Sun

20

Sep

2009

མཆན་འགོད་ས།

Trackback URL for this article


Trackbacks / Pingbacks 0

Write a comment

Comments: 43

  • #1

    སྐྱ་བྷ། (Wednesday, 27 May 2009)

    དྲ་དེབ་གསར་དུ་ཕྱེ་བར་བཀྲ་ཤིས་བདེ་ལེགས་ཞུ།

  • #2

    འབྲོག་རུ་ཆོས་གྲགས། (Friday, 29 May 2009 06:40)

    དྲ་ཚིགས་དབུ་འབྱེད་གནང་ཐུབ་པར་སེམས་བསམ་པའི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ།
    རྗེས་ཕྱོགས་དྲ་ཚིགས་གུ་ཡངས་དང་སྤུས་དག་ཅིག་ཡོང་རྒྱུར་དང་པོ་ནས་རེ་བ་རྒྱག་གི་ཡོད།
    ང་ཚོ་རང་དབང་ལུང་བ་ན་ཡོད་སྟབས། རང་དབང་གི་བསམ་ཚུལ་དང་གུ་ཡངས་ཀྱི་བསམ་བློའི་སྒམ་དཀྱེལ་བསྐྲུན་རྒྱུར་རེ་བ་ཆེན་པོ་རྒྱག་གི་ཡིན།

  • #3

    འབྲོག་རུ་ཆོས་གྲགས། (Wednesday, 09 September 2009 10:42)

    དྲ་ཚིགས་མགྱོགས་པོར་འགྲུབ་པའི་རེ་བ་ཡོད།

  • #4

    བོད།ཤ་ཁྲག་རུས་གསུམ། (Friday, 11 September 2009 10:28)

    ཟ་ལེ་རྒྱལ་ལགས། ཁྱེད་ཚང་དུ་ཐོན་ཡོད། ཁ་བཏགས་ཤིག་ལག་དུ་བཟུང་དེ། ལ་གཞས་ཤིག་ད་དུང་འགྱོང་མིན་མི་ཤེས་ཀྱང། ལེན་ཁུལ་ཞིག་བྱས་དེ་འབུད་འགྲོ རྗེས་མ་གང་་ཙམ་ཤེས་དུས་ལེན་དུ་ཡོང་ངེས་ཡིན་ལགས། རོགས་དྲན་གི་ལོ་རབས་མ་བཤད། རོགས་དྲན་གི་ལོ་རབས་བཤད་ན། དགུང་ཉི་མ་འདར་སུག་རྒྱག་གི

  • JimdoBusiness
    #5

    khawatso (Friday, 11 September 2009 10:32)

    ངའི་མགྲོན་པོ་དང་པོ་ཤ་ཁྲག་ལགས། མགྲོན་དུ་ཕེབས་བར་སྙིང་རུས་བའི་གཏིང་ནས་དགའ། ཐུགས་རྗེ་ཆེ། ཀུ་རེ་ཡུན་གྱིས་རྩེས། ཇ་གང་ལྷོད་ཀྱིས་བཞེས་རོགས

  • #6

    ལྷ་ཆབ་སྦྱིན་པ། (Friday, 11 September 2009 11:19)

    གྲོགས་ཟ་ལེ་རྒྱལ་གྱིས་དྲ་ཚིགས་གསར་བ་ཞིག་སྒོ་ཕྱེས་པར་དགའ་བསུ་ཞུ། ད་ཡིན་ན་སྐྱིད་སོང་བ་རེད། ཁ་ཉིན་ངས་འུ་ཚོ་ངོ་ཐུག་རྒྱུ་མ་རེད་བསམ་ནས་སེམས་པ་ཏོག་ཙམ་སྐྱོ་སོང༌། ད་ཁྱེད་ཚང་ལ་མགོ་ཞིག་རྒྱག་ས་ཡོད་སོང་བ་རེད། ངའི་སེམས་པའང་བདེ་ལ་བབས་སོང༌། ཁ་སང་བོན་རྒྱས་ཀྱང་ཁྱོད་ཀྱི་དོན་ལ་སེམས་ཁུར་བྱེད་ཀྱིན་འདུག དེ་རིང་ངས་ཨ་དགེ་ལའང་ལན་ཞིག་བསྐུར་རྒྱུ་ཡིན། ད་གང་ལྟར་འགྲིག་སོང་བ་རེད། དེ་བྱོས། རྟག་པར་དུ་ཡོང་གི་ཡིན།

