དུས་བབ་ཚང་གི་ཀ་ཆེན་བཞི་ལ་བསྐུར་བའི་འཕྲིན།།

ཀ་ཆེན་བཞི་ནི་བོན་རྒྱའི་བསྟན་འཛིན་རབ་རྒྱས། སོག་ཤུལ་བློ་བཟང་རྒྱ་མཚོ། སྤོབས་པ་མཐས་ཡས། མེ་བཅས་རེད། དེ་ཟེར་ནོ་བོན་རྒྱ་ཁོ་རང་རེད།

ཀ་ཆེན་བཞི་བོ་ཅིག་ནས་ཤི་ཟིག་པ།།

ཁ་ནག་གཉས་མས་གྲུབ་རྟགས་བསྟན་ཟིག་པ།།

ག་དུས་དགེ་བ་ཐོབས་ན་སྒོར་བུད་པ།།

ང་ལ་གསོན་པོར་ཡོད་པའི་བརྡ་རྒྱོབས་པ།།

ཅ་ཅོ་གཏམ་ཉོག་མེད་ལ་དལ་འཇགས་སེ།།

ཆ་ལུགས་རྩོག་པ་མེད་ལ་ལྷོད་འཇགས་སེ།།

ཇ་གཏམ་ཆང་གཏམ་མེད་ལ་སྟོང་ཧབ་བེ།།

ཉ་གེ་ཉོག་གེ་མེད་ལ་གཉིད་སངས་སེ།།

ཏ་ཡང་སྒོར་མོའི་དོན་ལ་འདར་འདར་འདར།།

ཐ་སྙད་བཙན་གྱིས་བསྒྲིགས་ཏེ་ཡོམ་ཡོམ་ཡོམ།།

ད་དུང་མཁས་མདོག་བསྟན་ཏེ་དྲོགས་དྲོགས་དྲོགས།།

ན་བཟའ་དམར་བོ་རླུང་གིས་ལྷབ་ལྷབ་ལྷབ།།

པ་རྒྱ་པ་ཁོ་ཁ་ལྕེ་བདེ་མོ་ཅན།།

ཕ་རེ་སི་ཡི་སྣང་བ་སྐྱིད་པོ་ཅན།།

བ་ལ་མིན་ཡང་ཟ་འཐུང་རང་འགྲུབ་ཅན།།

མ་རབ་མིན་ཡང་ཚིག་ཟུར་རྣོན་པོ་ཅན།།

ཙ་རིའི་གནས་སྐོར་ཙམ་ཡང་བྱས་མེད་པ།།

ཚ་བོ་ཚ་མོ་མ་གཏོགས་ཤུལ་མེད་པ།།

ཛ་ལང་སྤྱོད་པ་མ་གཏོགས་ཆོས་མེད་པ།།

ཝ་ལེར་བསམ་ན་འདུག་སའི་ཡུལ་མེད་པ།།

ཞྭ་མོ་སེར་པོ་གོན་ནོ་གཡོ་ཡིན་པ།།

ཟ་འཐུང་རྒྱབ་རྐང་ཙམ་གྱི་དོན་ཡིན་པ།།

འ་ཅག་བོད་དོན་བསྒྲུབས་ནོ་རྫུན་ཡིན་པ།།

ཡ་མཚན་མེད་པའི་གྲུབ་རྟགས་ཙམ་ཡིན་པ།།

ར་ལུག་འཚོ་རྒྱུར་གཡོལ་བའི་ཐབས་ཡིན་པ།།

ལ་ལ་ཕལ་ཆེར་ང་དང་གཅིག་ཡིན་པ།།

ཤ་ཁྲག་སྣུམ་པོ་རིག་ན་སེམས་འགུལ་པ།།

ས་ས་སྒ་སྒ་བྱས་ན་འགྱོད་མེད་པ།།

ཧ་ལེ་ཧོ་ལེ་བསྡད་ན་ཆོ་མེད་པ།།

ཨ་རོ་ད་ལྟ་ལོག་ན་འཕྱི་མེད་པ།།

ཧ་ཅང་མཁས་བ་མིན་ཡང་ནོར་མེད་པ།།

ཨ་ལ་རྩེས་མོ་ཡིན་ནོ་གནོད་མེད་པ།།

 

འདོན་སྤེལ།: ༢༠༠༩/༠༩/༠༥

  • loading
  • #1

    ང་དུར་ཁྲོད། (Tuesday, 04 October 2011 13:10)

    ཝེ། གསལ་ལེ་རྒྱལ། གོ་མྱོང་ལ་རྩོམ་ཡིག་རེ་ཟུང་ཞིག་བཀླགས་ཀྱང་མྱོང་། སྟེས་དབང་ཞིག་གིས་གྷོ་གྷལ་འཚོལ་ས་ནས་ཁྱོད་འཇུར་ནས་ཐོན་ཐལ། ཁ་བྲོ། བདེ་མོ་ཞིག་བྲིས་འདུག་ག། ཕལ་ཆེར་ཨ་ཁུ་ཟླ་བྷེའི་སློབ་མ་བྱས་ཟིག་པ། དགུ་ཚིག་བསྒྲིགས་ནས་དགེ་བ་ཐོབ་ཟིག་པ། ཕྱི་རྒྱལ་སྲང་ནས་སྨྱོ་རྟགས་བསྟན་ཟིག་པ། ད་དུང་ཡིན་མདོག་བསྟན་ནས་སོང་ཟིག་པ།། ཧཧཧཧ་ཀུ་རེ་ཡིན། ཡག་པོ་བྲིས་འདུག ཡང་ཡང་ཡོང་གི་ཡིན།

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།