ཟ་ལེ་རྒྱལ་གྱི་ཟིན་བྲིས།

 

བུ་མོ་དུང་དཀར་མཐོང་རྗེས

 

བོད་ཀྱི་དུས་བབ་སྟེང་ན་བོན་རྒྱའི་སྦྲ་རྒན་ཞིག།

སྒྲ་རྒན་ནག་ལྡང་ནང་ན་དུང་གི་བུ་མོ་ཞིག།

དུང་གི་བུ་མོའི་བྲང་ན་དུང་གི་ནུ་མ་ཞིག།

བླ་རྒན་དམར་ལྡང་སེམས་ན་དུང་གི་བརྩེ་བ་ཞིག།

དུང་སོ་སུམ་ཅུའི་བར་ན་སྨྲ་ལྕེ་ཐོགས་མེད་ཅིག།

དུང་གི་བརྩེ་བའི་སྟེང་ན་གཟན་གྱི་ལྷན་པ་ཞིག།

གཟན་དང་ཤན་ཐུབ་བར་ན་དམ་ཚིག་འགུལ་མེད་ཅིག།

བརླ་བར་བརླིག་པའི་ཁྲི་ན་ཤ་མཇེ་བེད་མེད་ཅིག།

སྦྲ་རྒན་ནག་ལྡང་ནང་ན་མགྲོན་པོ་གྲངས་མེད་ཅིང།

དྲ་གྲོགས་ཚང་མའི་སེམས་ན་ཧམ་པ་ཚད་མེད་ཅིག།

འཇིག་རྟེན་རྒད་པོ་རྒྱུགས་ར་གོ་སྐབས་དཔེ་མེད་ཅིག།

 

འདོན་སྤེལ།: ༢༠༠༩/༠༥/༡༤

 

  • loading