་མ་རིག་ལ་ལངས་ཀི་ལས་ངན་པོ།
ཨ་མདོ་མཚོ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ཀ་འདྲ་གི་ཤ་མཇེར་ཤོད་ལ༎
ཁ་འདྲ་གི་གཉའ་མའི་ནང་ང་༎
ག་མི་ཡེད་ནི་ཟིག་མེད་ནོ༎
ང་མིན་ར་ཟ་ལེ་རྒྱལ་རེད༎
ཟ་ལེ་རྒྱལ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ཀ་ར་བུ་རམ་བསྟན་ན་དགའ་ནོ།།
ཁ་ཡག་ངོ་བསྟོད་ཡས་ན་བསོ་ནོ།།
ག་དུས་ཡིན་ན་ཡེད་ཀི་འཇུག་ནོ།།
ང་ཡིས་བལྟས་ན་ཨ་མདོ་མཚོ་རེད།།
ཟ་ལེ་རྒྱལ།
༢༠༠༩/༠༩/༠༥ ཉིན་འདོན་སྤེལ་བྱས། ཀ་ཆེན་བཞི་བོ་གར་སོང་མི་ཤེས་ནོ།།
ཁ་ནག་གཉའ་མས་གྲུབ་རྟགས་བསྟན་ཟིག་པ།།
ག་དུས་དགེ་བ་ཐོབ་ན་སྒོ་ཅིག་བུད།།
ང་ལ་གསོན་པོར་ཡོད་པའི་བརྡ་ཞིག་རྒྱོབས།།
ཟ་ལེ་རྒྱལ།
༢༠༠༩/༠༩/༠༥ ཉིན་འདོན་སྤེལ་བྱས། ཀ་ཆེན་བཞི་ནི་བོན་རྒྱའི་བསྟན་རབ། སྤོབས་པ་མཐས་ཡས། མེ། སོག་ཤུལ་བློ་བཟང་རྒྱ་མཚོ་བཅས་རེད། དེ་ཟེར་མཁན་བོན་རྒྱ་ཁོ་རང་ཡིན།
ཨ་མདོ་མཚོ།
༢༠༠༩/༠༩/༠༥ ཉིན་འདོན་སྤེལ་བྱས། ཟ་ལེ་རོ་འདི་ཀུན་གྱི་མྱི་ཁ་ན༎
མགོ་སེར་བྱི་མོ་ཚོ་ཡི་གཉའ་ཁ་ན༎
སྐྱ་སེར་སྨྱུག་ཐོགས་ཀུན་གྱི་དགོད་ཁ་ན༎
ཐམས་ཅད་ཟ་ལེ་རྒྱལ་གྱི་སྨྱུག་ཁ་ན༎
ཨ་མདོ་མཚོ།
༢༠༠༩/༠༩/༠༥ ཉིན་འདོན་སྤེལ་བྱས། ཀ་ར་བུ་རམ་ཟ་ནོ་ཁ་རེད༎
ཁ་གཉིས་མགོ་སྐོར་གཏོང་ནོ་ག་རེད༎
ག་ལ་བློ་གཏོད་ཡེད་ནོ་ང་རེད༎
ང་ལ་ཁྲེད་མེད་བཅའ་ནོ་ཁྱོད་རེད༎
ཟ་ལེ་རྒྱལ།
༢༠༠༩/༠༩/༠༥ ཉིན་འདོན་སྤེལ་བྱས། ཤ་ཤ་ཡི་ནང་ན་འགྲོ་དུས།།
ཡ་མིན་ནས་ཡིད་ན་ཅང་མེད།།
སྐྱིད་རྒྱུ་མའི་ནང་ལ་བབས་རྗེས།།
སྐྱོན་ཕར་འཛུག་ཚུར་འཛུག་མ་ཡེད།།
khawatso (Wednesday, 09 September 2009 19:11)
ཁ་བ་དཀར་པོ།
༢༠༠༩/༠༩/༠༣ ཉིན་འདོན་སྤེལ་བྱས། ཀ་རྩོམ་མ་རྩོམ་འབྲི་ཟོ་མི་ཤེས་ར། །
