སྦྲ་ཐང་སྨུག་ཁ་རུ་རྒྱོངས་ང་། སྐྲ་ལན་བུའི་བར་ནས་ལྟོས་ར།
རྟ་ར་རའི་ཁ་སྐོར་གཅུ་ནོ། ང་ཁ་འཁྱམ་ཟ་ལེ་རྒྱལ་ཡིན།
འབའ.ཕུརབ། (Friday, 25 November 2011 23:32)
ང་གྱི་ལིང་གྲོ་རྒྱ་ཟེར་བ།། ང་དང་མ་སྤང་རི་ཉུལ་དུས།། རྟ་མ་རྒྱུག་བསམ་པ་མེད་མོད།། ཁྱོད་འདྲ་འདྲའི་སྤང་གཞོང་བདེ་མོ།། ང་ད་ཐེངས་མིན་ནས་མ་ཐུག། ང་སྡེ་རུ་ཉུལ་གི་ཁ་འཁྱམ།། སྡེ་ཆེན་པོའི་ཁ་རི་ཉུལ་དུས།། རོགས་མ་རྩེ་བསམ་པ་མེད་མོད།། ཁྱོད་འདྲ་འདྲའི་རྩེ་རོགས་སེམས་བཟང་།། ང་ད་ཐེངས་མིན་ནས་མ་ཐུག།
འབའ་བ་ཕུར་བ་ (Friday, 25 November 2011 20:23)
སྦྲ་ཐང་སྨུག་ཁ་རུ་རྒྱོངས་ང་། སྐྲ་ལན་བུའི་བར་ནས་ལྟོས་ར།རྟ་ར་རའི་ཁ་སྐོར་གཅུ་ནོ། ང་ཁ་འཁྱམ་ཟ་ལེ་རྒྱལ་ཡིན། ཡག་པོ་འདུག
ཙོང་ལ་ནས (Tuesday, 01 February 2011 04:17)
ས་བ་ཡན་ཐང་གི་རྩེད་ར་གཅིག། སྡེ་བྱ་གཞུང་རིང་མོའི་རྩེད་རོགས་གཉིས།། མཚོ་སྔོན་པོའི་ཁ་ནས་ཐུག་དང་ཐ།། ཁ་ལ་གཞས་ཐེངས་གསུམ་བླངས་དང་ཐ།། སྨད་མདོ་ཁམས་སྒང་གི་ཉན་པ་ཚོ།། ཡིད་སྨོན་པ་ཤོར་ནས་ཧད་ཡོད་གི། གྲོགས་ཟ་ལེ་ཚང་གི་རྩེད་ར་གཅིག། ས་ཟི་ལིང་ཙོང་ལའི་རྩེད་རོགས་གཉིས།། གློག་དྲ་བ་ཚང་ནས་ཐུག་དང་ཐ།། ཁ་ལ་གཞས་ཚིག་གསུམ་བླངས་དང་ཐ།། སྒོ་ཕྱི་ནང་ཀུན་གྱི་བོད་པ་ཚོ།། ད་གྲགས་རྒྱུ་མེད་ནོ་ཅི་ཞིག་རེད།། ཟླ་བ་དབྱངས་ཅན་ལ། དེ་སྔོན་དྲ་རྒྱ་སླེབས་མ་ཐུབ་པས་དགོངས་པ་མ་ཚོམས།
ཟླ་བ་དབྱངས་ཅན (Saturday, 04 December 2010 12:57)
དེ་རིང་ངའི་ཁ་པར་ནང་གི་བོད་ཡིག་འདི་དྲ་ཐོག་ཏུ་ཡོང་གི་ཡོད་མེད་ལ་ལྟ་ཆེད་ཡིན།
ཟླ་བ་དབྱངས་ཅན (Saturday, 04 December 2010 05:00)
ཟླ་བས་ཁ་པར་ནང་གི་བོད་ཚོད་ལྟ
ཟླ་བ་གཡང་ཅན (Wednesday, 01 December 2010 11:55)
ས་བ་ཡུན་ཐང་ལ་ཐོན་ནས།། ང་ཨ་ཐང་ཆད་ནི་མིན་མོད།། རྟ་ཁེར་རྒྱུག་བྱེད་འདོད་མེད་ལ།། ཁ་ཕྱིར་འཁོར་སྐྱ་མོ་ལམ་ཡིན།། ཟླ་བཞི་བར་ཕྱིར་ལ་ཡོངས་རྒྱུ།། ཐང་ཆེན་པོ་རྡུལ་གྱིས་བཀང་རྒྱུ།། སྡེ་བྱ་གཞུང་རིང་མོར་ཡོང་ནས།། ང་སུན་སྣང་སྐྱེས་ནི་མིན་མོད།། གླུ་ཁེར་ལེན་བྱེད་འདོད་མེད་ལ།། ཁ་ཕྱིར་འཁོར་རང་སྡེར་བུད་འགྲོ། ཟླ་འགའ་ནས་ཕྱིར་སྐོར་རྒྱག་རྒྱུ།། རོགས་ཡོད་ཚད་གཉི་ཀ་རྩེ་རྒྱ།།
ཟླ་བ་གཡང་ཅན (Wednesday, 01 December 2010 11:43)
ཐང་ཡངས་ས་ཞིག་ལ་ཡོང་ནས།། རྟ་འདོ་བའི་ཁ་སྐོར་གཅུས་ར།། ས་འདི་ན་རྟ་བ་མེད་ཀི། ང་མི་འདུག་ཕྱིར་ལ་འགྲོ་རྒྱུ།། སྡེ་ཆེ་ས་ཞིག་ལ་ཡོང་ནས།། ཁ་ལ་ལ་ཐེངས་གསུམ་བླངས་ཡང་།། ས་འདི་ན་གླུ་བ་མེད་ཀི། ང་མི་འདུག་ཕྱིར་ལ་འགྲོ་རྒྱུ།།
ཟླ་བ་གཡང་ཅན (Thursday, 11 November 2010 11:13)
ལྷ་མ་མཇལ་ས་ཞིག་མེད་དྲ།། དབུས་སེར་བོའི་ཇོ་བོ་མ་མཇལ།། མཇལ་ཐུབ་ན་དེ་ཐེང་མཇལ་རྒྱུ།། མཇལ་མ་ཐུབ་ཕྱིར་སྐོར་རྒྱག་རྒྱུ།། ནམ་ཡིན་རུང་མཇལ་ཐུབ་བྱེད་རྒྱུ།། རོགས་མ་འགྲོག་ས་ཞིག་མེད་དྲ།། ས་ཙོང་ལའི་བུ་ལོ་མ་འགྲོག། འགྲོག་ཐུབ་ན་ད་ཐེང་འགྲོག་རྒྱུ།། འགྲོག་མ་ཐུབ་ཕྱིར་སྐོར་རྒྱག་རྒྱུ།། ནམ་ཡིན་རུང་རྩེ་ཐབས་བྱེད་རྒྱུ།།
ཟླ་བ་གཡང་ཅན (Thursday, 11 November 2010 11:05)
ཨ་ཁུ་ཙོང་ལ་སྐུ་བདེ་མོ་ཡིན་ནམ། སྔོན་ཆད་མཇལ་ནི་མེད་འོན་ཀྱང་ཟ་ལེ་ཚང་གི་རྩེད་ཐོག་ནས་ཐུག་ན་བསོ་གི་ཡ།
ཙོང་ལ་རི་མོ (Wednesday, 18 August 2010 16:45)
གང་ཡིན་མི་ཤེས་མོེད། ཡོད་ཚད་གསར་བར་གྱུར་ན་བླུན་རྟགས་ཞིག་མཐོང་གི་འདུག
ཙོང་ལ་རིང་མོ། (Sunday, 18 July 2010 09:58)
ཟ་ལེ་རྒྱ་ཡུལ་ན་མེད་ཀི སྒོ་ཁའི་ཁྱི་རྒན་དེར་ཕལ་ཆེར་ཉིན་ཁ་ཤས་ལ་ལྟོ་བླུད་མེད་ས་རེད། ལམ་འགྱོ་བ་ཚོས་ལྟོས་ན་སྙིང་རྗེ་ནི་ཟིག་རེད། རྐྱ་སྟོང་དེ་གང་ཟིག་ལ་བུད་སོང་ནས་ནིང་། ད་ལས་རྒྱུ་མེད་ན་ཁོ་སང་གི་ཟླ་བ་གཡང་ཅན་ལ་ཞར་ཀི་འགྱོ། དགོང་ཨ་སྔོན་གཡུ་ཡི་ལྡིང་ཁང་ནས།། འབྲུག་ཕོ་ཆུང་གཉིད་ལ་ཤོར་སོང་ཟིག། དེ་གཉིད་ལ་ཤོར་གི་བར་སྐབས་ནས།། ང་གློག་ཞགས་འཁྱུག་ར་སད་ནི་རེད།། ས་རང་སྡེ་གཡང་དྲུང་སྒོ་བཞི་ནས།། རོགས་ཆུང་ལོ་ལམ་མ་མཆིས་སོང་ཟིག། དེ་ལམ་མ་མཆིས་བའི་བར་སྐབས་ནས།། ངས་ཚིག་གསུམ་རྩེད་ར་ཡོག་ནི་རེད།།
ཙོང་ལ་རིང་མོ། (Sunday, 18 July 2010 09:35)
ཁ་ཉིན་ཡང་མདོ་སྨད་གཡང་སྡེ་ཞིག་ལ་ས྄ོང་ནས་འདི་འདྲའི་ལ་གཞས་རྣོན་པོ་ཞིག་ཤེས་སོང།ཟ་ལེའི་ཚང་ལ་ཡོང་བར་ལག་སྟོང་མིན་པ་ཙམ་གྱིས། ཕོ་གསར་དེས། རྟ་བརྒྱ་རྟ་མང་ཚོགས་ས་ནས།། ང་རྟ་ར་མེད་དྲ་སྒ་ར་མེད།། རྒྱུགས་དགོས་ན་ལག་ན་སྲབ་དྲ་མེད།། རོགས་བརྒྱ་རོགས་མང་ཚོགས་ས་ནས།། ང་རོགས་ར་མེད་དྲ་ཚིག་ར་མེད།། འགྲོགས་དགོས་ན་ལག་ན་སྒོར་མོ་མེད།། ཁ་བདེ་མས་འདི་ལྟར་ལན་བགྱིས་སོང་། ཁྱོད་རྟ་བོ་ཞོན་ན་འདོད་ནི་ཟིག།། ཁྱོའི་ལག་ན་སྒ་ཆ་མེད་ནི་ཟིག༏ ཅི་འདྲ་འདྲའི་རྟ་བདག་ཡ་མཚན་ཟིག། རོགས་ཆུང་ལོར་རྩེ་ན་འདོད་ནི་ཟིག། ཁྱོའི་ལག་ན་སྒོར་མོ་མེད་ནི་ཟིག། ཅི་འདྲ་འདྲའི་རྩེད་རོགས་ཡ་མཚན་ཟིག།།
མདོ་ལའི་འཁྱམས་པོ། (Friday, 18 June 2010 19:54)
ཨ་རོ་ཟ་ལེ་རྒྱ། ངས་ཁྱོ་ལ་དེང་རབས་གསར་བའི་ལ་གཞས་ཤིག་གི་ཞལ་འདེབས་རྒྱག། སྟོད་སྐུད་མེད་དྲྭ་རྒྱ་ནང་ནས།། གྲོགས་གཉིས་རེ་གཉིས་རེ་སྒྲིག་གི།། ང་སྒྲིག་རོགས་མེད་ལ་བསྡད་ཡོད།། ངའི་སྒྲིག་རོགས་དྲྭ་མོ་ཁྱོ་ཞེས།། སྨད་གྲོང་ཁྱེར་ཞབས་བྲོའི་ཁང་ནས།། རོགས་གཉིས་རེ་གཉིས་རེ་འཁྲབ་གི། ང་འཁྲབ་རོགས་མེད་ལ་བསྡད་ཡོད།། ངའི་འཁྲབ་རོགས་གསར་མོ་ཁྱོ་ཞེས།
ནོར་རྫི་ཚེ་རིང (Wednesday, 09 June 2010 12:59)
ཨ་ཁུ་རྩམ་དགའ་རྩམ་ཁུག་འཚོལ་དུ་བྱིན།། ཟླ་བ་གཡང་ཅན་ཟླ་བོས་དམ་ལ་བཏག། ཟ་ལེ་ཚང་གི་རྩེད་ཁང་གྲི་བཞི་འདི།། ལ་ལའི་དབྱངས་རྟས་བོར་ནས་ཟླ་འགའ་འགོར།། ཨ་རྩམ་དགས་རྩམ་ཁུག་ཁྱེར་ནས་ཤོགས།། ཟླ་བས་ཟླ་བོའི་བཀའ་རྒྱ་གཏོར་ནས་ཤོགས།། ནོར་རྫི་ངས་ཀྱང་འུར་ཆ་བཟུང་ནས་ཡོང་།། རྩེ་ར་འདི་ནས་རྩེ་མགོ་ཡང་བསྐྱར་འཛུགས།།
ཟླ་བ་གཡང་ཅན (Friday, 09 April 2010 08:05)
དགོང་ཨ་སྔོན་གཡུ་ཡི་ལྡིང་ཁང་ན།། འབྲུག་གྲགས་རྒྱུ་མེད་ནོ་ཅི་ཞིག་རེད།། ས་རང་སྡེ་གཡང་དྲུང་སྒོ་བཞི་ན།། རོགས་མཐོང་རྒྱུ་མེད་ནོ་ཅི་ཞིག་རེད།།
ཟླ་བ་གཡང་ཅན (Saturday, 27 March 2010 07:59)
ནོར་བཅས སྤང་
ཟླ་བ་གཡང་ཅན (Saturday, 27 March 2010 07:58)
རྟ་འདོ་བའི་ཕ་ས་གང་གི་ཡིན།། ང་གྲོ་རྒྱལ་སྥང་དཀར་ཀླད་གྱི་ཡིན།། ས་སྥང་དཀར་རྟ་བརྒྱ་སྤྱི་ཡི་རེད།། རྟ་ཁྱོད་ར་རྒྱུག་དང་ང་ཡང་རྒྱུག། ཕོ་ཁྱེད་རང་ཕ་ས་གང་ནས་ཡིན།། ང་བུ་མོ་སྡེ་ཆེན་ད་ནས་ཡིན།། ཁ་ལ་གཞས་རོགས་བརྒྱ་སྤྱི་ཡི་རེད།། རོགས་ཁྱོད་ཀྱིས་ལོངས་དང་ངས་ཀྱང་ལེན།།
འབྲོང་བདའ (Friday, 19 February 2010 16:28)
དགོ་གཡང་རེ。。。。。。 ན་ནིང་ལུག་མང་གྲལ་གྱི་ལག་ག་ཁྱོད རྩི་ཐོ་ལྡུམ་བུ་ཟས་ནས་མ་ཤི་ཐ ད་ལོ་སྲས་ཁ་བུ་ཡག་བཙན་ནི་གི ཕྱུག་བདག་དགའ་ཟིག་མེད་ན་དཀའ་རྒྱུ་རེད
རྩམ་དགའ (Saturday, 13 February 2010 17:16)
མ་མཐོང་སེམས་ཐག་ཉེ་བའི་རྒྱང་རིང་གི་གྲོགས་པོ་ཟ་ལེ་ལགས། ལོ་གསར་བའི་ནང་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་དང་བཀྲིས་བདེ་ལེགས་ཡོད། མི་ཆུང་ངས་ད་བར་དུ་འདིར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་བསྡད་རིང་ངོ་མས་སྐྱིད་པོ་བྱུང་ཐུགས་རྗེ་ཆེ། དེ་མིན་གཞན་ཅང་བཤད་ཡ་མེད་བདེ་མོ།
རྩམ་དགའ་ (Tuesday, 02 February 2010 05:30)
སྟོད་སྡེ་ཆེན་དཀྱིལ་གི་ཞི་མོ་ཚོ། ། གླུ་ལ་གཞས་ལན་གི་ཕེབས་ཤོག་ར། ། སྨད་ཡུལ་ལུང་གླུ་ཡི་ཞིང་ཁམས་ནས། ། ཕོ་ལ་གཞས་ཅན་པོ་ཐོན་ནས་ཡོད། ། གླུ་ལ་གཞས་ཆར་བ་འབབ་འབབ་རེད། ། ཆར་བསིལ་མ་ལོ་ཡག་རྟེན་འབྲེལ་རེད། ། འབྲི་སྣ་ལྔར་རེ་བའི་ན་ཟླ་ཚོ། ། ད་མ་འདུག་གླུ་ཡི་ཞིང་ལ་ཕེབས། །
རྩམ་དགའ (Thursday, 31 December 2009 22:30)
གླུ་ལ་གཞས་ལན་པའི་གྲོགས་ཡོངས་ལ། ། ལོ་གསར་བའི་ཚེས་བཟང་ཉིན་མོ་འདིར། ། ང་ཨ་ཁུ་རྩམ་དགའི་སེམས་གཏིང་ནས། ། བཀྲ་ཤིས་པའི་རྟེན་འབྲེལ་ལན་གསུམ་ཞུ། །
