གནམ་གྱི་རང་ཚུགས་ཤོར་ཞིང་སའི་རྩ་བཞི་ལྷོད།

འབྲུག་ཆུའི་མྱ་ངན་རྩོམ་ཡིག།

ཁ་སང་གཏམ་རྒྱུད་ཅིག་ཐོས་བས་གད་མོ་བགད་མྱོང

‘‘གོང་མ་ཚང་། གནམ་གྱི་རྒྱལ་བོ་དང་སའི་བདག་པོ་ཡིན’’

དྲང་མོར་བཤད་ན་དེ་དུས་གད་མོ་དགོད་མཁན་ང་གཅིག་པུ་མིན།

 

དེ་རིང་གོང་མ་ཚང་དངོས་སུ་བསླེབས་པས

གནམ་གྱི་རང་ཚུགས་ཤོར་ཞིང་སའི་རྩ་བཞི་ལྷོད

ས་གནམ་གཉིས་ཀ་ཁྱི་སྤྱང་ངན་འབྲེལ་ཀྱིས་སྙི་ས་དང་འཇམ་སར་འཐམས་སོང་།

 

ད་ལྟ་ང་རང་འུ་ཐུག་ནས་བསམ་བློ་གཏོང་གིན་ཡོད

ཨ་ཕའི་ངག་ལས་ཐོས་བའི་གཏམ་རྒྱུད་ཅིག་ལ

ཁྱི་སྐྱག་གིས་དུད་སྡུག་བྱས་ན་གནམ་ལ་གནོད་པར་བཤད། ཨེ་བདེན་ནམ།

 

སང་ཉིན་ང་ལ་འཛེམ་དོགས་བྱ་ས་ཅི་ཡང་མེད་པས

གནམ་ལ་སྐྲག་དོན་མེད་ལ་ས་ལ་འཇིགས་དོན་ཡང་མེད

དེ་བས་ངའང་འཇམ་ས་དང་སྙི་ས་ཞིག་ལ་འཐམ་གྱི་ཡིན།

འདོན་སྤེལ།: ༢༠༡༠/༠༨/༡༩

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།