  • #7

    ཨ་ཚོགས་བློ་བྷེ། (Friday, 11 September 2009 11:57)

    ཟ་ལེ་རྒྱལ་གྱི་ཟིན་བྲིས་གསར་བ་འདིས་ངེད་སྤུན་ཟླ་ཚོའི་སྡུག་སེམས་སྐྱིད་ལ་འགུག་ཐུབ་པའི་སྨོན་ལམ་དང་བཀྲ་ཤིས་
    ཁ་གཡང་ཡང་ནས་ཡང་དུ་འབོད།།

  • #8

    ཟ་ལེ་རྒྱལ། (Friday, 11 September 2009 13:50)

    ལྷ་ཆབ་ལགས། གྲོགས་པོ་ཚོ་རེ་རེ་བཞིན་འདིར་ཕེབས་པས་ངོ་མ་དགའ་ཡི། ཁ་སང་དེ་རིང་དྲ་བའི་ནང་གི་བཟོ་བཀོད་སོགས་ལས་རྒྱུ་མང་བོ་འདུག་པས་རྩོམ་ཡིག་འབྲི་ཁོམས་མི་འདུག་མོད་ལྷོད་ལ་བབས་ན་ངས་ཤུ་རེ་བྱེད་ཀི་ཡིན། དུས་བབ་ཀི་དྲ་ཐོག་ནས་ཁྱོད་ཚོའི་རྩོམ་ཡིག་དག་ཀློག་གི་ཡོད། དེ་རུ་མ་ཡོང་ན་ང་འཚོ་ཐུབ་ས་མ་རེད།

  • #9

    ཟ་ལེ་རྒྱལ། (Friday, 11 September 2009 13:53)

    ཨ་ལོ་བདེ་མོ། ཕེབས། ཕེབས། ནང་ལ་ཕེབས།

  • #10

    གློག་ཞགས། (Friday, 11 September 2009 13:58)

    བཀྲ་ཤིས་བདེ་ལེགས་ཞུ། ཨ་ཡོ་ཤེ་ མ་ཟིག་ཧྲོ་དང་ང་ད་ཁ་བརྡ་ཡེད། ཟོག་རྫ་ནས་བྱི་མོ་ཟིག་བདའ་བདའ་ཡེ་ཆད་བཏང་ཟིག གཡང་འབོད་ཡེད་ནི་ཟིག་ཞུས་ཨེ་ཡོད། དགོན་པ་སོ་མའི་ཨ་ཁུ་ཆོ་ད་བོས་བཏང་རྒྱུས་ན་དགའ་འཇོག་ག་ཡ། ཧཧཧཧཧ། ཨོ། དགོད་ཉན་མི་མ་ར།

  • #11

    ཟ་ལེ་རྒྱལ། (Friday, 11 September 2009 14:08)

    ཞི་མོ་དགོས་ན་ཞུ་བ་བྱོས།
    ངས་ཁྱོད་ལ་དེའི་སྐོར་གྱི་སྒྲུང་ཞིག་བཤད།
    རོང་མོ་ཞིག་གིས་ཨ་ཕོ་ཚོས་ཞུ་བ་ལ་ཞུ་བ་བྱས་དང་ན་ངས་ནི་མིན་ཟེར་མི་ཐུབ་ཀི་ཞེས་བ་རེད།

  • #12

    ཨ་མདོ་མཚོ། (Friday, 11 September 2009 14:17)

