སློབ་འབྲིང་སློབ་མ་ཞིག་གི་མགྲོན་འབོད།
ཟ་ལེ་རྒྱལ་གྱིས།
ཕ་མ་གཉིས་ཀ་དབུས་ལ་ཕྱིན་སོང་ང་རང་ཁྱིམ་གྱི་རྒྱལ་བོ་ཉན་ཡོད།།
སེར་བོ་གསེར་གྱི་གོ་སྐབས་འདི་ལ་དམར་བོ་མེ་ཡི་བརྩེ་བ་སྐྱོང་ཕྱིར།།
ཉི་མ་ལོག་གི་འབྲས་བུ་ཉོས་ནས་མྱི་རྐྱང་ཐུག་པས་གྲ་སྒྲིག་བྱས་ཏེ།།
ང་ཡི་སྙིང་གི་མཛའ་མོ་ཁྱོད་ལ་རྟེན་འབྲེལ་ཐོག་མའི་ཆོ་ག་བཤམས་ཡོད།།
དགེ་རྒན་བཙན་པོའི་ལས་བྱ་མང་བོ་ཉལ་ཁྲི་མཐོན་པོའི་ཟུར་ལ་གཡུག་ཞོགས།།
དབྱུག་པ་མཁྲེགས་པོས་ཤུགས་ཀྱིས་བརྒྱབས་པའི་ན་ཟུག་སྙིང་ལ་ཤིན་ཏུ་གཟེར་ཡང་།།
ད་ཐེངས་རེག་པའི་གོ་སྐབས་འདི་ལ་གཞོལ་བའི་ཐབས་ཤེས་གང་ཡང་མེད་པས།།
བདེ་སྡུག་གཉིས་ཀ་མཉམ་དུ་འཁུར་ཆོག་ང་རང་སྐྲག་གི་མི་ཡོང་མ་ཟེར།།
འགྲམ་ངོས་གཉིས་སུ་མཆུ་འདབས་སྦྱར་ཏེ་ཁ་དང་ལྕེ་ལ་ཁ་ཐག་ཉེ་ཞིང་།།
ནུ་མ་གཉིས་ལ་འགྲོགས་ཤིང་འདྲིས་བས་ལུས་ཀྱི་སྟོད་ལ་ངོ་ཤེས་ཆགས་ཀྱང་།།
ཁ་ཁུ་སིམ་པའི་ཁོར་ཡུག་ཅིག་ནས་འཁྱུད་པའི་སྐལ་བ་རིང་དུ་ཤོར་བས།།
རིན་ཆེན་ལྟེ་བའི་གཤམ་འོག་འདི་ན་ད་དུང་བརྩེ་བའི་གསང་བ་ལུས་ཡོད།།
སློབ་གྲྭའི་ཁྲིམས་དང་ཕ་མའི་བཀའ་ཡིས་གཉའ་ནས་མནན་ཏེ་ཡང་ཡང་བཙུར་བས།།
བརྒྱད་གཉིས་རྫོགས་པའི་ལང་ཚོ་གསར་བ་རེ་བའི་ཡུལ་ནས་ཡུན་གྱིས་བཞུད་པས།།
སང་ཉིན་གནངས་ཉིན་འོངས་བར་རེ་བའི་བདེ་བ་དེ་ལ་ཡིད་ཆེས་བྱས་ཀྱང་།།
ཁ་སང་དེ་རིང་ལག་ནས་ཤོར་བའི་གོ་སྐབས་འདི་ལ་ཅི་འདྲས་ཕངས་འང་།།
སློབ་གྲོགས་ཚོ་ལ་གཤོབ་ཅིག་གཏམ་ཏེ་མགོ་བོ་ན་བའི་རྟགས་ཤིག་མངོན་བཞིན།།
ཨ་ཆེ་སྒྲོལ་མར་བློ་ཞིག་དྲིས་ཏེ་མངལ་སྒོ་འགོག་པའི་སྨན་ཞིག་ཉོས་ནས།།
བྱ་ལྟར་འཕུར་བའི་གཤོག་པ་མེད་ཀྱང་གོམ་སྟབས་ཆེན་པོས་མྱུར་ཏུ་ཤོག་དང་།།
ང་ཡིས་སྣང་བ་སྣ་ཚོགས་སྒོམ་བཞིན་རྒྱ་སྒོའི་ཕྱོགས་སུ་མིག་ཟུང་ཅེར་ཡོད།།
འདོན་སྤེལ།: ༢༠༡༠/༠༤/༠༧
