རྒྱོ་རྒྱག་གི་ཤོག རྫུ་མ་བྱེད།
ཀ་རྩོམ་བྲིས་ན་དྲ་བདག་རྒད་པོས་ཟ་དང་ཟུར་ནས་སྡིགས་ནའང་།།
ཁ་ཡི་ནང་ལ་མཛུབ་མོ་བཙུག་ནས་བསམ་བློ་མང་པོ་བཏང་བ་ན།།
ག་ས་གང་ན་འཇིགས་ས་མང་བས་ཉལ་ནས་འདུག་ན་མི་འདོད་པས།།
ང་རང་ཡང་བསྐྱར་ཡར་ལ་ལང་ནས་ཡིད་ལ་ཡོང་ཚད་འབྲི་ཡི་ཡིན།།
ཅ་ལ་ནག་པོའི་མགོ་རྒྱན་ཅན་གྱི་ཁྱིམ་མཚེས་ཨ་རོགས་ཁམས་པ་དང་།།
ཆ་ལུགས་རྒྱ་བཟའ་ཀོང་ཇོ་དང་མཚུངས་ཨ་ཅེ་ཚེ་རིང་དབྱངས་འཛོམས་སོགས།།
ཇ་ཁང་ནང་ལ་མཉམ་དུ་འཛོམས་ནས་རྒྱོ་སྟངས་སྒྱུ་རྩལ་གླེང་བའི་དུས།།
ཉ་མོ་ས་ཁར་ལྷུང་བ་བཞིན་དུ་དོན་ལྔ་སྣོད་དྲུག་ཚ་བས་འཁྱབས།།
ཏྰ་ལེ་བླ་མར་གསོལ་བ་འདེབ་བཞིན་ཉལ་ནས་བསྡད་ན་བསོ་ནའང་།།
ཐ་མག་ཉོ་བྱེད་སྒོར་མོ་འགའ་དང་ཆང་རག་འཐུང་བྱེད་ཉུང་ཙམ་དང་།།
ད་དུང་ཤ་ཚིལ་རྒྱ་མ་འགའ་བཅས་འཚོ་བའི་ཁ་སྣོན་འཚོལ་ཞོར་ལ།།
ན་ཆུང་བུ་མོ་མཛེས་མ་དག་གི་ནུ་མ་ཡིན་ཡང་རིག་ན་འདོད།།
པ་ལོ་རིང་མོ་རྒྱབ་ལ་གཡུག་ནས་མེ་ལོང་མདུན་དུ་ལང་བ་ན།།
ཕ་རྒན་ང་ཡི་ལུས་སྟེང་འདི་ན་ཕོ་གསར་ཞིག་གི་བཟོ་ལྟ་འདུག།
བ་དང་མི་བ་ཐེ་ཚོམ་ཡིན་ཡང་འགྲོ་ན་འདོད་དེ་མི་བཟོད་པས།།
མ་གུའི་ལམ་གྱི་བཞི་མདོར་ཡོང་ནས་ཡར་ལྟ་མར་ལྟ་བྱེད་བཞིན་ཡོད།།
ཙ་རིའི་ཕྱོགས་ནས་ཡོང་བའི་རྟགས་ལ་གདོང་མདོག་ཅུང་ཙམ་སྨུག་པ་དེར།།
ཚ་བ་ཅན་གྱི་མཛེས་མ་ཚང་མ་དགའ་རབས་གོ་ནས་སྤོབས་པར་བློམས།།
ཛ་མེ་འཛུམ་མེ་བྱེད་པའི་ཞོར་ལ་ཁ་བརྡ་བྱེད་བཞིན་མིག་བརྡ་བྱས།།
ཝ་མོའི་སེམས་ལ་སེང་གེ་ཟ་འདོད་འཕྲུལ་བའི་སྣང་བ་སྣ་ཚོགས་ཤར།།
ཞ་ར་གྱོལ་བོ་མིན་པའི་ཐོག་ལ་ཕོ་གསར་དར་མའི་སྣང་བ་ཡོད།།
ཟ་འཐུང་འཚོ་བ་བཟང་བའི་སྟོབས་ཀྱིས་ཕག་རྒོད་ངར་མའི་ལུས་སྟོབས་ཡོད།།
འ་ཅག་བོད་མོར་འོས་ཤིང་འཚམས་པའི་མཚན་མ་ནོར་བུའི་ཏོག་ལྡན་ཡོད།།
ཡ་རབ་ཡིན་མདོག་རྫུ་ལ་མ་ཞུགས་སུ་ལ་མཁོ་ན་ང་ལ་ཤོད།།
ར་མ་ལུག་གི་ལས་སྟངས་དེ་ནི་རྫུན་མ་མིན་པས་མི་ཡག་གམ།།
ལ་ལུང་ཤར་ཤུར་འཚོལ་དོན་མེད་པས་སྟབས་བདེ་གོ་བདེ་མི་མཐོང་ངམ།།
ཤ་དང་ཤོ་ཡི་འབྲེལ་བ་འདི་ནི་ཤར་དང་ནུབ་ན་གཅིག་པ་རེད།།
ས་ཆ་ཁ་ཁུ་སིམ་པོ་ཞིག་ནས་རྫུན་མ་འཁྲབ་དོན་ཅི་ལ་འདུག།
ཧ་ཅང་ཡ་རབ་ཡིན་མདོག་བསྟན་ནས་སྒོ་དང་སྒེའུ་ཁུང་བརྒྱབས་ནའང་།།
ཧ་དང་ཧིན་གྱི་སྒྲ་དབྱངས་མཐོན་པོས་ཁྱིམ་མཚེས་གཉིད་ལས་སློང་བ་དང་།།
ཨ་ཕ་ཨ་མར་འོ་བརྒྱལ་བཟོ་བ་ཡ་རབ་ཡིན་པའི་ལོ་རྒྱུས་གང་།།
ཨ་ཅེ་ཚོ་ལ་ཆགས་པ་སྐྱེས་ན་གང་ནས་རེག་ན་དེ་ནས་བྱོས།།
ཟ་ལེ་རྒྱལ། (Tuesday, 24 November 2009 16:10)
འདི་ནི་དུས་བབ་ཟིན་བྲིས་སྟེང་ལ་བྲིས་བ་ཡིན། དུས་བབ་ཚང་ཀ་རྩོམ་ལདེ་ཙམ་མི་དགས་བས་མགོའི་ཚིག་དེ་འབྲི་དགོས་བྱུང་།