ཁ་ནས་གང་ཡོང་བཤད་རྒྱོ་དཀའ་ལས་མེད། །
ག་ནས་བསྡད་རུང་ཤེས་བྱ་རིག་པའི་ནོར། །
ང་ཁྱོད་མེད་པར་བགོ་བཤའ་བྱེད་ན་འདོད། །
ཟ་ལེ་རྒྱལ།
༢༠༠༩/༠༩/༠༣ ཉིན་འདོན་སྤེལ་བྱས། ཀ་ཞིག་མགོ་ན་ཡོད་ན་ཀ་རྩོམ་རེད།།
ཁ་ནས་ཁྱི་བཤད་བྱོས་ར་ཟིན་བྲིས་རེད།།
ག་འདེན་འདི་བདེན་ཞེས་ན་བསམ་འཆར་རེད།།
ང་བཟང་ཁྱོད་ངན་ཞེས་ན་རྩོད་པ་རེད།།
ཨ་མདོ་མཚོ།
༢༠༠༩/༠༩/༠༣ ཉིན་འདོན་སྤེལ་བྱས། ར་འདུལ་བའི་ཁྲིམས་ནས་བུད་ལ༎
ལྭ་དམར་བོའི་མནབས་བཟའ་ཧུད་གྲ།
ཤ་གཉའ་མའི་ཕྱོགས་ན་དགྲ་མེད༎
ས་བཅུ་བ་ཅན་པོ་མ་རེད༎
ཟ་ལེ་རྒྱལ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ས་མ་རུབ་སེམས་ལ་ཤར་ནོ།།
ཤ་གཉའ་མའི་ནང་གི་དྲོད་ཡིན།།
ལྭ་མ་ཧུད་གླན་ན་སྐྱིད་ནོ།།
ར་ཐང་སྨིག་ནང་གི་རོག་ཡིན།།
ཟ་ལེ་རྒྱལ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ཤི་དམྱལ་བ་ཐུ་ནོ་ཤེས་རུང།།
ཤུར་གན་གི་ལས་ར་དོན་ན།།
ཤེད་ཚད་ནས་བཀོད་པ་མེད་ནོ།།
ཤོ་དཀྱིས་མཐོ་གང་གི་སྐྱོན་རེད།།
ཨ་མདོ་མཚོ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ས་སྡེ་ཆེན་རྩེད་ར་ནང་ན༎
ཤ་གཉའ་མའི་རེ་བལྟས་ཅན་གོ།
ལྭ་གོན་རུང་ཐུབ་རྒྱུ་མེད་ནོ༎
རྭ་ཤེད་ཆེན་ཤོ་གི་ཤ་རེད༎
ཟ་ལེ་རྒྱལ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། རྭ་མེད་རུང་རང་ཚུགས་བཟུང་ནས།།
ལྭ་མེད་རུང་སྐྱི་མོ་གོན་ནོ།།
ཤ་གཉའ་མ་དགའ་ནི་མིན་ར།།
ས་སྡེ་ཆེན་རོག་གི་དོན་ཡིན།།
ཟ་ལེ་རྒྱལ།
༢༠༠༩/༠༩/༠༤ ཉིན་འདོན་སྤེལ་བྱས། ཅ་རིལ་འདྲ་བའི་རླིག་རིལ་གཉིས་ཀ།
ཆ་ཡོད་ཆ་མེད་གཉིས་ཀ་སྦས་ཏེ།།
ཇ་ཁ་ཆང་ཁ་ཉུལ་ནས་འགྲོ་དུས།།
ཉ་མོ་ས་ཁར་ལྷུང་བ་བཞིན་དུ།།
ས་ལྡིང་གནམ་ལྡིང་ཡེད་ཀི་འདུག་གི།