ནོར་རྫི་སྤེན་པ།


ནོར་རྫི་སྤེན་པ་ནི་གཤིས་རྒྱུད་དྲང་ན་ངང་རྒྱུད་འཇམ་པའི་རྫི་བོ་དཔེ་བཟང་ཅན་ཞིག་ཡིན་པར་བཤད། བདེན་མིན་གང་ལྟར་ཡང་དེང་སྐབས་ཁོ་རང་ཕ་རྒན་གྱི་སེམས་རྟེན་མི་ཉན་ཡང་ལག་རྟེན་གྱི་ཚབ་ཏུ་བཟུང་ཡོད་ལ་ཁོང་ཚང་གི་ནོར་རྫི་ཡང་ཡིན། ཁོ་ལ་ཕོ་སྒོ་དེ་ཙམ་མེད་ནའང་ལུས་སྟོབས་ཆེ་ལ་གདོང་དབྱིབས་ནི་རྡོ་ཡིས་ལས་བའི་སེང་གེ་ཞིག་དང་འདྲ་བས། ནོར་རྫི་ཐུབ་མིན་གང་ལྟར་ཡང་ཕར་བལྟས་ཚོད་ལ་ཁྱི་སྤྱང་གི་ཉེན་ཁ་འགོག་པའི་ནུས་བ་ཅུང་ཙམ་ལོས་ཡོད་འདོད་པའི་སྣང་བ་སྟེར། ཁོ་རང་ཡུལ་གྱར་བའི་ལུང་བ་ཞིག་ནས་སྐྱེས་བ་ཡིན་པས་བུ་རང་སྐྱེས་དང་རྒྱ་མ་རང་ཐེག་མ་ཐུབ་ཚེ་སྡུག་གཏམ་བཤད་ས་སུའང་མེད། དེ་བས་ཁོས་ཚེ་མཇུག་ལ་མཁའ་དབུགས་གཙང་མ་བརྔུབ་སའི་ཁོར་ཡུག་ཅིག་འཚོལ་དགོས་ཀྱི་འདུག་ཅེས་རྒྱུན་དུ་བཤད་བཞིན་ཡོད།

ཁོ་རང་ན་ནིང་གསར་དུ་ནོར་རྫི་དཔེ་ལགས་ཅན་ལ་འདེམས་ནས་ཡུན་རིང་འགོར་མེད། རྟག་པར་ཁོས་ནོར་འཚོ་ས་དེ་རྩྭ་བཟང་ཐང་དང་ཆུ་བཟང་སྒང་སོགས་ཡིན་པས་ནོར་ནག་ལ་ཤ་ཤེད་རྒྱས་བ་ཤིན་ཏུ་བཟང་། ཁོ་ཚང་ལ་ནོར་ནག་བཞི་བཅུ་ཙམ་ཡོད་ལ། དེའི་ནང་ན་བ་ལང་འགའ་དང་ལྟོལ་ལུ་འགའ་ཡང་ཡོད། འབྲི་རྒན་སྔོ་ཐོ་མ་དང་འབྲི་རྒན་རོག་འཁྱོག་མ་གཉིས་ནོར་ཁྱི་འདི་ནས་ལོ་མང་འགོར་ནའང་ད་དུང་བེའུ་གཅིག་ཀྱང་ཁྲིད་མ་མྱོང་བའི་འབྲི་སྐམ་གཉིས་ཡིན། ན་ནིང་ཕྱུགས་བདག་ཚང་གིས་དགུན་ཤར་བེད་སྤྱད་བྱས་ན་ལེགས་ཚུལ་གྱི་ནང་གྲོས་ཤིག་བྱས་ནའང་ནོར་རྒྱུད་དགའ་ཞིག་ཡིན་པས་ད་དུང་ལོ་འགར་ཉར་རྒྱུའི་གྲོས་ཐོག་ལ་བབས།