རྩམ་དགའ (Monday, 28 December 2009 06:53)
༁་ཁུ་རྩམ་དགའ་ང་ཞི་མོ་ཆ་རེར་ཐུག་ནས་ད་བར་ལྷག་སོང་ཐལ། པཱོ་ཟིག་ལངས་མི་ཉན་ནོ་ཤེས་ཀ་ཟེར།
ནོར་རྫི་ཚེ་རིང (Tuesday, 22 December 2009 07:51)
ཚང་མ་བཏོན་དང་ང་།
རྩམ་དགའ་ (Tuesday, 22 December 2009 00:28)
རྟ་འདོ་བ་འགྱོག་ནོ་བཤད་ན། ། དགོང་གནམ་མཁའི་བྱ་ཡི་འགྱོག་རེད། ། རྒྱུགས་གོམ་ཁ་དྲང་ནོ་གླེང་ན། ། མདའ་ལི་མ་གན་གི་ཡན་རེད། །
ཟ་ལེ་རྒྱལ། (Sunday, 20 December 2009 10:27)
འ་ལགས་ནས་ང་ལ་འོག་གི་འབྲེག་ཐག་འདི་གནང་བར་ཐུགས་རྗེ་ཆེ།
མོ་སྟོན་ཕག་མགོ (Saturday, 19 December 2009 20:58)
རྟ་འདོ་བ་དྲུག་ཞེང་ཅན་པོ།། རྒྱུག་གོམ་ལག་ནམ་མཁའི་བྱ་ཡིན།། རྒྱལ་འཇོག་གི་སྥོབས་པ་ཡོད་ན།། གྲོགས་ཟ་ལེའི་དྲ་བར་ཕེབས་ཤོག།
འ (Saturday, 19 December 2009 20:36)
http://www.youtube.com/watch?v=5Ke3afKeP6U
tenxin (Saturday, 19 December 2009 20:33)
hi
ནོར་རྫི་ཚེ་རིང (Friday, 18 December 2009 01:44)
རྟ་འདོ་བ་དུད་འགྲོ་གཉོམ་ཆུང་རེད།། ངས་མི་ཞོན་ད་ཐང་འཇོག་རྒྱུ་ཡིན།། ཁ་ལ་གཞེས་ཁ་ཡི་ཁ་རླངས་རེད།། ངས་མི་ལེན་ད་ཐང་འཇོག་རྒྱུ་ཡིན།།
རྩམ་དགའ (Thursday, 17 December 2009 17:20)
རྒྱལ་འཇོག་གི་སྤོབས་པ་མེད་ཀི ། སྒལ་སྲབ་ཀི་རྒྱལ་ཕམ་མི་རྩོད། ། ཁ་ལ་གཞས་ཐར་ཐོར་ལན་ཞོར། ། རྒྱུགས་གོམ་ལག་འགྲན་ན་ང་ཡོང་། །
དཀོ་ལོ་མ་ལོ། (Thursday, 17 December 2009 12:32)
རྟ་རྒྱུག་ནི་ཡོད་ན་རྒྱལ་འཇོག། རྒྱལ་འཇོག་ན་རྒྱབ་ཀི་སྒལ་འཇོག། སྒལ་འཇོག་ནི་ཡོད་ན་འདིར་ཤོག། རོགས་རྩེད་ནི་ཡོད་ན་རྒྱལ་འཇོག། རྒྱལ་འཇོག་ན་རྒྱབ་ཀི་མཐོ༼མཐུ་བ༽འཇོག། མཐོ་འཇོག་ནི་ཡིད་ན་འདིར་ཤོག།
རྩམ་དགའ (Wednesday, 16 December 2009 18:37)
ཁྱོད་ནོར་རྫི་འགྲོ་ས་རི་ལུང་རེད། ། རི་ལ་ཐུར་གཉིས་ཀ་བགྲོད་ལམ་རེད། ། ཁ་ལ་གཞས་ཁྱར་ཁྱོར་འཐེན་རོག་དེ། ། མ་འབྲོག་མོ་ཡིན་ནོ་ཤེས་ནི་རེད། ། ཁྱོད་ནོར་རྫི་ནོར་གི་དགྲ་ཟིག་རེད། ། རི་སྤྱང་ཁུ་དམར་བོའི་བཙོག་ཟིག་རེད། ། ནོར་མང་བོ་བཤས་ནས་ཟས་དང་ཐལ། ། ཁ་ཁོམ་དུས་མ་ཎི་ལོས་ཟིགའདོན། ། ཁྱིམ་རྒན་མོ་མེད་ན་བཀའ་ནི་རེད། ། མོ་རིག་རིག་ཚང་མར་ཁ་ཡག་ཤོད། ། ས་འདི་ན་ཨ་ཁུ་རྩམ་དགའ་ངས། ། གྲོགས་ཁྱེད་ལ་རོགས་ཟིག་བཙལ་རོག་བྱེད། །
ནོར་རྫི་ཚེ་རིང (Wednesday, 16 December 2009 12:06)
ནོར་རྫི་དད་པ་ཅན་པོ་མི་ཁོམ་རུང་།། སེམས་ཁོམ་དུས་གསོལ་འདེབ་ཀྱིན་ཡོད།། ཁ་ཁོམ་དུས་མ་ཎི་འདོན་གྱིན་ཡོད།། ཤི་དམྱལ་བའི་འཇིག་སྐྲག་བསམ་གྱིན་ཡོད།། ང་ནོར་རྫི་གནས་ས་རི་ལུང་ཡིན།། ཕྱག་འཚལ་ས་དཀོན་ཅོག་རྣམས་གསུན་ཡིན།། ངའི་རྩེད་རོགས་ཁ་ཡ་ན་ཟླ་ཡིན།། ངའི་རྩེད་ཆས་ཁ་མཚར་ལ་ལ་ཡིན།། ང་ནོར་རྫི་དགའ་ས་མཛེས་མ་ཡིན།། ངས་སྡེ་རི་ཉུལ་དོན་དེའི་ཆེད་ཡིན།། ང་རྒན་མོ་མེད་ལ་མི་རྐྱང་ཡིན།། རོགས་གང་ནས་ཐུགས་ན་རྩེ་རྐྱང་ཡིན།།
རྩམ་དགའ (Tuesday, 15 December 2009 20:08)
ཨ་ཁུ་བུ་མོར་དགའ་ནོ་ཁོ་ཐག་ཡིན། ། ནོར་རྫི་དད་པ་ཅན་ཡིན་མི་ཤེས་ཀི ། མཛེས་མར་རིགས་དུས་ང་ལས་བཙོག་ཟིག་རེད། ། རྒན་མོ་ཡོད་དུས་ཉམ་ཆུང་འདྲ་ཟིག་རེད། ། ཨ་ཅེ་ཟླ་བ་འགྱུར་ནས་འགྲོ་གོ་གི ། ཟ་དང་ཟུར་ནས་རྒས་རྟགས་སྟོན་གོ་གི ། གཅེས་ཕྲུག་འགའ་རེའི་ཨ་མར་འདོད་གོ་གི ། བ་ལི་ཆ་རེར་བཞོ་ན་འདོད་གོ་གི །
ཟླ་བ་གཡང་ཅན (Tuesday, 15 December 2009 12:08)
ཨ་ཁུ་དགེ་སློང་བུ་མོ་དགའ་གི། ནོར་རྫི་རྒད་པོ་དད་པ་ཡོད་གི། ནག་མོ་ནོར་ལ་གོ་བ་མེད་གི། ན་ལུང་སྨུག་ལ་དུང་མཐའ་མེད་གི། བུ་མོས་བསམ་དོན་འགྲུབ་ཐལ།། འབྲི་མོ་ཡུལ་ལ་དོན་ཐལ།། དགོ་དགོ་ངག་གིས་བཀུག་ཏེ།། འོ་མ་འཇོ་རུ་ང་འགྲོ།།
རྩམ་དགའ (Tuesday, 15 December 2009 07:32)
བླ་ཆེན་ཞིག་གི་མདུན་ལ་མི་འགྲོ་ཁོ་ཐག་ཡིན། ། ང་དང་ཁོ་ཡི་རྩོད་གཞི་བཙོག་ནོ་མཁྱེན་ནི་རེད། ། ཨ་ཅེ་ཁྱེད་ཀྱིས་བར་འདུམ་གནང་ན་འགྲིག་ནི་རེད། ། མཚན་མོ་ཞིག་གི་དོན་དག་ཡིན་ནོ་ཤེས་ནི་རེད། །
ཟླ་བ་གཡང་ཅན (Tuesday, 15 December 2009 03:14)
དགོན་ཆེན་སྒྲིག་གིས་བསྡམ་པའི་དགེ་སློང་དང་།། དུས་བཞིར་རི་ལུང་འགྲིམ་པའི་ནོར་རྫི་གཉིས།། ན་ཆུང་བུ་མོ་དག་གི་རྩོད་གཞི་འདི།། བླ་ཆེན་དམ་པའི་མདུན་གླེང་རོགས་ཞུ།།
ནོར་རྫི་ཚེ་རིང (Monday, 14 December 2009 11:38)
ཟ་ལེ་ལགས། ལྐ་ལྐོ་ད་དུང་བརྒྱུད་ནས་དེ་རིང་འདྲ་སྡེ་ཐང་ལ་སླེབ་སོང་ ད་ཇ་མངར་མོ་རེ་ཡོད་ན། ཤ་ཚོན་པོ་རེད་ཡོད་ན་ཁྱེར་ཤོག་དང་
ཟ་ལེ་རྒྱལ། (Saturday, 12 December 2009 14:46)
ནོར་རྫི་ཚེ་རིང་ལགས ངའི་དྲ་མགོན་དུ་ཕེབས་པར་ཐུགས་རྗེ་ཆེ། ཕལ་ཆེར་ཁྱོད་རང་སྣ་དང་རྐང་བ་གཉིས་ཀས་ཆེ་ཆུང་ལ་འགྲན་བསྡུར་བྱེད་བཞིན་པའི་གྲོགས་པོ་དེ་ཡིན་པ་འདྲ་བས། ཡིན་ན་ལན་ཞིག་བྱིན།
ཟ་ལེ་རྒྱལ། (Saturday, 12 December 2009 14:43)
ས་འདི་ན་རོགས་ལོ་མང་གི། རོགད་རང་མཐུན་རང་ང་དཀོན་གི། ས་འདི་ན་སེང་དུང་མང་གི། སེང་རང་གྲགས་རང་ང་དཀོན་གི
རྩམ་དགའ (Saturday, 12 December 2009 06:27)
རྒད་པོ་ལགས། ལ་གཞས་འདི་ནི་འཇིག་རྟེན་ཕོ་མོ་ལས། །བཙུན་པ་དག་གིས་དོར་བྱ་ཡིན་པའི་རྟགས། ། ཁྱེད་ལ་ཡོད་ན་ད་ལྟར་ཁུར་ནས་ཤོག །མེད་ན་ནོར་རྫི་ཁྱོད་ནི་ངོ་རེ་ཚ། ། ཁ་ནས་གསལ་དང་མ་གསལ་མི་འདུག་ལོ། །ཁྱོད་ལ་སེམས་ཁུར་ལྕི་ནོ་ཤེས་ནི་རེད། ། ཨ་ཁུ་བཙུན་པ་དག་གིས་ནོར་རྫི་ཁྱོའི། །རྒན་མོ་འཕྲོག་ནས་འབྲོ་ནི་མ་རེད་ལོ། ། ནོར་ལུག་མི་ཚང་སེམས་ཁུར་ཆེ་དང་གཅིག །རྒན་མོས་རྒྱོ་གི་མི་འཇུག་དཀའ་ལེ་གཉིས། ། གང་ཡང་མེད་པའི་དགེ་སློང་བཙུན་པ་ཚོའི། །མི་ཚེ་འདི་ལས་སྐྱིད་ཅིག་གང་ན་ཡོད། ། ད་ནི་བཙུན་པ་ཁོ་བོ་འགྲོ་རན་སོང་། །བུ་མོ་ན་ཆུང་ཞིག་གིས་འབོག་གོ་གི ། ནོར་རྫི་ཁྱོད་དང་རྩེས་ནས་འདུག་བསམ་ཡང་། །གན་གི་སྒུག་ནོ་བཙོག་གི་བུད་ལ་འགྱོག །
ནོར་རྫི་ཚེ་རིང (Friday, 11 December 2009 22:55)
བཙུན་པ་ལགས། འཇིག་རྟེནཕོ་མོའི་ལ་གཞས་ཟེར་བ་འདི།། བཙུན་པ་འདུ་ཁྲིམས་ཅན་གྱི་བརྒྱང་བྱ་མིན།། ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ།། དགེ་སློང་སྡོམ་ལྡན་རྣམས་ཀྱི་རྩེད་རོགས་མིན།། ལུག་རྫི་ནོར་རྫི་དག་གི་རྩེད་ཆས་འདི།། གྲྭ་བ་གཟན་ཤམ་ཅན་གྱི་བསླང་བྱ་མིན།། འཁོར་བའི་གཏང་རྡོ་ལྕི་བའི་ཁྱིམ་པ་ལ།། དགེ་སློང་ཡིད་སྨོན་ཤོར་བ་ཡ་རེ་ང་།། ནོར་རྫི་དད་པ་ཅན་པོས་ཞུ་བ་བྱེད།། དགེ་སློང་དབེན་གནས་འགྲིམ་པས་རེ་བ་ཞུ།། འདུ་ཁྲིམས་ཉམས་ཆག་མི་གཏོང་རེ་བ་ཞུ།། བླ་མའི་བཀའ་དང་མི་འགལ་རེ་བ་ཞུ།། དྲིན་ཅན་ཕ་མའི་རེ་འབྲས་ཡོད་དོ་ཅོག། རྩ་བརླག་མ་གཏོང་རི་ཁྲོད་འགྲིམ་པའི་བུ།། དམ་པ་ཆོས་ཀྱི་སྙིང་བོ་མ་ནོར་བར།། ཉམས་སུ་ལོངས་ཤིགས་སྟོན་པའི་རྗེས་འཇུག་པ།།
རྩམ་དགའ (Wednesday, 09 December 2009)
ནོར་ལུག་ཆ་བོ་ཕར་ལ་ཤོར་ནས་ཐལ། ། ཨ་ཁུའི་ཁ་ལ་ཉན་ནས་མ་འདུག་ལོ། ། ནོར་ལུག་ཁ་ཁེར་དོ་དགོང་མ་ཚང་ན། ། རྒན་མོས་ཉལ་ཁ་སྡུག་ན་དཀའ་ནི་རེད། །
ནོར་རྫི་ཚེ་རིང (Wednesday, 09 December 2009 04:03)
ནོར་བཅོས བླ་རྒན་རྩམ་དགའ
ནོར་རྫི་ཚེ་རིང (Wednesday, 09 December 2009 04:01)
ཞི་མོ་འདི་ཆ་ཅི་ཞིག་མ་ཉན་ནས་ན། ད་ལྦ་རྩམ་དགའ་རྫོག་རྒྱུ་རེད་གོ། བྱ་ངན་འདི་འདྲ་ཞིག་གི་རྐྱེན་གྱིས་ད་ཁ་སང་དེ་རིང་གྲྭ་བ་བརྒྱ་ཆའི་མང་བོ་ཞིག་ལོག་འགྲོ་གི་ཡོད་ནི་རེད། ཨ་ཤུ་རེ་གོ
རྩམ་དགའ (Saturday, 05 December 2009 20:22)
ཨ་ཅ་ཟླ་བས་དེ་རིང་ཆི་ཟེར་གི། །གོང་ལྷ་ཆེན་ཚང་པའི་ཞིང་ཁམས་ནས། ། དམའ་ཀླུ་ཡི་གྲོང་ལ་ཐུག་པའི་བར། །བུ་མོར་མི་འདོད་ཕོ་ཟིག་ཨེ་ཡོད་ལགས། ། གྲྭ་ཁྲིམས་བཙན་པོའི་འོག་ན་ཡོད་གྱུར་ན། །ཨ་ཁུ་རྩམ་དགའ་ཁོ་བོ་སྔོན་ཟིག་ནས། ། དགེ་བསྐོས་ཤིག་གི་དབྱུག་པའི་འོག་ནས། །ཁ་དང་རླིག་པ་འདི་གཉིས་ཚར་སོང་ཡོད། ། བཙུན་མ་ཆ་བོའི་སྒོ་ཁ་ལོས་རྒྱག་ར། །ཨ་ཅ་ཁྱོས་ཀྱང་རུམ་ཁ་ལྷོད་མི་ཉན། ། ཨ་ཁུའི་རླིག་པ་འདི་ཡིས་མི་ཉན་ནོ། །བུ་མོ་བརྒྱ་ཡི་སེམས་ལ་ཡོད་ནི་རེད། ། ཨ་ཁུ་རྩམ་དགའི་སེམས་ཀྱི་རྩེད་རོགས་མ། །ཨ་ཅ་ཟླ་བ་གཡང་ཅན་ཁྱོད་ཀྱིས། ། ཨ་ཁུ་ཁོ་བོ་སེམས་ནས་མ་བརྗེད་པར། །ཨ་རོགས་ཟེར་བཞིན་ཐོན་ནོ་བཟང་ཐལ་ལོ། །
