ཨ་ཞང་ཚང་གི་འུར་འདྲོག

     ད་ནང་སྔ་མོར་ཨ་ཁུ་དུས་གསུམ་སྐྱབས་ཀྱིས་གསལ་བཤད་དང་འགྲེལ་བཤད་ཅི་ཡང་མེད་པར། མ་འགྲིག་ཐལ། མ་འགྲིག་ཐལ་ཟེར་བཞིན་ལྷམ་སྒྲོག་གཉིས་ཀའང་མ་མདུད་པར་རྟ་རྒན་ལ་ཡོ་བརྡུང་བྱེད་བཞིན་སྡེ་འདབས་ནས་མར་རྒྱུགས་སོང་བས། ང་ཚོའི་སྡེ་བའི་སྡེ་མི་ཚང་མས་ཡར་ལྟ་མར་ལྟ་ཙམ་ཡང་མི་བྱེད་པར་མ་འགྲིག་ཐལ་ཟེར་བཞིན་ཨ་ཁུའི་རྗེས་སུ་བརྒྱུགས་སོང་།

       ཡིན་ནའང་ཨ་ཁུ་དགེ་མཐོང་ཚང་དང་ངེད་ཚང་ལ་གཞན་དང་མི་འདྲ་ས་ཅུང་ཙམ་ཡོད་པ་ནི་ཁོ་ཚང་ལ་ས་ཞིང་ཆེན་པོ་ཞིག་ཡོད་པ་དང་ངེད་ཚང་ལ་ནོར་ལུག་འགའ་ཡོད་པ་དེས་ཟ་འཐུང་གི་ཕྱོགས་ནས་མི་གཞན་ལ་རེ་མི་དགོས་བས། བོད་མིའི་ཁ་དཔེ་ལྟར་ས་ཆའི་ཚོད་ཀྱི་རི་དྭགས་ཡིན་ལ། རྒྱུ་མཚན་དེའི་དབང་གིས་ཁྱིམ་ཚང་འདི་གཉིས་དེ་རིང་སྡེ་བ་འདིའི་ཡུལ་སྲུང་ལྟ་བུར་ལུས་ཡོད།

      ཕྱི་དྲོ་ཙམ་ལ་ཨ་ཁུ་དུས་གསུམ་སྐྱབས་ཀྱིས་ད་ཡིན་ན་འགྲིག་སོང་། ཀུ་ཀུ་སོ་སོ་ལྷ་རྒྱལ་ལོ་ཟེར་བཞིན་ཕྱིར་ཡུལ་ལ་ལོག་སོང་ལ། སྡེ་མི་ཚང་མས་ཀྱང་ད་ཡིན་འགྲིག་སོང་ཟེར་བཞིན་ཁོའི་རྗེས་དེད་ནས་ཕྱིར་བསླེབས་སོང་།

     ངས་རང་གི་ལོབ་ཕྱོགས་ལྟར་ཀུ་རེའི་ཚུལ་དུ་ཨ་ཁུ་དུས་གསུམ་སྐྱབས་སྨྱོས་འདུག་ཅེས་ཀུ་རིང་ཞིག་བཏབ་པས། སྐྱ་སེར་ཚང་མ་ངའི་ཐོག་ལ་རུབ་ནས། ཁ་རྒྱགས་པ་མ་བཤད་ཀྱེ། སེམས་ཅན་འགའ་ཡོད་བསམ་ནས་པོར་བཤད་མ་བྱེད་ཟེར། ངས་དགོངས་དག ངས་རྩེས་མོ་རྩེས་བ་ཡིན་ཟེར་བཞིན་དེ་རིང་གི་དགའ་དགོས་བའི་དགའ་དོན་དང་སྡུག་དགོས་བའི་སྡུག་དོན་དྲིས་བར། ད་ནང་ཨ་ཁུས་སེམས་ཁུར་བྱེད་བཞིན་པ་མཐོང་མ་སོང་ངམ་ཟེར་བ་ཙམ་ལས་སུ་ལའང་དགའ་དགོས་བའི་དགའ་དོན་དང་སྡུག་དགོས་བའི་སྡུག་དོན་བཤད་རྒྱུ་མི་འདུག་མོད། བླ་རྒན་ཞིག་གིས་ང་ལ་དམྱལ་བ་ནས་སྐྱེས་རྒྱུ་བོ། ངས་ཁྱོད་ལ་ལྟ་ཡག་བྱས་ཡོད་ཟེར།

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།