    ས་ཀ་མདོའི་སྡོང་ར་ནང་ན༎
    དམར་ཆལ་ལེ་སིལ་ཏོག་སྐྱེས་ཡོད༎
    རྡོ་འཕེན་ཀི་ཧོད་པ་ཡོད་ན༎
    སིལ་ཟ་ཀི་བསོད་ནམས་ལེ་ཡོད༎
    ས་སྡེ་ཆེན་རྩེད་ར་ནང་ན༎
    ཁྲ་ཤོལ་ལེ་ན་ཟླ་འཚོགས་ཡོད༎
    ཚིག་བཤད་ཀི་ཧོད་པ་ཡོད་ན༎
    རོགས་འགྲོག་གི་བསྐལ་བ་ལེ་ཡོད༎

  • #13

    ཟགལེ་རྒྱལ། (Friday, 11 September 2009 14:26)

    ཨ་མདོ་མཚོགལགས།
    ལ་གཞས་ལེན་ན་དཀར་ཆག་ནང་གི་ཁ་ལ་གཞས་ས་གཞས་རྡོ་གཞས་ཞེས་བ་དེར་འཇོག་རོགས།
    ཕེབས་པར་ཐུགས་རྗེ་ཆེ།

  • #14

    གློག་ཞགས། (Friday, 11 September 2009 14:28)

    ཨ་ཆེ་ཁ་ཆེ་གཉའ་ཆེ་མ༎
    མཇེ་མགོ་ཆེ་བསྟན་ན་དགའ་ནི་མ༎
    མཇེ་མགོ་ཆུང་བསྟན་ན་ངུ་ནི་མ༎

  • #15

    ཨ་མདོ་མཚོ། (Friday, 11 September 2009 14:32)

    ལ་གཞས་སྡེ་ཚན་ན་མཆན་བཞག་ས་མི་འགྲོ་གི
    ཧྥ་ཡིག་ཟིག་ག་ཁྱག་གེ་ཁྱོག་གེ་ཟིག་ཤར་རེ་བསྡད་འཇོག ཨར་རྒྱུ་ཤ་གོ

  • #16

    ཟ་ལེ་རྒྱལ། (Friday, 11 September 2009 14:33)

    དྲ་གྲོགས་ལགས།
    ལ་གཞས་ལེན་ན་དཀར་ཆག་ནང་གི་ཁ་ལ་གཞས་ས་གཞས་རྡོ་གཞས་ཞེས་བ་དེར་འཇོག་རོགས།
    ཕེབས་པར་ཐུགས་རྗེ་ཆེ།

  • #17

    ཟ་ལེ་རྒྱལ། (Friday, 11 September 2009 14:46)

    ཨ་མདོ་མཚོ་ལགས། དགོངས་དག། ད་ངས་བཟོ་བཅོས་བྱས་ཟིན་པས་ལ་གཞས་ལེན་རྐྱང་བྱོས།

  • #18

    གློག་ཞགས། (Friday, 11 September 2009 14:53)

    མཆན་འདོགས་སྟངས་ལ་སྟབས་དང་འདིར་མནན་ཏེ་ལ་ནན་ཞེས་གཏགས་ནོར་ཤོར་འདུག

  • #19

    ཟ་ལེ་རྒྱལ། (Friday, 11 September 2009 15:01)

    གློག་ཞགས་ལགས། ཐུགས་རྗེ་ཆེ།

  • #20

    ཆུ་ཐིགས་སྔོན་མོ། (Friday, 11 September 2009 17:19)

    དྲ་གྲོགས་ཟ་ལེ་རྒྱལ་གྱིས་ཇ་ཁང་གསར་བ་ཞིག་ཕྱེས་འདུག་པ་གོ་ནས་དེ་རིང་ཆེད་དུ་ཇ་ཞིག་འཐུང་གི་ཡོང་བ་ཡིན།
    ཡུམ་དུམ་པ་ང་ཚོ་བསྐྱུར་ནས་ས་ཆ་གཞན་ཞིག་ལ་ཇ་ཁང་སྐྱིད་པོ་ཞིག་ཕྱེས་ནས་ལྷོད་ལ་འབབ་འདུག་ག།ཞིབ་གི་ཡ།་ཇ་ཞིབ་ཅིག་འདུག་་རྗེས་མར་ཡང་ཡང་ཡོང་གི་ཡིན ད་བདེ་མོ་བྱོས་ ད་ང་རང་ཁྱིམ་དུས་བབ་ནང་ལ་འགྲོ་གི་ཡིན

