༧ཡིད་བཞིན་ནོར་བུའི་སྒོ་ཟོག།
ངས་དགོད་མི་ཤེས་བའི་ནོར་ཁྱུ་ཞིག་ལ་ཀུ་རེ་གཏམ
ངས་ངུ་མི་ཤེས་བའི་ལུག་ཁྱུ་ཞིག་ལ་སེམས་སྡུག་བྱས
འདི་དག་ཚང་མ་༧ཡིད་བཞིན་ནོར་བུའི་སྒོ་ཟོག་རེད
འདི་ནི་ངའི་ཉིན་རྒྱུན་གྱི་འཚོ་བའང་ཡིན
ནོར་ལ་ལས་རྔ་མ་གཡུག་བཞིན་ངུར་སྒྲ་སྒྲོག
ལུག་ལ་ལས་མགོ་བོ་གཡུག་བཞིན་འབའ་སྒྲ་སྒྲོག
དེ་ནི་ང་ལ་མཁོ་བའི་ལན་འདེབས་དེ་མིན་ནའང
དོན་དག་ཆུང་ཆུང་ཞིག་འགྲུབ་སོང་བ་བཞིན་ངས་དགའ་བ་སྒོམ་ཡོད
གཡང་ཟོག་ཚོ
ད་དུང་ངུར་བཞིན་སྡོད
ད་དུང་འབའ་བཞིན་སོང
ཁྱོད་ཚོའི་འཇིག་རྟེན་ན་མེ་ཏོག་མང་ཞིང་སྤྱང་ཀི་མེད་པའི་སྨོན་འདུན་ཞུ
ནམ་ཟླ་ཡག་དུས་ངས་ཁྱོད་ཚོར་ད་དུང་ཀུ་རེ་བཤད
བུ་ཡུག་འཚུབ་དུས་ངས་ཁྱོད་ཚོར་ད་དུང་སེམས་སྡུག་བྱེད
གཡང་ཟོག་ཚོ
རྫ་རྩྭ་ཟོ
ལྕི་བ་ཐོངས
ངས་ནམ་རྒྱུན་ཁྱོད་ཚོར་ཚང་རྩིས་བྱེད་བཞིན་ཡོད