ཟླ་བ་གཡང་ཅན (Saturday, 05 December 2009 12:32)
གསར་བུ་ཟ་ལེ་ཚང་གི་རྩེད་ར་ན།། ཨ་ཁུ་རྩམ་དགས་སྡུག་གཏམ་བཤད་ནོ་བལྟོས།། བུ་མོ་མང་བོ་བཙལ་ན་འདོད་གོ་ཁུ།། རིན་ཆེན་སྡོམ་པའི་རིན་ཐང་ཉམས་གོ་ཁུ།། ཨ་ཁུའི་འདོད་པའི་རྒྱལ་མཚན་ལང་གོ་ཁུ།། ཨ་ནེ་ཁར་ཁེར་ཚེ་ཐག་ཐུང་གོ་ཁུ།། བཙུན་དགོན་སྒོ་ཆེན་གཏན་ན་ཡག་ཚད་རེད།། ཨ་ཁུ་འུ་ཚུག་ཅན་པོ་འགོག་ཚད་རེད།། བཙུན་མའི་སྡོམ་པ་བདག་པོ་རྒྱག་ཚད་རེད།། ཨ་ཁུ་རྩམ་དགའི་སེམས་ལ་མ་གནོད།། ཨ་ནེ་བཙུན་མ་དགོང་པ་མ་ཚོམས།། ཨ་རོགས་ཟ་ལེ་ཚང་གི་རྩེ་རར།། ལན་གཅིག་རྩེ་རུ་ཡོང་ན་སྐྱིད་གི།
རྩམ་དགའ (Thursday, 03 December 2009 01:56)
ཨ་ཁུ་རྩམ་དགའ་ཕོ་རྒོད་མེད་པས། ། ཞི་མོ་ཆ་བོ་རྒྱང་ནས་བྲོས་འགྲོ་གི ། མཇེ་ངན་འདི་ཡིས་ཧ་ཟིག་མི་གོ་ནོ། ། ར་ཕོ་འདི་ལས་སྡུག་ཟིག་ཡིན་ནོ། །
རྩམ་དགའ (Sunday, 29 November 2009 16:48)
སྦྲ་ཐང་སྨུག་གན་གི་མཐའ་ན། ། རྟ་ཁེ་འདུག་རིག་ནོ་གན་གི ། མགོ་ཐང་ལ་སྒུར་ནོ་བལྟས་ན། ། རོགས་རྩེད་རོགས་དྲན་ནོ་ངན་གི །
ཟ་ལེ་རྒྱལ། (Friday, 27 November 2009 22:26)
རྨ་ཕ་རིའི་སྨྱུག་ལུང་ད་ནས།། སྨྱུ་བཏབ་ནས་ལོ་ར་ཟླ་ཡིན།། སྨྱུག་སེར་རོ་སྐྱེས་སྟོབས་མེད་ན།། མདའ་ལི་མ་ངན་ཁག་མ་འཇོག
རྩམ་དགའ (Wednesday, 25 November 2009 18:49)
ཁ་ཚིག་སྙན་མོ་ཁུ་བྱུག་འདྲ་ལ། ། ཁ་ཁོག་དོག་མོ་རེའུ་འདྲ་ཟིག ། ཁ་རོགས་མི་འདུག་ཟ་དང་ཟུར་ནས། ། ཁ་ལོག་ཚིག་ལོག་བྱས་ན་ངར་ནོ། ། ཨ་ཁུ་ཟ་ལེའི་རྩེད་ར་སྐྱིད་དང་གཅིག ། ཨ་ཅེ་ཟླ་བ་ཁ་ལྕེ་བདེ་དང་གཉིས། ། ཨ་ཁུ་རྩམ་དགའ་རྒྱོ་ལ་མཁས་དང་གསུམ། ། འདི་གསུམ་འཛོམས་དུས་ལྟོན་མོ་མང་ནི་རེད། །
ཟླ་བ་གཡང་ཅན (Wednesday, 25 November 2009 11:28)
ཨ་ཁུ་ས་ལེ་ཚང་གི་རྩེད་ར་ནས།། ལ་ལ་རྩེ་སྐྱེད་བྱས་ན་སྐྱིད་ནི་གི། རྩེ་རོགས་རྩམ་དགའི་ལ་ལ་སྙན་ནི་གི། ཁ་ཚིག་དྲོན་པོའི་བྲོ་བ་བཟང་ནི་གི། ཆུང་དུས་རོགས་ལོ་ཡིད་ནས་བརྗེད་སོང་སིག།
ཚེ་རིང་ལོ་བརྒྱ (Wednesday, 25 November 2009 11:01)
རོགས་ཆུང་ལོ་སྔྱིང་ལ་རྗེ་བོ
ཟ་ལེ་རྒྱལ། (Tuesday, 24 November 2009 21:18)
ངའི་ན་ཟླའི་རོགས་ལོ་ཤོད་ལ།། རོགས་དུས་གནམ་གི་ངོར་ལྟོས།། གནམ་རྒྱ་འཁྲུག་བྱེད་ན་མ་ཡོང་།། ཆར་ཟམ་ཟིམ་ཚེགས་ལ་མ་འཛེམས།།
རྩམ་དགའ (Tuesday, 24 November 2009 18:16)
ཁ་ཐག་རིང་ཡང་སེམས་ཐག་ཉེ་བའི། ། དྲ་གྲོགས་ཁྱེད་ཚོ་ཡོང་རྒྱུ་དཀའ་ནོ། ། ལམ་འགྲོ་རྫིད་པོ་ཞིག་ལ་ཐུག་ནས། ། ཨ་ཁུ་རྩམ་དགའ་བརྗེད་ནི་མི་འགྲོ །
རྩམ་དགའ (Friday, 20 November 2009 18:15)
ཨ་ཁུ་རྩམ་དགས་ཉིན་ཤས་སྔོན་ནས། ། བུ་མོ་ཁྱོད་ནི་ཡོང་རྒྱུ་འདོད་ནས། ། ཉིན་སྒུག་མཚན་སྒུག་བྱས་ནས་བསྡད་ཀྱང་། ། ད་བར་རིག་རྒྱུ་མེད་ནོ་ཆི་ཟིག་རེད། ། ད་ནས་ཡོང་རྒྱུ་མིན་ན་ཡོང་འདོད་བཤད་ནས། ། ཨ་ཁུའི་སེམས་ནང་དཀའ་ངལ་མ་འཇོག་དྲིན་ཅན་མ། ། རླུང་དྲག་ཆའི་ཁྲོད་དུ་སྒུག་ནས་འདུག་རྒྱུ་དེ། ། དཀའ་མོ་ཡིན་ནོ་བུ་མོ་ཁྱོས་ར་ལོས་ཤེས་སྙམ། །
བཀྲ་ཤིས་འཚོ (Friday, 20 November 2009 11:21)
སྦྲང་དཀར་རྩམ་པའི་ཁྱོད་མ་ངོམ་ན། ལྡ་ལིའི་ལྡེ་གུས་ལྟོ་བར་མི་ཁེངས་བས། རྒྱུ་མའི་མཐུལ་ནས་ལ་གཞས་ཐར་ཐོར་རེ། ཤུགས་ཀྱིས་ཇི་ལྟར་བླངས་རུང་མི་གོ་གི།
རྩམ་དགའ (Thursday, 19 November 2009 22:26)
སྦྲ་དཀར་འོ་མར་འདྲ་བའི་རྩམ་པ་ཟོས་ནས། ། ལང་ཚོའི་རང་བཞིན་དར་བའི་ཨ་ཁུ་ཚང་གི ། མཇེ་འདིར་མཐོང་ན་ཟླ་བ་དབྱངས་ཅན་ཁྱོད་ར། ། ཨ་ཁུ་རྩམ་དགའི་ཁ་ལ་ཉན་ནི་རེད་ཀོ །
རྩམ་དགའ། (Wednesday, 18 November 2009 20:02)
གནམ་སྔོན་པོ་གུར་ཁང་འོག་གི ། གཡུ་ལོ་མའི་རྩྭ་ཐང་སྟེང་གི ། སྦྲ་ཐང་སྨུག་་གན་གི་ནང་ན། ། མ་བུ་མོ་དབྱངས་ཅན་འདྲ་བའི། ། དུང་ནུ་མ་བུམ་ཆུང་འདྲ་ལ་། ། སྐྲ་ལན་བུ་ཕྲག་ཏུ་འཕྱངས་ཤིང་། ། བཞིན་འཛུམ་ཆུང་ཟླ་ལས་ཡག་པའི ངའི་ཆུང་འདྲེས་རྩེད་རོགས་ཚང་གི ། སྦྲ་སྨྭག་ཆུང་ཡིད་ལ་དྲན་གི །
ཟ་ལེ་རྒྱལ། (Monday, 16 November 2009 00:01)
དྲ་གྲོགས་ཚོས་ལ་གཞས་ལེན་ཞོར་དང་ལ་གཞས་ལ་ཉན་ཞོར་བྱོས།
རྩམ་དགའ (Sunday, 15 November 2009 21:37)
སྡོམ་དང་མ་སྡོམ་ཟོག་ནི་མི་ཤེས་ལ། ། རྩམ་པའི་བདུད་ཟིག་དེ་བས་མ་ཡིན་ཡང་། ། ཞི་མོ་ཆ་བོའི་བདུད་ཟིག་ཡིན་དང་ནོ། ། ཨ་ཅེ་ཟླ་བ་ཁྱོད་ལ་མནའ་ཟིག་སྐྱལ། །
ཟ་ལེ་རྒྱལ། (Sunday, 15 November 2009 18:32)
ཨ་ཁུ་རྩམ་དགའ་ཟླ་བ་དབྱངས་ཅན་གཉིས།། མ་དྲོས་ངང་གིས་མཐུན་སའི་རྩེད་ར་འདིར།། རྩེད་ལ་དགའ་ཞིང་དགོད་ལ་སྤྲི་བའི་བུ།། ད་དུང་ཡོད་ན་ད་དུང་ཕེབས་རོགས་མཛོད།།
ཟླ་བ་གཡང་ཅན (Saturday, 14 November 2009 23:27)
ཨ་ཁུ་རྩམ་དགའ་རྩམ་པའི་བདུད་ཞིག་རེད།། རྩམ་པ་མེད་དུས་ཅི་གསུང་སྙན་ངག་རེད།། སྡོམ་པས་བསྡམས་པའི་དགེ་སློང་ཞིག་མིན་ན།། བུད་མེད་ཚང་མ་དགའ་ནོ་ཁོ་ཐག་རེད།།
རྩམ་དགའ (Saturday, 14 November 2009 21:04)
ར་ལུག་སེམས་ཅན་དཀོན་ས་ནས། ། ལབ་རྩེ་མཆོད་འབུལ་མེད་ས་ནས། ། ཤ་ལས་ལྡུམ་བུ་བྲིན་ས་ནས། ། ས་རྩོད་ཆུ་རྩོད་མེད་ས་ནས། ། ཧ་ཧའི་དགོད་སྒྲ་ཉུང་ས་ནས། ། ཨ་ཁུ་ཟ་ལེའི་རྩེ་ར་འདིར། ། སྐྱོ་དུས་སེམས་གཏམ་བཤད་ས་དང་། ། དགའ་དུས་ལ་གཞས་ལེན་ས་རེད། །
ཟླ་བ་གཡང་ཅན (Saturday, 14 November 2009 09:54)
ཁ་བདེ་ལྕེ་བདེའི་ཁ་ཚིག་རྣོ་ས་ནས།། ཁ་མཚར་ལ་ལ་གསར་བཟོ་བྱེད་ས་ནས།། ཚིག་ཟུར་སྟོད་སྨད་ཀུན་ལ་འཕེན་ས་ནས།། ཁྲི་ཁའི་བླ་མ་དགོན་པའི་གྲྭ་བདང་།། ལ་ཁའི་ལུག་རྫི་ཆུ་ཁའི་ཆུ་ལེན་སོགས།། འཚོ་བའི་རོབཅུད་སུ་ལ་ཅི་འབྱོར་བ།། རྩེ་ར་འདི་ནས་རྩེ་བྱེད་བྱེད་དོན་གང་།།
རྩམ་དགའ (Saturday, 14 November 2009 01:10)
འབའ་གཡངས་དཀར་ལུག་རྭའི་ནང་ངེར། ། སྡིག་སྤྱང་ཁུ་འཚང་ན་འདོད་ཀོ་གི ། གཉིད་མ་འདུག་ལུག་རྫི་ལོ་ལོ། ། སླས་རྭ་བསྐོར་སྲུང་ན་རན་གོ་གི །
ཟ་ལེ་རྒྱལ། (Friday, 13 November 2009 21:04)
ར་རྫི་ལུག་རྫི་ཆ་བོ་མྱི་སྐྱ་རེད།། ལ་ལུང་ཀུན་ལ་རྒྱུག་ནོ་ལས་དབང་རེད།། ཤ་མར་ཐུལ་ལ་རོལ་ནོ་སྡིག་པ་རེད།། ས་ཆུའི་གནོད་པ་བྱུང་ནོ་བཀའ་ཆད་རེད།།
རྩམ་དགའ (Friday, 13 November 2009 17:39)
ར་ལུག་ཅིག་གི་སྲོག་ཡང་བཅད་མེད་ལ། ། ལ་ལུང་མི་ལ་མགོ་སྐོར་མ་བྱས་ཤིང་། ། ཤ་ཁྲག་ལུས་འདི་བསྐྱུར་ནས་འགྲོ་བའི་དུས། ། ས་ཐོབ་རྗེ་བོའི་ཁྲིམས་ལ་སྐྲག་དོན་མེད། །
བཀྲ་ཤིས་འཚོ (Thursday, 12 November 2009 08:43)
ཞྭ་སེར་བསྟན་པའི་བདག་པོ་དགེ་སློང་རེད། ཟ་རྒྱུ་འཐུང་རྒྱུ་མང་ནོ་བསོད་ནམ་ཡིན། འ་འུར་དབྱིངས་ན་མི་ཚེ་སྐྱིད་ནོ་འདི། ཡ་མ་ཟུང་གི་སྐྱ་མིན་སེར་མིན་རེད།
ཀུན་མཚོ (Thursday, 12 November 2009 02:54)
ཙ་གེ་ཙི་གེ་ལེན་པའི་ཁ་འཁྱམས་ཚོ། ཚ་བའི་སྡུག་བསྔལ་སྒོམ་ན་ཨེ་བཀའ་གི། ཛ་ཡའི་བསྟན་པ་དོར་ན་ཨེ་སྐྲག་གི། ཝ་ཡེ་གྲྭ་ལོག་ཚོ་ལ་འདི་ཤོད།
རྩམ་དགའ (Tuesday, 10 November 2009 17:41)
པ་ཕའི་མདུན་ནས་མགོ་བོ་སྒུར་མྱོང་མེད་ཀྱང་། ། ཕ་གའི་ཞི་མོ་མཛེས་མ་གན་དང་ཐུག་ན། ། བ་གླང་འདྲ་བའི་ལས་ངན་མཇེ་འདིའི་དོན་ལ། ། མ་ཁུག་ན་ཡང་ཞུ་བར་འཐེན་ན་འདོད་ཀི །
ཟ་ལེ་རྒྱལ། (Tuesday, 10 November 2009 09:13)
ཏ་ལེན་ནང་གི་འོ་མའི་་སྒོ་ང་གཉིས། ཐ་ན་ཨ་མ་ལའང་བསྟན་མ་མྱོངས།། ད་དུང་སུ་སང་གང་ལ་མ་བྱིན་མོད།། ན་ཆུང་མཛེས་མ་ཞིག་ལ་སྟེར་གི་ཡིན།།
རྩམ་དགའ (Tuesday, 10 November 2009 05:49)
ཅ་རེ་ཅོ་རེ་གླེང་ནས་མ་འདུག ། ཆ་མ་བཞིན་དུ་ལངས་ན་དཀའ་གི ། ཇ་རྒོད་འཐུང་འཕྲོ་བཞག་ཡང་མི་ཕན། ། ཉ྄་མོའི་ཁ་ལ་རྒྱོ་ན་འདོད་ཀི །
བཀྲ་ཤིས་འཚོ (Tuesday, 10 November 2009 05:09)
