ཁྱོད་གང་ན་ཡོད། ཀུན་བཟང་སྐྱིད།
དྲན་པ་ལྷོད་ནས་ངག་སྒོ་ཕྱེས་དང་ངས་ཁ་པར་རྣ་རྩར་སྦྱར་ནས་བསྡད་ཡོད
ད་དུང་མེ་ཏོག་ལུང་བའི་ཞོལ་གྱི་སྤང་ཁུག་ན་བེའུ་རྫི་ཨེ་ཡིན
ཁྱོད་ཀྱི་འགྲམ་པ་གཡས་བའི་མཛེས་ཀོང་དེ་ད་དུང་ཡོད་དམ
ང་ལ་ཁྱོད་དང་ཁྱོད་ལ་ང་ལས་ཅི་ཡང་མི་དགོས་བའི་ལོ་ཟླ་དེ་དག་དྲན་ནམ
ཁ་པར་ནས་ངུ་ངག་ལས་ཅི་ཡང་མི་ཐོས་དོན་ཅི
འུ་གཉིས་ཀའི་དྲང་ཐད་ཀྱི་ནམ་མཁའི་ཨི་ཁུང་དེ་སུས་བསུབས་སོང
ཁྱོད་གང་ན་ཡོད། ཀུན་བཟང་སྐྱིད
དྲན་པ་ལྷོད་ནས་ངག་སྒོ་ཕྱེས་དང་ངས་ཁ་པར་རྣ་རྩར་སྦྱར་ནས་བསྡད་ཡོད
དབྱར་ས་ན་མེ་ཏོག་ཨེ་མང་གི
བེའུ་ཨེ་འདུག་གི
རྩེད་རའི་ནང་གི་ཐབ་རྡོ་ཨེ་ཚང་གི
ངའི་ཚབ་ལ་བཞག་པའི་རྡོ་ནར་དེ་དེང་སང་སུའི་ཚབ་ལ་བཞག་ཡོད
རྟ་མཆོག (Wednesday, 30 June 2010 09:45)
ཁྱེད་གཉིས་ཀའི་ཞེ་སྣང་བ་ཞིམ་མངར་འོ་མ་རེད། ཁྱོས་བརྗོད་པའི་སྐད་ཆ་རེ་རེར་འོ་དྲི་འཐུལ་གི།