སྤྱིར་ནོར་རྒྱུད་བཟང་བའི་འབྲི་མོ་འདི་གཉིས་ནོར་ཁྱུ་ནས་གྲགས་འགུལ་མེད་ནའང་ད་ལོའི་དབྱར་ཁར་ཁོ་གཉིས་ལ་ཤ་ཤེད་རྒྱས་བ་བཟང་བས་ཧར་སྒྲ་སྒྲོག་བཞིན་མགོ་ཐུག་བརྒྱབས་ནས་གཡག་རྒན་ཚོ་ལྷས་ར་ནས་ཕྱི་ལ་དེད། གླང་རྒན་དམར་ལྡང་ཚོས་འབྲི་གཡག་གི་རྩོད་གཞི་ངོ་མ་དེ་མ་ཤེས་བར་འབྲི་རྒན་གཉིས་ཀའི་གཅིན་དྲི་ལ་སྣོམ་བཞིན་ཡར་དཀྲུག་མར་དཀྲུག་བྱས་པས་ལྷས་རའི་ནང་གི་འཁྲུག་འཛིང་ཇེ་ཆེར་གྱུར། ནོར་རྫི་སྤེན་པ་འུ་ཐུག་ཏེ་ལྷས་འདབས་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན། སྐད་མགོ་དམའ་མོ་བྱོས། སྤྱང་ཀིས་གོ་རྒྱུ་རེད། སྤྱང་ཀི་ཡོང་ན་ང་ཚོ་ཚང་མས་འགན་འཁུར་དགོས་བ་ལས་ང་ནོར་རྫི་གཅིག་པུས་འགན་འཁུར་ཐུབ་ཀི་མ་རེད་ཅེས་ཚང་མའི་ཁ་འགོག་ཐབས་བྱས་ནའང་མཐའ་མ་དེར་ཚང་མ་རང་རང་སར་གྱེས་ཏེ་ལྷས་ར་སྟོང་བར་ལུས། དྲང་མོར་བཤད་ན་ལྷས་ར་འདི་སྟོང་བར་ལྷག་དོན་འབྲི་རྒན་འདི་གཉིས་ཀའི་གཅིན་དྲི་མ་འགྲིག་པ་ཡིན་ལ་གླང་རྒན་དམར་ལྡང་ཚོའི་ཧོལ་རྒྱུག་མ་འགྲིག་པའང་ཡིན། སྤྱིར་ཡིན་ན་གླང་རྒན་འདི་དག་རྩྭ་ཆུ་འཛོམས་ཤིང་དྲོད་གྲང་སྙོམས་པའི་ཁོར་ཡུག་ཁུ་སིམ་ཞིག་ནས་རང་དགར་བསྡད་ན་འོས་མོད། ཐམས་ཅད་ཐོབ་ཐང་ཡིན་ཞེས་མཐོ་སྒང་གི་མེ་ཏོག་ཟ་འདོད་ཀྱིས་གཡག་རྒན་ཚོའི་ལྷས་རར་འཚང་གིན་ཡོད།

ནོར་རྫི་སྤེན་པ་ནི་རྫི་བོ་དཔེ་ལེགས་ཤིག་ཡིན་པ་བདེན་པའི་དབང་དུ་བཏང་ཡང་། རྫི་བོ་འདིའི་དཀའ་ངལ་ངོ་མ་དེ་ཁོས་གཡག་གི་ངུར་སྒྲ་སྒྲོག་མི་ཤེས་ལ་བ་ལང་གི་རྩྭ་ཟ་སྟངས་དང་ཆུ་འཐུང་སྟངས་དེ་བས་ཀྱང་མི་ཤེས་པས་རེད་ལ། གཤིས་རྒྱུད་མི་གཅིག་པའི་བ་ལང་དང་ནོག་ནག་མཉམ་འཚོ་བྱེད་དགོས་བ་དེ་ཁོའི་དཀའ་ངལ་གྱི་དཀའ་ངལ་ཡང་རེད།   

  • loading
  • #1

    མགུར་རུ་རྒྱང་འཐེན། (Thursday, 03 December 2009 13:14)

    ནོར་རྫི་སྤེན་པའི་གཏམ་རྒྱུད་ཐད་ང་ཚོས་བསམ་བློ་གཏིང་ཟབ་པ་ཞིག་གཏོང་དགོས་པར་འདོད། སྤྱིར་བཏང་བྱས་ན་རོ་འབུད་རྒྱུའི་ལམ་གྲོན་གྱི་གནད་དོན་རེད། ཡིན་ཡང་རྗེས་ལ་སྤྱི་འཐུས་ཚོས་རྣོ་ངར་ལྡན་པའི་རྩོད་གླེང་བརྒྱུད་ནས་དེ་ནང་འཐེན་འཁྱེར་རང་བཞིན་ཅན་དང་ཧམ་སེམས་རང་བཞིན་ཅན་འདྲེས་པར་གྱུར། དེའི་ནང་ཆོལ་ཁ་དང་ས་གནས་ཀྱི་གནད་དོན་འདྲེས་ཤིང་། ལོ་དུ་མའི་རིང་གི་སྒེར་གྱི་འཁོན་སེམས་ཡང་འདྲེས། ཚོགས་གཙོའི་ཆབ་སྲིད་ཀྱི་ཧམ་སེམས་འདྲེས། དུས་མཉམ་དུ་ནོར་རྫི་སྤེན་པ་མི་ཚོས་འཆི་ལམ་དུ་རྫིང་བཞིན་པ་རེད། བསོད་ནམས་སྟོབས་རྒྱལ་ནི་གནད་དོན་འདིའི་མེ་གཏའ་རེད། སྒྲོལ་མ་ཚེ་རིང་གིས་ཆེད་དུ་མེ་གཏའ་སྒྲོན་པ་རེད། གཞན་མང་པོ་ཞིག་མིའི་བེད་སྤྱོད་དུ་འོག་ཏུ་ཚུད། དེ་ལས་ཀྱང་མང་པོ་ཞིག་སྐྱིད་ས་ནས་སྡུག་སར་བསྐྱལ་བ་རེད། འོན་ཀྱང་ཀརྨ་ཆོས་འཕེལ་ཐེངས་འདིའི་དོན་གནད་ནང་རྒྱལ་ཁ་ཐོབ་མཁན་དེ་ཆགས། ཁོས་མདའ་གཅིག་གིས་ཤྭ་བོ་ཉིས་གསོད་བྱས་པ་རེད། སྤེན་པ་ཚེ་རིང་ཕྱོགས་གང་ཐད་ནས་སྟོང་སར་ལྷུང་བ་རེད།

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།