ཀ་འདྲ་བའི་གེག་ལངས་རག་ཐོ་འདི་ལ། ཁ་འདྲ་བའི་ཁ་ནག་མ་ཞིག་མེད་ན། གན་ཉིན་ལངས་མཚན་ལངས་བྱས་ནོ་གཙོག་གི། ང་ཁོམ་དུས་གན་ན་སྐོར་ཞིག་རྒྱག་ཡ།
རྩམ་དགའ (Monday, 09 November 2009 22:53)
ཧ་ཅམ་སྦོམ་ཕྲ་རིང་ཐུང་རན་པའི། ། ཨ་བུ་འཁྱམ་པོའི་མཇེ་རྒོད་འདི་ནི། ། ཨ་རིའི་བུ་མོའི་སྒོར་གྱིས་མི་ལོན། ། ཨ་མདོའི་བུ་མོར་སྤོབས་པ་ཡོད་ན། ། ཧ་སེ་ལངས་ནས་རུམ་ལ་ཕེབས་ཤོག །
ཟ་ལེ་རྒྱལ། (Monday, 09 November 2009 21:04)
ཞྭ་མོ་ལྟག་ཁུང་ནང་ལ་དེད་ནས།། ཟ་འཐུང་འོ་མ་ཁམ་གང་དོན་དུ།། འ་ལི་འབི་ལིས་འཁྲིག་འཛིང་བྱེད་དུས།། ཡ་མཚན་ཀུ་ཅོ་གོ་རྒྱུ་མང་གི། ར་མ་ལུག་གི་ལད་མོ་བྱས་ནས་།། ལ་ལུང་ཁ་ཁུ་སིམ་པོ་ཞིག་ནས།། ཤ་ཡི་ཨ་ལོང་གོར་མོའི་ནང་ལ།། ས་རྒྱག་རྡོ་རྒྱག་བྱེད་ན་འདོད་ཀི།
རྩམ་དགའ (Monday, 09 November 2009 19:07)
ར་བོར་འདྲ་བའི་རྒྱོ་ལ་དགའ་བའི། ། ལ་ལུང་ཉུལ་བའི་འཁྱམ་པོ་ང་ནི། ། ཤ་མདོག་དཀར་བའི་བུ་མོ་ཁྱོད་དང་། ། ས་གདན་ཅིག་ལ་ཉལ་ན་འདོད་ཀི །
རྩམ་དགའ (Monday, 09 November 2009 18:09)
ཞ་སྨྱུག་རྩེ་ནས་ལ་གཞས་འཐེན་ལས། ། ཟ་མ་གང་ཞིམ་སྡེར་ཁ་བཤམས་ཏེ། ། འ་འུར་མེད་པའི་ཁང་ཆུང་ཞིག་ཏུ། ། ཡ་རབས་ཁྱོད་དང་ཐུག་ན་འདོད་ཀི །
ཟླ་བ་གཡང་ཅན (Monday, 09 November 2009 11:29)
རྒྱུན་རིང་བོ་ཞིག་ལ་ལ་གཞས་ལེན་མ་ཐུབ་པར་དགོང་དག་ཞུ། རྗེས་སུ་ཆུ་ཚོད་རེ་ཡོད་དུས་མུ་མཐུད་ནས་ཡོངས་འདོད་ཡོད།
བཀྲ་ཤིས་འཚོ (Monday, 09 November 2009 06:43)
པ་ལགས་ཨ་མ་ཡུལ་ན་མེད་དུས ཕ་གི་ཞི་ལི་སྤོབས་པ་ཡོད་ན། བ་གླང་མཛོ་མོ་སླས་ར་བཅུག་ནས མ་བཟང་ངེད་ཀྱི་འདབས་ལ་ཤོག་དང་། ཙ་གེ་ཙི་གེ་གཅིག་ར་མི་དགོས ཚ་བ་འཕར་བའི་ཤ་མིག་ནང་ལ། ཛ་ཏི་ཁུར་བའི་ཤེད་ཅན་ཕེབས་དང་། ཝ་མ་ཝོ་ལ་བདེ་བ་ལོས་ཐོབ།
རྩམ་དགའ (Sunday, 08 November 2009 04:08)
ཨ་རོགས་པ་སྡེ་བའི་དཔའ་རྒོད་ཁྭོད་ཀྱིས་འདིའི་སྣེ་ནས་ཕྲིས།
རྩམ་དགའ (Saturday, 07 November 2009 02:33)
རྟ་སདོ་བར་མ་གྱེས་གོང་གི ། ཐ་ཚིག་སྣེ་འཛུམ་གྱིས་བསུས་ཏེ། ། ད་བདེ་མོའི་འོ་ཞིག་བྱས་ནོ། ། ན་རྒས་ཀྱང་བརྗེད་ཐབས་དཀའ་གི །
ཟ་ལེ་རྒྱལ། (Friday, 06 November 2009 21:43)
ཅ་ལ་དམར་བོའི་མགོ་རྒྱན་ཅན་གྱི།། ཆ་ལུགས་བཟང་བའི་བུ་མོ་ཁྱོད་ལ།། ཇ་ཁང་ཞིག་ནས་ཁ་བརྡ་བྱས་ཏེ།། ཉ་ཤ་ཟ་མིན་འདྲི་ན་འདོད་ཀི།
རྩམ་དགའ (Friday, 06 November 2009 20:24)
ཀ་དབྱངས་གསལ་སོ་བཞིའི་གྲོང་ན། ། ཁ་ལ་གཞས་ལེན་ནོ་བཟང་གི ། ག་ལ་དམིགས་ནི་མ་ཤེས། ། ང་འཁྱམ་པོའི་མགོ་བོ་འཐོམས་ཀི ། འབྲི་འདོད་ན་ཅ་ནས་ཕྲིས།
ཟ་ལེ་རྒྱལ། (Friday, 06 November 2009 11:46)
བཀྲ་ཤིས་ཀྱི་སྡེ་ཆེན་ད་ཡི། ཚེ་རིང་གི་ན་ཟླའི་ཆུང་ལོ། ཁྱོད་མ་སྡུག་མ་རྨོངས་སྡོད་ར། ཚིག་བཤད་ཀྱང་བཟས་ནི་མིན་ར། རོགས་རྩེས་ཀྱང་རེ་རེ་གླེང་གོ།
བཀྲ་ཤིས་འཚོ (Friday, 06 November 2009 09:30)
རོགས་དྲན་ནོའི་ལོ་རབས་མ་བཤད། རོགས་དྲན་གི་ལོ་རབས་བཤད་ན མགོ་སྔ་ས་ལ་བཞག་པའི་དུས་ནས གདན་གྲུ་བཞིའི་ཕྱེད་ཀ་སྟོང་བ་རེད ཤ་མཆིན་པའི་སྟེང་འོག་འཁྱག་པ་རེད རོགས་ཞེ་འདང་ཅན་པོ་མ་ཡོངས་ན རགས་དྲན་ནོ་རང་གི་ལན་ཆགས་རེད
ཟ་ལེ་རྒྭལ། (Thursday, 05 November 2009 22:09)
ནམ་ལང་རྒྱང་སྤང་ལ་བལྟས་ན། སྤང་རིག་རྒྱང་མདོ་བ་དྲན་གི། རྟ་གོམ་ལག་ཅན་པོའི་དོན་ན།། མྱིག་ནད་པའི་སོང་ནིའི་ལ་ཁ།། ཞར་འགྱོ་རྒྱོ་ཁྲིག་གོ་མེད་ཁུ།། ས་རུབ་རྒྱང་སྡེ་ལ་བལྟས་ན།། སྡེ་རིག་རྒྱང་རོགས་ལོ་དྲན་གི། རོགས་ཞེ་འདང་ཅན་པོའི་དོན་ན།། ཞེ་ནད་པའི་སོང་ནིའི་ལ་ཁ།། སྨྱོས་འཇོག་རྒྱོ་ཁྲིག་གོ་མེད་ཁུ།།
རྩམ་དགའ (Thursday, 05 November 2009 21:16)
ས་སྐྱིད་པོ་སྡེ་ཆེན་གྲོང་ན། ། གྲོགས་ན་ཟླ་འཛོམས་ནོ་ཡག་གི ། རོགས་ཞེ་མཐུན་མེད་རབས་གླེང་ནས། ། བརླ་དམ་པོར་བཙིར་ནས་མ་འདུག །
ཟ་ལེ་རྒྱལ། (Thursday, 05 November 2009 09:37)
གྲོགས་པོ་གྲོགས་མོ་ཚོས་ངའི་ནང་ནས་ལ་གཞས་བླངས་ནས་རྩེད་མོ་རྩེས་ནོ་ཐུགས་རྗེ་ཆེ། དེང་སྐབས་ང་རང་ལས་བྲེལ་གྱི་དབང་གིས་དྲ་ཐོག་ལ་ཡོང་ཁོམ་མང་པོ་མི་འདུག ཁྱོད་ཚོ་ལྷོད་ལྷོད་བྱས་ནས་སྡོད།
རྩམ་དགའ (Thursday, 05 November 2009 00:40)
ཨ་རོགས་རིག་བཟང་མ་ཁྱོད་ཀྱི་ལ་གཞས་འདིས་ངའི་སེམས་འཕྲོག་མ་སོང་ན་ཡུམ་དུམ་པ། དྲང་མོར་བཤད་ན་སྙན་ངག་ཟེར་ན་འདི་ལས་ཡན་ཟིག་ཨེ་ཡོད་ལགས་འདོད་ཀི །
བཀྲ་ཤིས་འཚོ (Wednesday, 04 November 2009 07:39)
ངའི་ཞེ་མཐུན་རོགས་ལོ་མེད་ན། ཁ་ལ་གཞས་སྟོང་ལེན་མི་བྱེད། རོགས་ཟེར་ནས་བརྒྱ་རེ་གླེང་རུང་། རོགས་མ་དགོས་གྲིབ་མ་མེད་གི། ངས་མི་ལེན་ཟེར་དོན་དེ་ཡིན། ངའི་ཨ་རིག་ར་ཁྲ་མེད་ན། ཐང་སྐམ་པོར་སྐོར་བ་མི་བྱེད། རྟ་ཟེར་ནས་སྟོང་རེ་བཤད་རུང། རྟ་ཞིག་གི་རྟ་རྗེས་མེད་གི། སྐོར་མི་རྒྱག་ཟེར་དོན་དེ་ཡིན།
རྩམ་དགའ (Monday, 02 November 2009 22:08)
ཤིང་གཡུ་ལོ་ལྗོན་པའི་རྩེ་ན། ། བྱ་ཁུ་ལོ་རིག་རྒྱུ་མེད་ནོ། ། ཚང་དྲོན་པོར་ཆགས་ནི་མིན་ན། ། གྲོགས་བྱ་ཚོགས་ཡིད་ནས་མ་བརྗེད ། མ་བུ་མོ་རྩེ་རའི་གྲོང་ན། ། ཁ་བདེ་མོ་ངོ་ཡག་ཅན་མ། ། དུས་དེང་སང་རིག་རྒྱུ་དཀོན་ནོ། ། སྡེ་ཆེན་པོ་སྒོ་རའི་བར་ནས། ། ཕོ་ཟིག་ལ་ཐུག་ནི་མིན་ན། ། གླུ་ལ་གཞས་ལེན་རྒྱུ་མ་བརྗེད། །
རྩམ་དགའ (Tuesday, 27 October 2009 02:09)
རྟ་མེད་ད་རྟ་ཞིག་ཉོ་རྒྱུ་ཡིན། ། ཕྱི་སྤུ་ཁ་ཅན་ཟིག་ཟེར་གི་མེད། ། དེར་རན་པའི་སྒ་ཆ་ང་མེད་ཀི ། རྒྱུགས་གོམ་པ་ཡོད་ན་འགྲིག་གི་ཡོད། རོགས་མེད་ད་རོགས་ཟིག་བཙལ་གི་ཡིན། ། ཡག་མོ་སྒོ་ཅན་ཟིག་ཟེར་གི་མེད། ། དེར་འདྲ་བའི་ཕོ་སྒོ་ང་མེད་ཀི ། ཞེ་སྣང་བ་མཐུན་ན་འགྲིག་གི་ཡོད། །
བཀྲ་ཤིས་འཚོ (Monday, 26 October 2009 10:47)
ཁྱོས་རོགས་ལ་འདང་ཞིག་ཡོད་ན། ཁྱོད་ཆུང་དུས་རྩེད་ཡ་དགོད་གྲོགས། ཁའི་དུང་སོ་སུམ་ཅུ་འཐོར་ནས་ སྐྲའི་ལན་བུ་དཀར་ལོག་རུང་ རོགས་ཟེར་ནས་ད་རུང་སྒུག་ཡོད།
རྩམ་དགའ (Friday, 23 October 2009 17:58)
ས་ཐག་རིང་ས་མཐའི་གྲོང་ན། ། ས་རྩུབ་མོ་ས་རྡོ་མང་གི ། ས་བདེ་མོ་ཐང་ཞིག་རྙེད་ན། ། རྟ་མདོ་བའི་གོམ་ལག་བདེ་གིན། །
ཟ་ལེ་རྒྱལ། (Friday, 23 October 2009 00:19)
ཁ་ལ་གཞས་ས་གཞས་རྡོ་གཞས་རེད།། བླངས་བླངས་ན་མགོ་གཞས་འཁོར་བྱེད།།
ཟླ་བ་གཡང་ཅན (Wednesday, 21 October 2009 10:08)
ས་ཁྱོད་ཚོའི་དང་ང་ཚོའི་ས།། ས་ཁྱོད་ཚོའི་ལ་མི་ཤེས་མོལ།། ས་ང་ཚོའི་ས་ར་འདྲ་ན།། རྟ་མེད་ན་ཅག་ལ་མི་འགྲོ། དྲེལ་མེད་ན་འགེལ་རྟ་མི་འཁྲིད།། སྡེ་ཁྱོད་ཚོའི་སྡེ་དང་ང་ཚོའི་སྡེ།། སྡེ་ཁྱོད་ཚོའི་ལ་མི་ཤེས་མོལ།། སྡེ་ང་ཚོའི་སྡེ་ར་འདྲ་ན།། རོགས་མེད་ན་གྲོང་ལ་མི་ཉུལ།། ལན་མིན་ན་ལ་ལ་མི་ལེན།།
རྩམ་དགའ (Tuesday, 20 October 2009 02:46)
ང་རྟ་མཆོག་ཁ་ལས་ཅན་ལ། ། ལག་འཆང་བའི་བསོད་རྣམས་མེད་ན། ། ཁ་འདར་འདར་འཁྲིས་ལ་མ་ཡོང་། ། རྐང་གཡིག་ཐེངས་གཅིག་གིས་རྨས་ལ་ཡོང་། ། སྨད་ན་ཆུང་རྩེ་ར྄འི་གྲོང་ནས། ། ཁྱོས་ངེས་ངེས་རྩེ་ར་འདོད་ན། ། རྟ་ཐག་སྣེ་སྐོར་འཕེན་མ་བྱས་གོང་། ། སྟོད་གཡུ་ལོའི་རྟ་ར྄འི་ནང་གི ། རྟ་དཀའ་ཀར་དབུ་འཕང་བསྟོད་ན། ། ་ལས་ལམ་འགྲོ་ཡོད་ནོ་ཟེར་ར། །
ཟླ་བ་གཡང་ཅན (Monday, 19 October 2009 10:20)
སྟོད་གཡུ་ལོའི་རྟ་རའི་ནང་ལ།། ངས་རྟ་ཐག་སྐོར་འཕེན་བྱེད་རྒྱུ།། རྟ་བསམ་པ་ཅན་ཞིན་ཡིན་ན།། ངའི་རྟ་ཐག་རང་ཡ་མ་གཏོང་།། ས་སྡེ་ཆེན་རྩེ་བའི་གྲོང་ལ།། ངས་ལ་ལ་སྐོར་ལེན་བྱེད་རྒྱུ།། རོགས་བསམ་པ་ཅན་ཞིག་ཡིན་ན།། ངའི་ལ་ལ་རང་ཡ་གཏོང་།།
རྩམ་དགའ (Sunday, 18 October 2009 18:45)
ཐང་ཡངས་པོ་རྩ྄་ཐང་སྟེང་ལ། ། འབའ་གཡང་དཀའ་རིག་རྒྱུ་མེད་ནོ། ། གླག་རྒོད་པོར་དོགས་ནི་མིན་ན། ། ས་འདི་ལ་སུན་ནི་ཁྱད་ཡིན། ། སྡེ་ཆེན་པོ་གྲོང་གི་དཀྱིས་ན། ། རོགས་ཁྱེད་ཚོ་རིག་རྒྱུ་མེད་ནོ། ། ཁ་ལ་གཞས་ཚར་ནི་མིན་ན། ། ང་རྒད་པོར་སུན་ནི་ཁྱད་ཡིན། །
རྩམ་དགའ (Friday, 16 October 2009 08:18)