  • #21

    ཆུ་ཐིགས་སྔོན་མོ། (Friday, 11 September 2009 17:32)

    ཨ་རོགས་ཡུམ་དུམ་པ ཁོམས་པ་རེ་ཡོད་ན་ངེད་ཚང་ལ་སྐོར་བ་བྱེད་རྒྱུ་མ་བརྗོད ཨེ་གོ་ཐལ ཨ་ཕའི་ལོ་ལོ་

  • #22

    ཟ་ལེ་རྒྱལ། (Friday, 11 September 2009 19:12)

    ཆུ་ཐིགས་ལགས་ཕེབས་པར་དགའ་བསུ་ཡོད།

  • #23

    བོད། ཤ་ཁྲག་རུས་གསུམ། (Friday, 11 September 2009 23:48)

    ཟ་ལེ་རྒྱལ་ལགས། ད་ནི་ངས་འདིའི་གནད་དོན་དེ་ནི་ཤེས་སོང་། ང་ལ་དྲ་རྒྱ་སྒོ་འབྱེད་བྱེད་ས་གཉིས་ཡོད། གཅིག་ནི་firefoxདང་internet explorerཟེར་བ་འདི་གཉིས་རེད་ལགས། འདི་གཉིས་ཀྱི་ནང་གི་གོང་མ་དེ་ནས་སྒོ་ཕྱེ་ནས་ཁྱེད་ཚང་ལ་ཡོང་ན་ཟ་ཟུར་གྱི་བོད་ཡིག་གི་ཡིག་གཟུགས་འཐོར་ནས་བསྡད་འདུག་ལགས། དེ་མིན་གཉིས་པ་དེ་བེད་སྤྱོད་བྱེད་མཁན་ཞིག་ཡིན་ན་ནི། རྩོམ་ཡིག་དག་འཐོར་མི་འདུག་ལགས། ཡག་པོ་ཀློག་ཐུབ་ཀྱི་འདུག་ལགས། དེ་མིན་བདག་གིས་ལག་པ་གོམ་ནས་ཟེར་ན་འགྲིག ང་རང་གིས་ནམ་རྒྱུན་བེད་སྤྱོད་བྱེད་བཞིན་པ་དེ་ནི་དང་བོ་ཡིན་དུས། ཁ་སང་ཉིད་ཀྱིས་དེ་དག་མཐོང་དུས་ཡིག་གཟུགས་འགྱུར་འདུག་པ་རིག་མ་ཐག སྐུ་ཉིད་ལ་བརྡ་ཞིག་བཞག་པ་ཡིན། དེ་རིང་དུས་བབ་རྩོམ་སྒྲིག་པ་ལགས་ཀྱིས་འཐོར་མི་འདུག་ཟེར་ནས་གླེང་མ་ཐག ང་རང་གིས་གཉིས་པ་དེ་ནས་ཁྱེད་ཚང་ལ་འཛུལ་ནས་འོང་དུས་ཡིག་གཟུགས་ཚང་མ་རང་འཇག་རེད་འདུག་ལགས། གལ་སྲིད། དང་བོ་དེ་བེད་སྤྱོད་བྱེད་མཁན་གྱི་སྤུན་ཟླ་ཞིག་ཡིན་ན་སྐུ་ཉིད་ཀྱིས་ཡིག་གཟུགས་དག་འཐོར་ནས་ཡོད་པ་དེ་རེད། དཔེར་གཡུ་ཞུན་ལགས་ཀྱི་དྲ་ཚིགས་ལྟ་བུ་རེད། འོན་ཀྱང་། གཡུ་ཞུན་ཚང་གི་དྲ་ཚིགས་དེ་ནི་ད་ལྟའི་འཆར་དང་བོ་དང་གཉིས་པ་གཉིས་གང་ཞིག་ནས་འཛུལ་ནས་སོང་ན་ཡིག་གཟུགས་གཙང་མ་ཀློག་ཐུབ་ཀྱི་ཡོད་པ་དེ་རེད་ལགས།

