<< ནུ་མ།
དྲིན་ཆེན་ཨ་མའི་འོ་འཛིན་སྐྱོར་ཏེ་བྱམས་དང་བརྩེ་བའི་རྩ་བ་བརྙེད།།
ཐིའུ་དཀར་འབྲི་མོའི་ནུ་མ་བཞོས་ཏེ་ཞོ་དང་འོ་མའི་ཞིམ་མངར་ཚོར།།
ན་ཆུང་བུ་མོའི་མྱོས་བུམ་ཕུར་ཏེ་ཕོ་ལོ་ཉི་ཤུའི་ཚོར་བ་བཙལ།།
སྣ་ཚོགས་ནུས་བའི་སྟོབས་ཀྱིས་གང་བའི་ཤ་ཡི་བུམ་པ་འོ་མའི་སྣོད།།
སྟག་ཤར་དར་མའི་རང་ཚུགས་འཕྲོག་པའི་བརྩེ་བའི་མ་མ་མིག་གི་དཔྱིད།།
རང་གི་བྲང་ན་ཤུལ་ཡང་མེད་པས་ཁྱོད་ལ་ལྟ་བཞིན་ཁྱོད་ལ་སྨོན།།
ཚ་གྲང་དཀའ་སྡུག་གང་ལ་ཐུག་ཀྱང་སྤོབས་པའི་མགོ་བོ་མི་ཐེག་པའི།།
ནོར་བུའི་ཏོག་ལྡན་རྨོངས་བའི་རྨི་ཐག་རེ་བའི་ཁྲི་ནས་མ་ལྷུང་བར།།
རང་དབང་ཅན་གྱི་ས་ཆ་ཞིག་ནས་རང་དགར་རྒྱུ་བའི་ལས་མེད་ཀྱང་།།
བྲང་གི་ནུ་མ་ཡོམ་ཡོམ་འདར་བའི་ཡུལ་གྲུ་ཞིག་ནས་རྒས་བར་ཤོག།
>>