ད་ཡིན་ན་ཡིག་གཟུགས་ཅུང་ཆེ་རུ་སོང་འདུག་ཐུགས་རྗེ་ཆེ།
ཟ་ལེ་རྒྱུལ། (Thursday, 15 October 2009 22:47)
དྲ་གྲོགས་རྩམ་དགའ་ལགས་ནས་ངའི་ཡིག་གཟུགས་ཆུང་འདུག་ཅེས་དྲན་སྐུལ་བྱས་བར་ཐུགས་རྗེ་ཆེ། ཇེ་ཆེར་བཏང་ཡོད། འདི་ལས་ཆེ་རུ་གཏོང་མི་ཐུབ་ཀི། དགོངས་དག དུ་དུང་སྐྱོན་རིག་ན་བཤད་རྐྱང་བཤད་རོགས།
རྩམ་དགའ (Thursday, 15 October 2009 22:15)
རྟ་གྱི་ལོང་གོམ་པ་ཅན་པོ། ། འདི་ཞོན་པའི་ལས་ཤིག་མེད་ཀི ། རོགས་ཆུང་ལོ་བརྩེ་མདང་ཅན་མའི། ། གདོང་མཐོང་བའི་བསོད་རྣམས་ཆུང་གི །
བྱམས་མདོ་གླུ་དགའ (Thursday, 15 October 2009 14:20)
ཨ་རོ་ཟླ་བ་གཡང་ཅན་ད་ཟ་ལེ་རྒྱལ་གྱིས་ཁྱོད་བརྗེད་ཚར་འདུག་ཕྱིར་ལ་ཤོག་དང་ངས་ཁྱོད་ལ་ལ་གཞས་ལེན་རོགས་བྱེད་ཡ།
རྩམ་དགའ (Wednesday, 14 October 2009 21:15)
ཨ་རོགས་ཟ་ལེ ལགས་ཉིད་ཀྱི་ལ་གཞས་ནང་གི་ཡིག་གཟུགས་ཆུང་དྲག་ནས་ཀློག་དཀའ་མོ་ཟིག་རེད་ཀོ
རྩམ་དགའ (Monday, 12 October 2009 22:29)
སྤང་གཡུ་རི་འདྲ་བའི་རྩ྄་ཐང་ལ། ། ཆུང་བྱིས་དུས་མེ་ཏོག་སཐུ་རོགས་མ། ། ན་སོན་དུས་སེམས་གཏམ་གླེང་རོགས་མ། ། ཁྱོད་སྐུ་ལུས་བདེ་མོ་ཡོན་ན། ། རོགས་ས་མཐའི་སྐྱོ་བ་སངས་ཀི །
ཟླ་བ་གཡང་ཅན (Sunday, 11 October 2009 11:48)
རྟ་དྲན་གི་ལོ་རབས་མ་བཤད།། རྟ་དྲན་གི་ལོ་རབས་བཤད་ན།། རྟ་རིགས་འདྲ་རིག་ན་དྲན་གི། སྒ་རིགས་འདྲ་རིག་ན་རྨོང་གི། རོགས་དྲན་གི་ལོ་རབས་མ་བཤད།། རོགས་དྲན་གི་ལོ་རབས་བཤད་ན།། རོགས་རིགས་འདྲ་རིག་ན་དྲན་གི། ཚིག་རིགས་འདྲ་བཤད་རྨོང་གི།
ཟ་ལེ་རྒྱལ། (Saturday, 10 October 2009 19:49)
རྟ་འགྲོ་དུས་འགྲོ་རྩྭ་མི་ཟ།། ཤ་འབུད་ཀི་ཕན་ཐོག་མ་དགོ། རྒྱུག་གོམ་པ་ལྩག་ཏུ་གནོད་ཀི རོགས་འགྲོ་དུས་སྡུག་གཏམ་མི་བཤད།། རོགས་འགྲོ་ཡི་ཕན་ཐོག་མ་དགོ། ཞེ་སྣང་བ་ལྷག་ཏུ་སྡུག་གི།
རྩམ་དགའ (Saturday, 10 October 2009 19:16)
རོགས་ཆུང་ལོར་གྱེས་པའི་ཉིན་མོ་ནས། ། ཞེ་སེམས་པ་སྟོང་སེ་བུད་ནས་ཐལ། ། ཟས་ཞིམ་པོར་བྲོ་བ་མི་ཚོར་གི། ། གླུ་ལ་གཞས་ཁ་ལ་མི་ཡོང་གི །
ཟླ་བ་གཡང་ཅན (Saturday, 10 October 2009 08:06)
རོགས་མི་རིག་གི་ར་མེད་ནས་ན།། བྱ་མི་འཁོར་གི་ར་ཡོད་ནས་ན།།
ཟླ་བ་གཡང་ཅན (Thursday, 08 October 2009 13:45)
ཐང་ཆེན་པོའི་ཁ་རུ་བརྒྱངས་ནས།། རྟ་ཡོང་གོ་འདོད་ནས་བསྒུགས་ཀྱང་།། རྟ་གྲོ་རྒྱལ་གཡུ་ལོ་གན་ན།། རྗེ་རྒྱ་མོ་རྒྱུག་རོགས་མང་གི། ཐང་ཁ་རི་བརྒྱངས་ནོ་སྟོང་བ་རེད།། རྟ་ཡོང་ང་བསམ་ནོ་སྟོང་སེམས་རེད།། སྦྲ་ཐང་སྨུག་ཁ་རུ་བརྒྱངས་ནས།། རོགས་ཐོན་གོ་འདོད་ནས་བསྒུགས་ཀྱང་།། ངའི་ཞེ་མཐུན་རོགས་ལོ་གན་ན།། རོགས་ཐུགས་ས་འབྲེལ་ས་མང་གི། སྦྲ་ཁ་རུ་བརྒྱངས་ནོ་སྟོང་བ་རེད།། རོགས་ཐོན་ན་བསམ་ནོ་སྟོང་བསམ་རེད།།
ཟླ་བ་གཡང་ཅན (Thursday, 08 October 2009 13:31)
བྱ་ཁུ་ལོ་གསུང་སྐད་སྙན་མོ་ཅན།། ཁྱོས་ནགས་རི་བརྒྱུད་གི་ཕྱི་ཉིན་ནས།། ནགས་རྒྱ་རྫོང་གཡུ་མཚོ་ཕྱུག་མོ་འདི།། མདང་གཡུ་ཐིག་འདྲ་བོ་ཡལ་ནས་ཐལ།། སིལ་ཕྱིར་དམར་འདྲ་བོ་འཐོར་ནས་ཐལ།། ང་འཇོལ་མོ་ཁེར་འགྲོ་ཁེར་འདུག་རེད།། བྱ་དྲན་རུང་ཁུ་ལོས་མི་ཚོར་གི། སེམས་སྡུག་རུང་འཇོལ་མོ་བདག་མེད་རེད།། རོགས་ས་ལེ་ཞེ་འདང་ལྷོད་ཤ་ཅན།། ཁྱོས་སྡེ་རི་བརྒྱུད་གི་ཕྱི་ཉིན་ནས།། སྡེ་བྱ་གཞུང་གཡང་གི་ར་བ་ནས།། སྐྱིད་ཉི་མ་འདྲ་བོ་ཚར་ནས་ཐལ།། འདང་འོ་མ་འདྲ་བོ་རྐམ་ནས་ཐལ།། ང་ཟླ་བ་ཁེར་འགྲོ་ཁེར་འདུག་རེད།། རོགས་དྲན་རུང་ས་ལེ་སེམས་མེད་རེད།། སེམས་སྡུག་རུང་ཟླ་བ་བདག་མེད་རེད།།
ཟླ་བ་གཡང་ཅན (Thursday, 08 October 2009 13:07)
ཨ་ས་ལེ་ཡིན་ན་ཤི་ཐལ་ནོ། དེ་སྙན་ངག་ཟོ་མ་རེད། ལ་གཞས་རེད། ང་སྐྱེས་ནས་ད་བར་དུ་ལ་གཞས་ལེན་ཁལ་བྱས་ནི་རེད། མིན་ད་དེ་ཁྱོད་ཀྱིས་མི་ཤེས་འདོད་ཀྱི་མེད་གི་ར། ལས་ལེགས་པོ། ཁྱོད་ས་མཐའ་བྱིན་པ་ནས་ངའི་སེམས་ལྷོད་ལ་འབབ་མྱོང་མེད་ནོ་གཡག་རྒན་འབྲི་རྒན་ཆ་བོ་ར་སྦྲ་རྒན་ནག་ལྡིང་མ་གཏོག་སུ་གང་གི་ཤེས་ནི་མ་རེད། ཡ་ད་སྡུག་གཏམ་མི་བཤད། དེ་ལས་ལ་གཞས་ལེན།
ཟ་ལེ་རྒྱལ། (Tuesday, 06 October 2009 23:07)
ཟླ་བ་དབྱངས་ཅན་ལགས། ཀྱོད་ཀྱིས་ལ་གཞས་དེས་ངའི་སེམས་འཕྲོག་མ་བཏབ་ཐ་ན་གསེར་ཡུམ། འདི་མོའི་སྙན་ངག་རིག་ནི་མེད། བཏོན་གིན་བཏོན་གིན་འདོན་ན་འདོད།
རྩམ་དགའ (Tuesday, 06 October 2009 07:34)
དུས་དེང་སང་རྒན་གཞོན་གཉིས་ཀས། ། རོགས་མེད་ལ་ཡོད་འདོད་བྱེད་ཀི ། ཁ་ཐག་རིང་རྩམ་དགའི་ཁ་ནས། ། སྙན་ལྷང་ལྷང་དགོད་ཁ་ཤོར་ཐལ།
ཟླ་བ་གཡང་ཅན (Tuesday, 06 October 2009 01:48)
ཐང་ཁ་ཞིང་ཅན་པོ་རིག་ན།། རྐྱང་གཡུ་རྔོག་ཅན་པོ་དྲན་གི། ས་མི་གཅིག་ས་མཐའ་ཞིག་ན།། རྔོག་རྡེམ་མེ་གཤར་གོ་འདོད་ན།། སེམས་སྐྱ་མོ་སྐྱོ་བ་སྨིག་རེད།། སྨིག་འཐིབ་ས་ཡ་ཆུང་སེམས་རེད།། སྡེ་ཁྲ་ཁྲའི་ཁ་རི་རིག་ན།། རོགས་ཁ་ཚིག་ཅན་པོ་དྲན་གི།། སྡེ་མི་གཅིག་རྩེ་བའི་གྲོང་ན།། གཉོམ་དུང་ངེ་རྩེ་གོ་འདོད་ན།། སེམས་སྐྱ་མོ་སྐྱོ་བ་ཆུ་རེད།། ཆུ་བཞུར་ས་ཁྲ་ཆུང་མིག་རེད།།
ཟླ་བ་གཡང་ཅན (Tuesday, 06 October 2009 01:35)
ཁ་ལ་ལ་ཞིག་ལ་སྐྱོ་ནི་གི། ས་འདི་ར་ཞིག་ལ་ཡོང་ནི་ཡིན།།
རྩམ་དགའ (Wednesday, 30 September 2009 22:20)
ཁྱོད་བྱ་གཞུང་ཞི་མོའི་ཁ་ནས། ། གླུ་སྙན་མོ་ཁུ་ལོ་གྲགས་ཀི ། ཁ་ཐག་རིང་འཁྱམ་པོའི་སེམས་ལ། ། དྭངས་གསལ་ལེ་རི་མོ་བྲིས་ཐལ། །
རྩམ་དགའ (Tuesday, 29 September 2009 03:43)
ཤིང་ཙན་དན་ཡལ་གའི་རྩེ་ནས། ། བྱ་ཁུ་ལོས་སྐད་སྙན་སྒྲོག་གི ། བྱ་བྱེའུས་སྙན་རབས་གླེང་གི ། ང་ཞི་ལི་སུན་སྣང་སྐྱེ་གི །
རྩམ་དགའ (Tuesday, 29 September 2009 02:20)
ཀ་བུ་རམ་འདྲ་བའི་སེམས་གཏམ་མང་བའི། ། ཁ་ཁོག་པ་གཙང་བའི་རོགས་ལོ་ཁྱོད་དྲན་གི ། ག་བཞད་སྒྲས་ཕྱུག་པའི་གླུ་རོགས་མང་ཡང་། ། ང་ཞི་ལིའི་སེམས་པ་སྐྱིད་རྒྱུ་མེད་ཀི །
བཀྲ་ཤིས་འཚོ (Friday, 25 September 2009 10:39)
རོགས་ཆུང་ལོ་ཞེ་འདང་ཅན་པོ། ས་འཇིག་རྟེན་གནམ་གི་འོག་ནས། ཁྱོད་བདེ་མོ་སྐྱིད་པོ་ཡིན་ན། ང་བྱ་གཞུང་ཞི་མོའི་སེམས་ལ། དེ་མིན་ནས་སྐྱིད་ཅིག་མི་དགོས།
རྩམ་དགའ (Wednesday, 23 September 2009 19:51)
རྟ་དཀར་རིས་གོམ་པ་ཅན་ལ། ། གསེར་སྒ་སྲབ་མི་དགོས་རང་གྲུབ་རེད། ། མ་བུ་མོ་གཤིས་བཟང་ཅན་ལ། ། བརྒྱན་མི་དགོས་ཕྱི་ཡག་ནང་ཡག་རེད། །
རྩམ་དགའ (Wednesday, 23 September 2009 18:24)
ཤིང་དྲི་ཞིམ་ཤུག་པའི རྩེ་ལ། ། བྱ་ཁུ་བྱུག་འཇོལ་མོ་གཉིས་ཀ ། ཁ་ཞེ་རྩ་གཅིག་ལ་འཁོར་སོང་ན། ། སྐད་སྙན་མོའི་གླུ་ལ་ཆ་འགྲིག་རེད། །
ཟ་ལེ་རྒྱལ། (Wednesday, 23 September 2009 14:24)
རྒོད་ཐང་དཀར་ཐང་ནག་གཉིས་ཀས།། དགོང་ནམ་འཕང་བསྟོད་རྒྱོ་བྱས་ཡོད།། རླུང་སེར་བུའི་རྒྱུ་ཕྱོགས་ཤིག་གིས།། དགོང་སྟོད་སྨད་གཉིས་ཀི་ལོག་ཐལ།། ཁྱོད་ས་ཡི་དགོང་སྔོན་གནམ་ནས།། ང་མ་བརྗེད་ཡིད་ལ་ཟུངས་ར།། ང་ས་ཡི་དོག་མོ་ས་ནས།། ཁྱོད་བཟས་ཡས་བརྒྱ་རེ་གླེང་གོ།
བཀྲ་ཤིས་འཚོ (Wednesday, 23 September 2009 07:18)
རོགས་ཆུང་ལོ་སྙིང་ལ་རྗེ་བོ། ཁྱོད་སྡེ་མཐའ་ཉུག་གི་ཉིན་ནས། མ་ངེད་ཚོ་ཁེར་ཉལ་ཁེར་ལངས། རོགས་བསམ་ནས་ད་རུང་སྒུག་ཡོད། ངའི་ཕྱོགས་ལ་སྐོར་གསུམ་རྒྱོབ་དང་། སེམས་སྐྱ་མོ་དེང་མའི་དེ་ཡིན། བྱ་ཁུ་ལོ་སྙིང་ལ་རྗེ་བོ། ཁྱོད་ལྷོ་ལ་འཕུར་གི་ཉིན་ནས། བྱིའུ་འཇོལ་མོ་ཁེར་མོ་ལུས་ཡོད། ཁྱོད་ངེས་ངེས་སེམས་ཤིག་ཡོད། ངའི་ཕྱོགས་ལ་སྐོར་ཞིག་རྒྱོབ་དང་། བྱིའུ་འཇོལ་མོ་དེང་མའི་དེ་ཡིན།
ཟ་ལེ་རྒྱལ། (Tuesday, 22 September 2009 22:47)
སྡེ་ཁ་ཞིང་ཅན་གི་དཀྱིས་ཀི། རོགས་ཁ་ཚིག་ཅན་པོ་ཤོད་ལ།། ལོ་ནམ་ཚས་མགོ་ལག་བཀུག་རུང་། སེམས་བསམ་དེང་མའི་དེ་ཡིན།
རྩམ་དགའ (Tuesday, 22 September 2009 04:04)
རོགས་ཆུང་འདྲེས་སྙིང་ལ་སྗེ་བོ། ཁྱོད་མ་ཐུག་ལོ་མང་བུད་ཐལ། ཁྱེད་དྲན་རབས་གླེང་དགོས་མི་འདུག སྐྲ་ནག་པོར་སེར་ཐིག་ལྷུང་ཐལ།
ཟ་ལེ་རྒྱལ། (Monday, 21 September 2009 13:50)
ཤིག་མེད་ར་ཅིག་གིས་ཟ་གི། ཁ་འདག་རྒྱོ་གང་ནས་ཡོང་ནིས། རོགས་མེད་ར་ཅིག་གིས་འབོད་ཀི། ཚེ་རིང་རྒྱོ་གང་ནས་ཡོང་ནིས།
ལྷ་མཚོ (Monday, 21 September 2009 13:40)
ཁ་ལ་གཞས་ལེན་ན་ལ་གཞས་ལེན། ཁ་གཞས་དགུང་སྔོན་གནམ་ལ་ལེན། འབྲུག་ལྗང་ལོ་འདྲ་གི་ལ་གཞས་ལེན། ཆར་ཟིལ་མ་འདྲ་གི་ལན་པ་རྫོག། ཁ་ལ་གཞས་ལེན་ན་ལ་གཞས་ལེན། ཁ་ལ་གཞས་སྡེ་གྲོང་ལ་ལེན། སྡེ་ཆེན་པོ་འདྲ་གི་ལ་ལ་ལེན། རོགས་ཆུང་འདྲ་གི་ལན་པ་རྫོག།
བཀྲ་ཤིས་འཚོ (Monday, 21 September 2009 13:03)
རོགས་ཆུང་སྙིང་ལ་རྗེ་བོ། ཁྱོའི་ཡ་ཆུང་གངས་སེམས་ན། ང་མེད་ནོ་ངས་ར་ཤེས་ཡོད། ངའི་ཆུང་དུས་རོགས་ལོ་བསམ་ན། བློས་མི་ཐོང་སྐྱེད་པོ་དེ་རེད། ནགས་རྒྱ་རྫོང་ཁུ་ལོ་སྙིང་རྗེ། ཁྱོད་རྫ་མཐའ་ནགས་མཐའ་ཉུལ་དུས། ཁྱོའི་ཡ་ཆུང་གངས་དཀར་རྒྱུད་ལ། བྱིའུ་འཇོལ་མོ་མེད་ནོ་ཤེས་ཡོད། ངའི་གནའ་འགྲོག་ཁུ་ལོ་བསམ་ན། བརྗེད་མི་ཐུབ་སྐྱེད་པོ་དེ་རེད།
ཟ་ལེ་རྒྱལ། (Monday, 21 September 2009 11:19)
ཤིང་བྲ་མའི་སྣ་གཅུ་འགུག་དུས། ངའི་ཡིད་ན་ཁྱུང་དཀར་མཛོ་ཡོད། ཞིང་ཆུ་མ་ས་ལོག་རྒྱག་དུས། ཁྱོའི་ཡིད་ན་སུ་ཡོད་སུས་ཤེས། ནང་སྔ་མོའི་ཉི་རྩེ་ཤར་དུས། ངའི་ཡིད་ན་རོགས་ལོ་ཁྱོད་ཡོད། དགོང་མུན་ནག་ས་རྩ་རུབ་དུས། ཁྱོའི་ཡིད་ན་སུ་ཡོད་སུས་ཤེས།
བཀྲ་ཤིས་འཚོ (Monday, 21 September 2009 09:58)
ས་ཁ་ཐག་རིང་གི་རོགས་ལོ། དགུང་མུན་ནག་སྐར་ཆེན་ཤར་དུས། ཁྱོད་དྲན་གི་རྒྱུ་མཚན་མི་བཤད། ཁྱོད་དྲན་གི་ལོ་རྒྱུས་བཤད་ན། སེམས་སྐྱ་མོར་དྲན་ཤིང་ལྕི་གི། ས་ཁ་ཐག་རིང་གི་རོགས་ལོ། ས་བ་ཡན་ཐང་ལ་ཐོན་དུས། རྟ་དྲན་པའི་ལོ་རབས་མི་བཤད། རྟ་དྲན་པའི་ལོ་རབས་བཤད་ན། སེམས་སྐྱ་མོ་སྨེང་གི་གཞི་རེད།
tashitso (Monday, 21 September 2009 09:42)
རོགས་ཆུང་ལོ་སྙིང་ལ་རྗེ་བོ ། ཞེ་བསམ་པའི་རྩེད་འདོད་ཡོད་རུང་། སྡེ་ཆེན་པོའི་མི་ཁ་རྒོད་གི། རོགས་ཐུག་རྒྱུའི་སྐལ་བ་མེད་གི། རོགས་ཆུང་ལོའི་སྐུ་ཁམས་བདེ་མོ། རྟ་འདོ་བ་སྙིང་ལ་རྗེ་བོ། ཞེ་བསམ་པའི་རྒྱུགས་འདང་ཡོད་རུང་། ས་འདི་ལ་གྱོག་རོང་རྩུབ་གི ། རྟ་རྒྱུགས་གིས་སྐལ་བ་ཞན་གི། རྟ་འདོ་བའི་སྐུ་ལུས་བདེ་མོ།
tashitso (Monday, 21 September 2009 09:37)
རྟ་འདོ་བ་སྙིང་ལ་རྗེ་བོ་། ས་ལ་ཐུར་མེད་ལ་རྒྱུགས་ན། སྒ་བེ་སེང་སྒ་ཆ་ངས་སྒྲིགས། ས་བྱང་ལམ་རིང་མོ་གཅོད་དུས། ངའི་སྙིང་གི་བློ་རྟ་ཁྱོད་བྱས། རོགས་ཆུང་ལོ་སྙིང་ལ་རྗེ་བོ། ཞེ་བསམ་པའི་རྩེད་རྒྱུ་ཡིན་ན། ཁ་ལ་གཞས་མགོ་རྔ་ངས་སྒྲིགས། ནང་ན་ཟླ་ཁྲོམ་ལ་ཚོགས་དུས། ངའི་ཞེ་མཐུན་རོགས་ལོ་ཁྱོད་བྱས།
རྩམ་དགའ (Sunday, 20 September 2009 19:50)
ལ་གཞས་ལེན་ན་ལ་གཞས་ལེན། ལ་མཐོན་པོའི་རྩེ་ནས་ལ་གཞས་ལེན། ལ་ལྷ་མོ་འགུག་ར་བསམ་ནི་མིན། ལ་ཁྲོམ་པའི་དཀྱིལ་ལ་ལེན་ནི་ཡིན།
ཟ་ལེ་རྒྱལ། (Friday, 18 September 2009 22:24)
རི་མཐོ་སས་དམའ་སར་བལྟས་ན། དབུས་སེར་རོའི་ས་ཕྱོགས་རིག་གི ཇོ་བོ་སེར་རོ་ཡིད་ལ་ཡོང་ན། ལྷ་མཇལ་གི་བྲེལ་ང་ལང་གི སྡེ་ཆེ་སས་ཆུང་སར་བལྟས་ན། རོགས་དགའ་ལོའི་ས་ཕྱོགས་རིག་གི ཚིག་སྙན་མོ་ཡིད་ལ་ཡོང་ན། རོགས་འགྲོག་གི་བྲེལ་བ་ལང་གི
ཨ་མདོ་མཚོ། (Thursday, 17 September 2009 23:16)
རོགས་དྲན་གི་ལོ་རབས་ཁྱོས་མ་བཤད རོགས་དྲན་གི་ལོ་རབས་ངས་བཤད་ན། ལུག་གཡང་དཀར་རིག་ན་བལ་དྲན་ཀི བལ་འཇིིལ་ལི་རིག་ན་གདན་དྲན་ཀི གདན་གྲུ་བཞི་རིག་ན་ཁྱོད་དྲན་ཀི
ཟ་ལེ་རྒྱལ། (Wednesday, 16 September 2009 09:51)
ས་འདི་ན་སེང་ལྡེང་མང་གི་གོ་དགའ་ལོ། སེང་རང་གྲགས་མདའ་རུ་དཀོན་གི་གོ་དགའ་ལོ། ས་འདི་ན་རོགས་ལོ་མང་གི་གོ་དགའ་ལོ། རོགས་རང་མཐུན་རང་ང་དཀོན་གི་གོ་དགའ་ལོ།
སྨྱུག་རྒོད། (Tuesday, 15 September 2009 18:45)
ཨ་ལ་རོགས་ལོ། སེང་ལྡེང་འདར་བུ་སྐད་ཡོད་གོ་དགའ་ལོ།། དངུལ་གྱི་དྲིལ་བུ་ཆུང་ཡོད་གོ་དགའ་ལོ།། ཁྱེད་འུ་གཉིས་ཐུགས་འཕྲད་མེད་ལ་དགོ་དགའ་ལོ།། སྟོད་དབུས་གཅ༹ང་ཡུལ་ནས་ཐུགས་དང་ཐ་དགའ་ལོ།། རྗེ་བླ་མ་ལག་ནས་མཐུན་ཐ་ཡ་དགའ་ལོ།། མཐུན་པའི་སྨོན་ལམ་ཡོད་ནི་རེད་ཆུང་ལོ།།
དུང་མཚོ་སྐྱིད། (Monday, 14 September 2009 23:53)
རོགས་བོ་མས་འགྲོག་རྒྱུ་ཨ་ཡིན། རོགས་ངོ་མས་འགྲོག་རྒྱུ་མིན་ན། ཚིག་བཤད་ནས་ཉི་མ་མ་གཏོང་། མནའ་སྐྱལ་ནས་ཉེས་བ་མ་བསག།
བདུད་མུ་ཟི། (Monday, 14 September 2009 23:10)
ཁ་ལ་གཞས་ལེན་ན་ལ་གཞས་ལེན།། ཁ་གཉའ་མའི་བར་ནས་ལྷག་པར་ལེན།། རོགས་ཆུང་ལོ་རིག་ན་ཤུགས་ཀྱིས་ལེན།། གཡབ་ཚར་ནས་རྗེས་ནས་ལྷོད་ཀྱིས་ལེན།
ཟ་ལེ་རྒྱལ། (Saturday, 12 September 2009 22:01)
ཁྱོད་དེ་མོའི་ཆོས་བ་ཡིན་ན། འུ་གཉིས་ཀ་ཕྱི་མར་འགྱོ་ར། ལྷ་གཤིན་རྗེ་ཆོས་རྒྱལ་ལོས་སྒུར།
བཀྲ་ཤིས་རྒྱལ། (Saturday, 12 September 2009 21:37)
ང་བོའུ་རྒྱ་ཡིན་ཚད་བཤད་ན།། ས་སྤང་དཀར་དགོ་ཤུལ་བཅད་དང་ང་། ། ཁྱོས་ཨེ་བདེན་མི་བདེན་བསམ་ན། ། ཁྱོད་ཕྱིན་ཆད་སྤང་ལ་སོང་དང་། ། འཕོང་དཀར་དཀར་ཅན་ཞིག་བསྐྱུར་མེད།
ཟ་ལེ་རྒྱལ། (Saturday, 12 September 2009 13:51)
ནམ་མ་ལང་ཉི་རྩེ་རྒྱག་སོ། སྟོད་བྲག་དཀར་དབུ་རྩེ་མགོ་རེད། ས་མ་རུབ་མུན་པ་འཐུབ་སོ། སྨད་རྒྱ་ནག་བཙོན་ཁང་ནང་རེད།
ཟ་ལེ་རྒྱལ། (Saturday, 12 September 2009 13:49)
ཁ་ལ་གཞས་ཧར་ར་ལེན་དུས།། དགོང་ཨ་རྩེར་ཉི་རྩེ་རྒྱག་རྒྱག་བྱོས།། ཕྱིར་འཁོར་ནས་ལན་ལ་སློག་དུས།། དགོང་ཕྱི་དྲོར་གྲིབ་ཆེན་གོན་གོན་བྱོས།
བོད། ཤ་ཁྲག་རུས་གསུམ། (Friday, 11 September 2009 23:53)
ཁ་ལ་གཞས་ལེན་ན་ལ་གཞས་ལེན། ཁ་ལ་གཞས་ཁྲོམ་ཆེན་དཀྱིལ་ལ་ལེན། ཁ་མཐུན་པའི་ཞི་མོ་རྙེད་དང་ན། ཁ་དགོད་ལ་ཚིག་གསུམ་ངས་བཤད་ཡ།
ཨ་མདོ་མཚོ། (Friday, 11 September 2009 14:29)
ས་ཀ་མདོའི་སྡོང་ར་ནང་ན༎ དམར་ཆལ་ལེ་སིལ་ཏོག་སྐྱེས་ཡོད༎ རྡོ་འཕེན་ཀི་ཧོད་པ་ཡོད་ན༎ སིལ་ཟ་ཀི་བསོད་ནམས་ལེ་ཡོད༎ ས་སྡེ་ཆེན་རྩེད་ར་ནང་ན༎ ཁྲ་ཤོལ་ལེ་ན་ཟླ་འཚོགས་ཡོད༎ ཚིག་བཤད་ཀི་ཧོད་པ་ཡོད་ན༎ རོགས་འགྲོག་གི་བསྐལ་བ་ལེ་ཡོད༎
ཟ་ལེ་རྒྱལ། (Friday, 11 September 2009 13:05)
རྟ་མེད་ར་རྟ་ཞིག་དགོས་ཀི། རྒྱུ་མེད་ལ་ཁུག་རྒྱུ་ཆེ་ཡིན། རོག་མེད་ར་རོག་ཅིག་དགོས་ཀི། ཡག་མེད་ལ་བརྙེད་རྒྱུ་ཆེ་ཡིན
རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།
མཚོ་སྔོན་བོད་སྐད་རླུང་འཕྲིན།
བོད་ཀྱི་དུས་བབ།
ཨེ་ཤ་ཡ་རང་དབང་རླུང་འཕྲིན།
གསལ་ལེ་རྒྱལ་གྱི་ཀུ་ཀོ།
འབའ.ཕུརབ། (Friday, 25 November 2011 23:32)
ང་གྱི་ལིང་གྲོ་རྒྱ་ཟེར་བ།།
ང་དང་མ་སྤང་རི་ཉུལ་དུས།།
རྟ་མ་རྒྱུག་བསམ་པ་མེད་མོད།།
ཁྱོད་འདྲ་འདྲའི་སྤང་གཞོང་བདེ་མོ།།
ང་ད་ཐེངས་མིན་ནས་མ་ཐུག།
ང་སྡེ་རུ་ཉུལ་གི་ཁ་འཁྱམ།།
སྡེ་ཆེན་པོའི་ཁ་རི་ཉུལ་དུས།།
རོགས་མ་རྩེ་བསམ་པ་མེད་མོད།།
ཁྱོད་འདྲ་འདྲའི་རྩེ་རོགས་སེམས་བཟང་།།
ང་ད་ཐེངས་མིན་ནས་མ་ཐུག།
འབའ་བ་ཕུར་བ་ (Friday, 25 November 2011 20:23)
སྦྲ་ཐང་སྨུག་ཁ་རུ་རྒྱོངས་ང་། སྐྲ་ལན་བུའི་བར་ནས་ལྟོས་ར།རྟ་ར་རའི་ཁ་སྐོར་གཅུ་ནོ། ང་ཁ་འཁྱམ་ཟ་ལེ་རྒྱལ་ཡིན།
ཡག་པོ་འདུག
ཙོང་ལ་ནས (Tuesday, 01 February 2011 04:17)
ས་བ་ཡན་ཐང་གི་རྩེད་ར་གཅིག། སྡེ་བྱ་གཞུང་རིང་མོའི་རྩེད་རོགས་གཉིས།། མཚོ་སྔོན་པོའི་ཁ་ནས་ཐུག་དང་ཐ།།
ཁ་ལ་གཞས་ཐེངས་གསུམ་བླངས་དང་ཐ།། སྨད་མདོ་ཁམས་སྒང་གི་ཉན་པ་ཚོ།། ཡིད་སྨོན་པ་ཤོར་ནས་ཧད་ཡོད་གི།
གྲོགས་ཟ་ལེ་ཚང་གི་རྩེད་ར་གཅིག། ས་ཟི་ལིང་ཙོང་ལའི་རྩེད་རོགས་གཉིས།། གློག་དྲ་བ་ཚང་ནས་ཐུག་དང་ཐ།།
ཁ་ལ་གཞས་ཚིག་གསུམ་བླངས་དང་ཐ།། སྒོ་ཕྱི་ནང་ཀུན་གྱི་བོད་པ་ཚོ།། ད་གྲགས་རྒྱུ་མེད་ནོ་ཅི་ཞིག་རེད།། ཟླ་བ་དབྱངས་ཅན་ལ། དེ་སྔོན་དྲ་རྒྱ་སླེབས་མ་ཐུབ་པས་དགོངས་པ་མ་ཚོམས།
ཟླ་བ་དབྱངས་ཅན (Saturday, 04 December 2010 12:57)
དེ་རིང་ངའི་ཁ་པར་ནང་གི་བོད་ཡིག་འདི་དྲ་ཐོག་ཏུ་ཡོང་གི་ཡོད་མེད་ལ་ལྟ་ཆེད་ཡིན།
ཟླ་བ་དབྱངས་ཅན (Saturday, 04 December 2010 05:00)
ཟླ་བས་ཁ་པར་ནང་གི་བོད་ཚོད་ལྟ
ཟླ་བ་གཡང་ཅན (Wednesday, 01 December 2010 11:55)
ས་བ་ཡུན་ཐང་ལ་ཐོན་ནས།།
ང་ཨ་ཐང་ཆད་ནི་མིན་མོད།།
རྟ་ཁེར་རྒྱུག་བྱེད་འདོད་མེད་ལ།།
ཁ་ཕྱིར་འཁོར་སྐྱ་མོ་ལམ་ཡིན།།
ཟླ་བཞི་བར་ཕྱིར་ལ་ཡོངས་རྒྱུ།།
ཐང་ཆེན་པོ་རྡུལ་གྱིས་བཀང་རྒྱུ།།
སྡེ་བྱ་གཞུང་རིང་མོར་ཡོང་ནས།།
ང་སུན་སྣང་སྐྱེས་ནི་མིན་མོད།།
གླུ་ཁེར་ལེན་བྱེད་འདོད་མེད་ལ།།
ཁ་ཕྱིར་འཁོར་རང་སྡེར་བུད་འགྲོ།
ཟླ་འགའ་ནས་ཕྱིར་སྐོར་རྒྱག་རྒྱུ།།
རོགས་ཡོད་ཚད་གཉི་ཀ་རྩེ་རྒྱ།།
ཟླ་བ་གཡང་ཅན (Wednesday, 01 December 2010 11:43)
ཐང་ཡངས་ས་ཞིག་ལ་ཡོང་ནས།།
རྟ་འདོ་བའི་ཁ་སྐོར་གཅུས་ར།།
ས་འདི་ན་རྟ་བ་མེད་ཀི།
ང་མི་འདུག་ཕྱིར་ལ་འགྲོ་རྒྱུ།།
སྡེ་ཆེ་ས་ཞིག་ལ་ཡོང་ནས།།
ཁ་ལ་ལ་ཐེངས་གསུམ་བླངས་ཡང་།།
ས་འདི་ན་གླུ་བ་མེད་ཀི།
ང་མི་འདུག་ཕྱིར་ལ་འགྲོ་རྒྱུ།།
ཟླ་བ་གཡང་ཅན (Thursday, 11 November 2010 11:13)
ལྷ་མ་མཇལ་ས་ཞིག་མེད་དྲ།། དབུས་སེར་བོའི་ཇོ་བོ་མ་མཇལ།། མཇལ་ཐུབ་ན་དེ་ཐེང་མཇལ་རྒྱུ།། མཇལ་མ་ཐུབ་ཕྱིར་སྐོར་རྒྱག་རྒྱུ།།
ནམ་ཡིན་རུང་མཇལ་ཐུབ་བྱེད་རྒྱུ།།
རོགས་མ་འགྲོག་ས་ཞིག་མེད་དྲ།། ས་ཙོང་ལའི་བུ་ལོ་མ་འགྲོག། འགྲོག་ཐུབ་ན་ད་ཐེང་འགྲོག་རྒྱུ།། འགྲོག་མ་ཐུབ་ཕྱིར་སྐོར་རྒྱག་རྒྱུ།།
ནམ་ཡིན་རུང་རྩེ་ཐབས་བྱེད་རྒྱུ།།
ཟླ་བ་གཡང་ཅན (Thursday, 11 November 2010 11:05)
ཨ་ཁུ་ཙོང་ལ་སྐུ་བདེ་མོ་ཡིན་ནམ། སྔོན་ཆད་མཇལ་ནི་མེད་འོན་ཀྱང་ཟ་ལེ་ཚང་གི་རྩེད་ཐོག་ནས་ཐུག་ན་བསོ་གི་ཡ།
ཙོང་ལ་རི་མོ (Wednesday, 18 August 2010 16:45)
གང་ཡིན་མི་ཤེས་མོེད། ཡོད་ཚད་གསར་བར་གྱུར་ན་བླུན་རྟགས་ཞིག་མཐོང་གི་འདུག
ཙོང་ལ་རིང་མོ། (Sunday, 18 July 2010 09:58)
ཟ་ལེ་རྒྱ་ཡུལ་ན་མེད་ཀི སྒོ་ཁའི་ཁྱི་རྒན་དེར་ཕལ་ཆེར་ཉིན་ཁ་ཤས་ལ་ལྟོ་བླུད་མེད་ས་རེད། ལམ་འགྱོ་བ་ཚོས་ལྟོས་ན་སྙིང་རྗེ་ནི་ཟིག་རེད། རྐྱ་སྟོང་དེ་གང་ཟིག་ལ་བུད་སོང་ནས་ནིང་། ད་ལས་རྒྱུ་མེད་ན་ཁོ་སང་གི་ཟླ་བ་གཡང་ཅན་ལ་ཞར་ཀི་འགྱོ།
དགོང་ཨ་སྔོན་གཡུ་ཡི་ལྡིང་ཁང་ནས།། འབྲུག་ཕོ་ཆུང་གཉིད་ལ་ཤོར་སོང་ཟིག།
དེ་གཉིད་ལ་ཤོར་གི་བར་སྐབས་ནས།། ང་གློག་ཞགས་འཁྱུག་ར་སད་ནི་རེད།།
ས་རང་སྡེ་གཡང་དྲུང་སྒོ་བཞི་ནས།། རོགས་ཆུང་ལོ་ལམ་མ་མཆིས་སོང་ཟིག།
དེ་ལམ་མ་མཆིས་བའི་བར་སྐབས་ནས།། ངས་ཚིག་གསུམ་རྩེད་ར་ཡོག་ནི་རེད།།
ཙོང་ལ་རིང་མོ། (Sunday, 18 July 2010 09:35)
ཁ་ཉིན་ཡང་མདོ་སྨད་གཡང་སྡེ་ཞིག་ལ་ས྄ོང་ནས་འདི་འདྲའི་ལ་གཞས་རྣོན་པོ་ཞིག་ཤེས་སོང།ཟ་ལེའི་ཚང་ལ་ཡོང་བར་ལག་སྟོང་མིན་པ་ཙམ་གྱིས།
ཕོ་གསར་དེས། རྟ་བརྒྱ་རྟ་མང་ཚོགས་ས་ནས།། ང་རྟ་ར་མེད་དྲ་སྒ་ར་མེད།། རྒྱུགས་དགོས་ན་ལག་ན་སྲབ་དྲ་མེད།།
རོགས་བརྒྱ་རོགས་མང་ཚོགས་ས་ནས།། ང་རོགས་ར་མེད་དྲ་ཚིག་ར་མེད།། འགྲོགས་དགོས་ན་ལག་ན་སྒོར་མོ་མེད།།
ཁ་བདེ་མས་འདི་ལྟར་ལན་བགྱིས་སོང་། ཁྱོད་རྟ་བོ་ཞོན་ན་འདོད་ནི་ཟིག།། ཁྱོའི་ལག་ན་སྒ་ཆ་མེད་ནི་ཟིག༏ ཅི་འདྲ་འདྲའི་རྟ་བདག་ཡ་མཚན་ཟིག། རོགས་ཆུང་ལོར་རྩེ་ན་འདོད་ནི་ཟིག། ཁྱོའི་ལག་ན་སྒོར་མོ་མེད་ནི་ཟིག། ཅི་འདྲ་འདྲའི་རྩེད་རོགས་ཡ་མཚན་ཟིག།།
མདོ་ལའི་འཁྱམས་པོ། (Friday, 18 June 2010 19:54)
ཨ་རོ་ཟ་ལེ་རྒྱ། ངས་ཁྱོ་ལ་དེང་རབས་གསར་བའི་ལ་གཞས་ཤིག་གི་ཞལ་འདེབས་རྒྱག།
སྟོད་སྐུད་མེད་དྲྭ་རྒྱ་ནང་ནས།།
གྲོགས་གཉིས་རེ་གཉིས་རེ་སྒྲིག་གི།།
ང་སྒྲིག་རོགས་མེད་ལ་བསྡད་ཡོད།།
ངའི་སྒྲིག་རོགས་དྲྭ་མོ་ཁྱོ་ཞེས།།
སྨད་གྲོང་ཁྱེར་ཞབས་བྲོའི་ཁང་ནས།།
རོགས་གཉིས་རེ་གཉིས་རེ་འཁྲབ་གི།
ང་འཁྲབ་རོགས་མེད་ལ་བསྡད་ཡོད།།
ངའི་འཁྲབ་རོགས་གསར་མོ་ཁྱོ་ཞེས།
ནོར་རྫི་ཚེ་རིང (Wednesday, 09 June 2010 12:59)
ཨ་ཁུ་རྩམ་དགའ་རྩམ་ཁུག་འཚོལ་དུ་བྱིན།། ཟླ་བ་གཡང་ཅན་ཟླ་བོས་དམ་ལ་བཏག།
ཟ་ལེ་ཚང་གི་རྩེད་ཁང་གྲི་བཞི་འདི།། ལ་ལའི་དབྱངས་རྟས་བོར་ནས་ཟླ་འགའ་འགོར།།
ཨ་རྩམ་དགས་རྩམ་ཁུག་ཁྱེར་ནས་ཤོགས།། ཟླ་བས་ཟླ་བོའི་བཀའ་རྒྱ་གཏོར་ནས་ཤོགས།།
ནོར་རྫི་ངས་ཀྱང་འུར་ཆ་བཟུང་ནས་ཡོང་།། རྩེ་ར་འདི་ནས་རྩེ་མགོ་ཡང་བསྐྱར་འཛུགས།།
ཟླ་བ་གཡང་ཅན (Friday, 09 April 2010 08:05)
དགོང་ཨ་སྔོན་གཡུ་ཡི་ལྡིང་ཁང་ན།།
འབྲུག་གྲགས་རྒྱུ་མེད་ནོ་ཅི་ཞིག་རེད།།
ས་རང་སྡེ་གཡང་དྲུང་སྒོ་བཞི་ན།།
རོགས་མཐོང་རྒྱུ་མེད་ནོ་ཅི་ཞིག་རེད།།
ཟླ་བ་གཡང་ཅན (Saturday, 27 March 2010 07:59)
ནོར་བཅས སྤང་
ཟླ་བ་གཡང་ཅན (Saturday, 27 March 2010 07:58)
རྟ་འདོ་བའི་ཕ་ས་གང་གི་ཡིན།།
ང་གྲོ་རྒྱལ་སྥང་དཀར་ཀླད་གྱི་ཡིན།།
ས་སྥང་དཀར་རྟ་བརྒྱ་སྤྱི་ཡི་རེད།།
རྟ་ཁྱོད་ར་རྒྱུག་དང་ང་ཡང་རྒྱུག།
ཕོ་ཁྱེད་རང་ཕ་ས་གང་ནས་ཡིན།།
ང་བུ་མོ་སྡེ་ཆེན་ད་ནས་ཡིན།།
ཁ་ལ་གཞས་རོགས་བརྒྱ་སྤྱི་ཡི་རེད།།
རོགས་ཁྱོད་ཀྱིས་ལོངས་དང་ངས་ཀྱང་ལེན།།
འབྲོང་བདའ (Friday, 19 February 2010 16:28)
དགོ་གཡང་རེ。。。。。。
ན་ནིང་ལུག་མང་གྲལ་གྱི་ལག་ག་ཁྱོད
རྩི་ཐོ་ལྡུམ་བུ་ཟས་ནས་མ་ཤི་ཐ
ད་ལོ་སྲས་ཁ་བུ་ཡག་བཙན་ནི་གི
ཕྱུག་བདག་དགའ་ཟིག་མེད་ན་དཀའ་རྒྱུ་རེད
རྩམ་དགའ (Saturday, 13 February 2010 17:16)
མ་མཐོང་སེམས་ཐག་ཉེ་བའི་རྒྱང་རིང་གི་གྲོགས་པོ་ཟ་ལེ་ལགས།
ལོ་གསར་བའི་ནང་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་དང་བཀྲིས་བདེ་ལེགས་ཡོད།
མི་ཆུང་ངས་ད་བར་དུ་འདིར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་བསྡད་རིང་ངོ་མས་སྐྱིད་པོ་བྱུང་ཐུགས་རྗེ་ཆེ།
དེ་མིན་གཞན་ཅང་བཤད་ཡ་མེད་བདེ་མོ།
རྩམ་དགའ་ (Tuesday, 02 February 2010 05:30)
སྟོད་སྡེ་ཆེན་དཀྱིལ་གི་ཞི་མོ་ཚོ། །
གླུ་ལ་གཞས་ལན་གི་ཕེབས་ཤོག་ར། །
སྨད་ཡུལ་ལུང་གླུ་ཡི་ཞིང་ཁམས་ནས། །
ཕོ་ལ་གཞས་ཅན་པོ་ཐོན་ནས་ཡོད། །
གླུ་ལ་གཞས་ཆར་བ་འབབ་འབབ་རེད། །
ཆར་བསིལ་མ་ལོ་ཡག་རྟེན་འབྲེལ་རེད། །
འབྲི་སྣ་ལྔར་རེ་བའི་ན་ཟླ་ཚོ། །
ད་མ་འདུག་གླུ་ཡི་ཞིང་ལ་ཕེབས། །
རྩམ་དགའ (Thursday, 31 December 2009 22:30)
གླུ་ལ་གཞས་ལན་པའི་གྲོགས་ཡོངས་ལ། །
ལོ་གསར་བའི་ཚེས་བཟང་ཉིན་མོ་འདིར། །
ང་ཨ་ཁུ་རྩམ་དགའི་སེམས་གཏིང་ནས། །
བཀྲ་ཤིས་པའི་རྟེན་འབྲེལ་ལན་གསུམ་ཞུ། །
རྩམ་དགའ (Monday, 28 December 2009 06:53)
༁་ཁུ་རྩམ་དགའ་ང་ཞི་མོ་ཆ་རེར་ཐུག་ནས་ད་བར་ལྷག་སོང་ཐལ། པཱོ་ཟིག་ལངས་མི་ཉན་ནོ་ཤེས་ཀ་ཟེར།
ནོར་རྫི་ཚེ་རིང (Tuesday, 22 December 2009 07:51)
ཚང་མ་བཏོན་དང་ང་།
རྩམ་དགའ་ (Tuesday, 22 December 2009 00:28)
རྟ་འདོ་བ་འགྱོག་ནོ་བཤད་ན། །
དགོང་གནམ་མཁའི་བྱ་ཡི་འགྱོག་རེད། །
རྒྱུགས་གོམ་ཁ་དྲང་ནོ་གླེང་ན། །
མདའ་ལི་མ་གན་གི་ཡན་རེད། །
ཟ་ལེ་རྒྱལ། (Sunday, 20 December 2009 10:27)
འ་ལགས་ནས་ང་ལ་འོག་གི་འབྲེག་ཐག་འདི་གནང་བར་ཐུགས་རྗེ་ཆེ།
མོ་སྟོན་ཕག་མགོ (Saturday, 19 December 2009 20:58)
རྟ་འདོ་བ་དྲུག་ཞེང་ཅན་པོ།།
རྒྱུག་གོམ་ལག་ནམ་མཁའི་བྱ་ཡིན།།
རྒྱལ་འཇོག་གི་སྥོབས་པ་ཡོད་ན།།
གྲོགས་ཟ་ལེའི་དྲ་བར་ཕེབས་ཤོག།
འ (Saturday, 19 December 2009 20:36)
http://www.youtube.com/watch?v=5Ke3afKeP6U
tenxin (Saturday, 19 December 2009 20:33)
hi
ནོར་རྫི་ཚེ་རིང (Friday, 18 December 2009 01:44)
རྟ་འདོ་བ་དུད་འགྲོ་གཉོམ་ཆུང་རེད།།
ངས་མི་ཞོན་ད་ཐང་འཇོག་རྒྱུ་ཡིན།།
ཁ་ལ་གཞེས་ཁ་ཡི་ཁ་རླངས་རེད།།
ངས་མི་ལེན་ད་ཐང་འཇོག་རྒྱུ་ཡིན།།
རྩམ་དགའ (Thursday, 17 December 2009 17:20)
རྒྱལ་འཇོག་གི་སྤོབས་པ་མེད་ཀི །
སྒལ་སྲབ་ཀི་རྒྱལ་ཕམ་མི་རྩོད། །
ཁ་ལ་གཞས་ཐར་ཐོར་ལན་ཞོར། །
རྒྱུགས་གོམ་ལག་འགྲན་ན་ང་ཡོང་། །
དཀོ་ལོ་མ་ལོ། (Thursday, 17 December 2009 12:32)
རྟ་རྒྱུག་ནི་ཡོད་ན་རྒྱལ་འཇོག།
རྒྱལ་འཇོག་ན་རྒྱབ་ཀི་སྒལ་འཇོག།
སྒལ་འཇོག་ནི་ཡོད་ན་འདིར་ཤོག།
རོགས་རྩེད་ནི་ཡོད་ན་རྒྱལ་འཇོག།
རྒྱལ་འཇོག་ན་རྒྱབ་ཀི་མཐོ༼མཐུ་བ༽འཇོག།
མཐོ་འཇོག་ནི་ཡིད་ན་འདིར་ཤོག།
རྩམ་དགའ (Wednesday, 16 December 2009 18:37)
ཁྱོད་ནོར་རྫི་འགྲོ་ས་རི་ལུང་རེད། །
རི་ལ་ཐུར་གཉིས་ཀ་བགྲོད་ལམ་རེད། །
ཁ་ལ་གཞས་ཁྱར་ཁྱོར་འཐེན་རོག་དེ། །
མ་འབྲོག་མོ་ཡིན་ནོ་ཤེས་ནི་རེད། །
ཁྱོད་ནོར་རྫི་ནོར་གི་དགྲ་ཟིག་རེད། །
རི་སྤྱང་ཁུ་དམར་བོའི་བཙོག་ཟིག་རེད། །
ནོར་མང་བོ་བཤས་ནས་ཟས་དང་ཐལ། །
ཁ་ཁོམ་དུས་མ་ཎི་ལོས་ཟིགའདོན། །
ཁྱིམ་རྒན་མོ་མེད་ན་བཀའ་ནི་རེད། །
མོ་རིག་རིག་ཚང་མར་ཁ་ཡག་ཤོད། །
ས་འདི་ན་ཨ་ཁུ་རྩམ་དགའ་ངས། །
གྲོགས་ཁྱེད་ལ་རོགས་ཟིག་བཙལ་རོག་བྱེད། །
ནོར་རྫི་ཚེ་རིང (Wednesday, 16 December 2009 12:06)
ནོར་རྫི་དད་པ་ཅན་པོ་མི་ཁོམ་རུང་།།
སེམས་ཁོམ་དུས་གསོལ་འདེབ་ཀྱིན་ཡོད།།
ཁ་ཁོམ་དུས་མ་ཎི་འདོན་གྱིན་ཡོད།།
ཤི་དམྱལ་བའི་འཇིག་སྐྲག་བསམ་གྱིན་ཡོད།།
ང་ནོར་རྫི་གནས་ས་རི་ལུང་ཡིན།།
ཕྱག་འཚལ་ས་དཀོན་ཅོག་རྣམས་གསུན་ཡིན།།
ངའི་རྩེད་རོགས་ཁ་ཡ་ན་ཟླ་ཡིན།།
ངའི་རྩེད་ཆས་ཁ་མཚར་ལ་ལ་ཡིན།།
ང་ནོར་རྫི་དགའ་ས་མཛེས་མ་ཡིན།།
ངས་སྡེ་རི་ཉུལ་དོན་དེའི་ཆེད་ཡིན།།
ང་རྒན་མོ་མེད་ལ་མི་རྐྱང་ཡིན།།
རོགས་གང་ནས་ཐུགས་ན་རྩེ་རྐྱང་ཡིན།།
རྩམ་དགའ (Tuesday, 15 December 2009 20:08)
ཨ་ཁུ་བུ་མོར་དགའ་ནོ་ཁོ་ཐག་ཡིན། །
ནོར་རྫི་དད་པ་ཅན་ཡིན་མི་ཤེས་ཀི །
མཛེས་མར་རིགས་དུས་ང་ལས་བཙོག་ཟིག་རེད། །
རྒན་མོ་ཡོད་དུས་ཉམ་ཆུང་འདྲ་ཟིག་རེད། །
ཨ་ཅེ་ཟླ་བ་འགྱུར་ནས་འགྲོ་གོ་གི །
ཟ་དང་ཟུར་ནས་རྒས་རྟགས་སྟོན་གོ་གི །
གཅེས་ཕྲུག་འགའ་རེའི་ཨ་མར་འདོད་གོ་གི །
བ་ལི་ཆ་རེར་བཞོ་ན་འདོད་གོ་གི །
ཟླ་བ་གཡང་ཅན (Tuesday, 15 December 2009 12:08)
ཨ་ཁུ་དགེ་སློང་བུ་མོ་དགའ་གི།
ནོར་རྫི་རྒད་པོ་དད་པ་ཡོད་གི།
ནག་མོ་ནོར་ལ་གོ་བ་མེད་གི།
ན་ལུང་སྨུག་ལ་དུང་མཐའ་མེད་གི།
བུ་མོས་བསམ་དོན་འགྲུབ་ཐལ།།
འབྲི་མོ་ཡུལ་ལ་དོན་ཐལ།།
དགོ་དགོ་ངག་གིས་བཀུག་ཏེ།།
འོ་མ་འཇོ་རུ་ང་འགྲོ།།
རྩམ་དགའ (Tuesday, 15 December 2009 07:32)
བླ་ཆེན་ཞིག་གི་མདུན་ལ་མི་འགྲོ་ཁོ་ཐག་ཡིན། །
ང་དང་ཁོ་ཡི་རྩོད་གཞི་བཙོག་ནོ་མཁྱེན་ནི་རེད། །
ཨ་ཅེ་ཁྱེད་ཀྱིས་བར་འདུམ་གནང་ན་འགྲིག་ནི་རེད། །
མཚན་མོ་ཞིག་གི་དོན་དག་ཡིན་ནོ་ཤེས་ནི་རེད། །
ཟླ་བ་གཡང་ཅན (Tuesday, 15 December 2009 03:14)
དགོན་ཆེན་སྒྲིག་གིས་བསྡམ་པའི་དགེ་སློང་དང་།། དུས་བཞིར་རི་ལུང་འགྲིམ་པའི་ནོར་རྫི་གཉིས།། ན་ཆུང་བུ་མོ་དག་གི་རྩོད་གཞི་འདི།། བླ་ཆེན་དམ་པའི་མདུན་གླེང་རོགས་ཞུ།།
ནོར་རྫི་ཚེ་རིང (Monday, 14 December 2009 11:38)
ཟ་ལེ་ལགས།
ལྐ་ལྐོ་ད་དུང་བརྒྱུད་ནས་དེ་རིང་འདྲ་སྡེ་ཐང་ལ་སླེབ་སོང་
ད་ཇ་མངར་མོ་རེ་ཡོད་ན། ཤ་ཚོན་པོ་རེད་ཡོད་ན་ཁྱེར་ཤོག་དང་
ཟ་ལེ་རྒྱལ། (Saturday, 12 December 2009 14:46)
ནོར་རྫི་ཚེ་རིང་ལགས
ངའི་དྲ་མགོན་དུ་ཕེབས་པར་ཐུགས་རྗེ་ཆེ། ཕལ་ཆེར་ཁྱོད་རང་སྣ་དང་རྐང་བ་གཉིས་ཀས་ཆེ་ཆུང་ལ་འགྲན་བསྡུར་བྱེད་བཞིན་པའི་གྲོགས་པོ་དེ་ཡིན་པ་འདྲ་བས། ཡིན་ན་ལན་ཞིག་བྱིན།
ཟ་ལེ་རྒྱལ། (Saturday, 12 December 2009 14:43)
ས་འདི་ན་རོགས་ལོ་མང་གི།
རོགད་རང་མཐུན་རང་ང་དཀོན་གི།
ས་འདི་ན་སེང་དུང་མང་གི།
སེང་རང་གྲགས་རང་ང་དཀོན་གི
རྩམ་དགའ (Saturday, 12 December 2009 06:27)
རྒད་པོ་ལགས།
ལ་གཞས་འདི་ནི་འཇིག་རྟེན་ཕོ་མོ་ལས། །བཙུན་པ་དག་གིས་དོར་བྱ་ཡིན་པའི་རྟགས། །
ཁྱེད་ལ་ཡོད་ན་ད་ལྟར་ཁུར་ནས་ཤོག །མེད་ན་ནོར་རྫི་ཁྱོད་ནི་ངོ་རེ་ཚ། །
ཁ་ནས་གསལ་དང་མ་གསལ་མི་འདུག་ལོ། །ཁྱོད་ལ་སེམས་ཁུར་ལྕི་ནོ་ཤེས་ནི་རེད། །
ཨ་ཁུ་བཙུན་པ་དག་གིས་ནོར་རྫི་ཁྱོའི། །རྒན་མོ་འཕྲོག་ནས་འབྲོ་ནི་མ་རེད་ལོ། །
ནོར་ལུག་མི་ཚང་སེམས་ཁུར་ཆེ་དང་གཅིག །རྒན་མོས་རྒྱོ་གི་མི་འཇུག་དཀའ་ལེ་གཉིས། །
གང་ཡང་མེད་པའི་དགེ་སློང་བཙུན་པ་ཚོའི། །མི་ཚེ་འདི་ལས་སྐྱིད་ཅིག་གང་ན་ཡོད། །
ད་ནི་བཙུན་པ་ཁོ་བོ་འགྲོ་རན་སོང་། །བུ་མོ་ན་ཆུང་ཞིག་གིས་འབོག་གོ་གི །
ནོར་རྫི་ཁྱོད་དང་རྩེས་ནས་འདུག་བསམ་ཡང་། །གན་གི་སྒུག་ནོ་བཙོག་གི་བུད་ལ་འགྱོག །
ནོར་རྫི་ཚེ་རིང (Friday, 11 December 2009 22:55)
བཙུན་པ་ལགས།
འཇིག་རྟེནཕོ་མོའི་ལ་གཞས་ཟེར་བ་འདི།། བཙུན་པ་འདུ་ཁྲིམས་ཅན་གྱི་བརྒྱང་བྱ་མིན།། ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ།། དགེ་སློང་སྡོམ་ལྡན་རྣམས་ཀྱི་རྩེད་རོགས་མིན།།
ལུག་རྫི་ནོར་རྫི་དག་གི་རྩེད་ཆས་འདི།། གྲྭ་བ་གཟན་ཤམ་ཅན་གྱི་བསླང་བྱ་མིན།། འཁོར་བའི་གཏང་རྡོ་ལྕི་བའི་ཁྱིམ་པ་ལ།། དགེ་སློང་ཡིད་སྨོན་ཤོར་བ་ཡ་རེ་ང་།།
ནོར་རྫི་དད་པ་ཅན་པོས་ཞུ་བ་བྱེད།། དགེ་སློང་དབེན་གནས་འགྲིམ་པས་རེ་བ་ཞུ།། འདུ་ཁྲིམས་ཉམས་ཆག་མི་གཏོང་རེ་བ་ཞུ།། བླ་མའི་བཀའ་དང་མི་འགལ་རེ་བ་ཞུ།།
དྲིན་ཅན་ཕ་མའི་རེ་འབྲས་ཡོད་དོ་ཅོག། རྩ་བརླག་མ་གཏོང་རི་ཁྲོད་འགྲིམ་པའི་བུ།། དམ་པ་ཆོས་ཀྱི་སྙིང་བོ་མ་ནོར་བར།། ཉམས་སུ་ལོངས་ཤིགས་སྟོན་པའི་རྗེས་འཇུག་པ།།
རྩམ་དགའ (Wednesday, 09 December 2009)
ནོར་ལུག་ཆ་བོ་ཕར་ལ་ཤོར་ནས་ཐལ། །
ཨ་ཁུའི་ཁ་ལ་ཉན་ནས་མ་འདུག་ལོ། །
ནོར་ལུག་ཁ་ཁེར་དོ་དགོང་མ་ཚང་ན། །
རྒན་མོས་ཉལ་ཁ་སྡུག་ན་དཀའ་ནི་རེད། །
ནོར་རྫི་ཚེ་རིང (Wednesday, 09 December 2009 04:03)
ནོར་བཅོས
བླ་རྒན་རྩམ་དགའ
ནོར་རྫི་ཚེ་རིང (Wednesday, 09 December 2009 04:01)
ཞི་མོ་འདི་ཆ་ཅི་ཞིག་མ་ཉན་ནས་ན། ད་ལྦ་རྩམ་དགའ་རྫོག་རྒྱུ་རེད་གོ། བྱ་ངན་འདི་འདྲ་ཞིག་གི་རྐྱེན་གྱིས་ད་ཁ་སང་དེ་རིང་གྲྭ་བ་བརྒྱ་ཆའི་མང་བོ་ཞིག་ལོག་འགྲོ་གི་ཡོད་ནི་རེད། ཨ་ཤུ་རེ་གོ
རྩམ་དགའ (Saturday, 05 December 2009 20:22)
ཨ་ཅ་ཟླ་བས་དེ་རིང་ཆི་ཟེར་གི། །གོང་ལྷ་ཆེན་ཚང་པའི་ཞིང་ཁམས་ནས། །
དམའ་ཀླུ་ཡི་གྲོང་ལ་ཐུག་པའི་བར། །བུ་མོར་མི་འདོད་ཕོ་ཟིག་ཨེ་ཡོད་ལགས། །
གྲྭ་ཁྲིམས་བཙན་པོའི་འོག་ན་ཡོད་གྱུར་ན། །ཨ་ཁུ་རྩམ་དགའ་ཁོ་བོ་སྔོན་ཟིག་ནས། །
དགེ་བསྐོས་ཤིག་གི་དབྱུག་པའི་འོག་ནས། །ཁ་དང་རླིག་པ་འདི་གཉིས་ཚར་སོང་ཡོད། །
བཙུན་མ་ཆ་བོའི་སྒོ་ཁ་ལོས་རྒྱག་ར། །ཨ་ཅ་ཁྱོས་ཀྱང་རུམ་ཁ་ལྷོད་མི་ཉན། །
ཨ་ཁུའི་རླིག་པ་འདི་ཡིས་མི་ཉན་ནོ། །བུ་མོ་བརྒྱ་ཡི་སེམས་ལ་ཡོད་ནི་རེད། །
ཨ་ཁུ་རྩམ་དགའི་སེམས་ཀྱི་རྩེད་རོགས་མ། །ཨ་ཅ་ཟླ་བ་གཡང་ཅན་ཁྱོད་ཀྱིས། །
ཨ་ཁུ་ཁོ་བོ་སེམས་ནས་མ་བརྗེད་པར། །ཨ་རོགས་ཟེར་བཞིན་ཐོན་ནོ་བཟང་ཐལ་ལོ། །
ཟླ་བ་གཡང་ཅན (Saturday, 05 December 2009 12:32)
གསར་བུ་ཟ་ལེ་ཚང་གི་རྩེད་ར་ན།། ཨ་ཁུ་རྩམ་དགས་སྡུག་གཏམ་བཤད་ནོ་བལྟོས།། བུ་མོ་མང་བོ་བཙལ་ན་འདོད་གོ་ཁུ།། རིན་ཆེན་སྡོམ་པའི་རིན་ཐང་ཉམས་གོ་ཁུ།། ཨ་ཁུའི་འདོད་པའི་རྒྱལ་མཚན་ལང་གོ་ཁུ།། ཨ་ནེ་ཁར་ཁེར་ཚེ་ཐག་ཐུང་གོ་ཁུ།། བཙུན་དགོན་སྒོ་ཆེན་གཏན་ན་ཡག་ཚད་རེད།། ཨ་ཁུ་འུ་ཚུག་ཅན་པོ་འགོག་ཚད་རེད།། བཙུན་མའི་སྡོམ་པ་བདག་པོ་རྒྱག་ཚད་རེད།།
ཨ་ཁུ་རྩམ་དགའི་སེམས་ལ་མ་གནོད།། ཨ་ནེ་བཙུན་མ་དགོང་པ་མ་ཚོམས།། ཨ་རོགས་ཟ་ལེ་ཚང་གི་རྩེ་རར།། ལན་གཅིག་རྩེ་རུ་ཡོང་ན་སྐྱིད་གི།
རྩམ་དགའ (Thursday, 03 December 2009 01:56)
ཨ་ཁུ་རྩམ་དགའ་ཕོ་རྒོད་མེད་པས། །
ཞི་མོ་ཆ་བོ་རྒྱང་ནས་བྲོས་འགྲོ་གི །
མཇེ་ངན་འདི་ཡིས་ཧ་ཟིག་མི་གོ་ནོ། །
ར་ཕོ་འདི་ལས་སྡུག་ཟིག་ཡིན་ནོ། །
རྩམ་དགའ (Sunday, 29 November 2009 16:48)
སྦྲ་ཐང་སྨུག་གན་གི་མཐའ་ན། །
རྟ་ཁེ་འདུག་རིག་ནོ་གན་གི །
མགོ་ཐང་ལ་སྒུར་ནོ་བལྟས་ན། །
རོགས་རྩེད་རོགས་དྲན་ནོ་ངན་གི །
ཟ་ལེ་རྒྱལ། (Friday, 27 November 2009 22:26)
རྨ་ཕ་རིའི་སྨྱུག་ལུང་ད་ནས།།
སྨྱུ་བཏབ་ནས་ལོ་ར་ཟླ་ཡིན།།
སྨྱུག་སེར་རོ་སྐྱེས་སྟོབས་མེད་ན།།
མདའ་ལི་མ་ངན་ཁག་མ་འཇོག