  • #24

    བོད། ཤ་ཁྲག་རུས་གསུམ། (Friday, 11 September 2009 23:59)

    ཟ་ལེ་ལགས། ཁྱེད་ལ་ཁོམ་པ་བྱུང་བ་དང་གོ་སྐབས་འགྲིག་ན། འདི་རུ་ལ་གཞས་བསྐོར་གྱི་བརྙན་འཕྲིན་རེ་འཇོག་ས་ཡོད་ན་བཟང་གི དེ་ནས་ལ་གཞས་དར་ཁྱབ་དུ་འགྲོ་རྒྱུར་ཕན་ཐོག་སྲིད་པ་ཡིན་ལ། ལ་གཞས་ལ་དགའ་མཁན་དག་གི་རེ་བ་ཡང་སྐོང་ཐུབ་ངེས་རེད་ལགས། ཡིན་ཡང་། ཟ་ལེ་རྒྱལ་ལགས་ཉིད་ཀྱིས་བསམ་གཞིག་གནང་རྒྱུ་ཞིག་ཡིན་ལ་ང་རང་གི་རེ་སྐུལ་དེ་ནི་འགྲིག་གི་ཡོད་མེད་མི་ཤེས་ལགས།

  • #25

    གཉའ་འབྲོང་ཐུ་བུ། (Saturday, 12 September 2009 21:29)

    སྐུ་ཞབས་ཟ་ལེ་རྒྱལ་ལགས་ཀྱིས་ཟིན་བྲིས་གསར་བའི་དབུ་འབྱེད་གནང་བར་ཐུགས་རྗེ་ཆེ་ཞུ།
    དུས་བབ་དྲ་ཚིགས་ནས་ཕེབས་དུས་སྐྱིད་པོ་མ་བྱུང་མོད་ད་ནི་གནད་འགག་མེད་པ་ཞིག་ཏུ་མཐོང་སོང་།
    ཡག་པོ་རེད། དྲ་ཚིགས་འདིར་ཚང་མ་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུ།

  • #26

    ཟ་ལེ་རྒྱལ། (Saturday, 12 September 2009 22:30)

    མགྲོན་པོ་གཉའ་འབྲོང་ལགས་ཕེབས་པར་ཐུགས་རྗེ་ཆེ། གཡང་འབོད་ཅིག་བྱས་བར་དེ་བས་ཀྱང་ཐུགས་རྗེ་ཆེ།

  • #27

    ང་ཤེས་རབ་ཡིན་ (Sunday, 13 September 2009 18:59)

    ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་

  • JimdoBusiness
    #28

    khawatso (Sunday, 13 September 2009 21:06)

    འབའ་ཐ་མའི་ཤེས་རབ་ཨེ་ཡིན།

  • #29

    ཨུ་ཚུགས་ཅན། (Monday, 14 September 2009 11:48)

    གསར་བུ་ཟ་ལེ་རྒྱལ། རྟེན་འབྲེལ་ཞུ་་གི་ཡོད་གོ། རྗེས་ནས་ལ་གཞས་རེ་ཤེས་ན་ཁྱེར་ནས་ཡོང་གི་ཡིན་

  • #30

    བདེ་མོ། (Monday, 14 September 2009 22:31)

    བཟང་ས་ཟ་ལེ་ལགས། ས་ཆ་ཧྲ་གི་ང་ར་ལོ་ཚིག་ལ་འདིར་ཡོང་ནས་འདུག་རྒྱུ།

  • #31

    ཨ་རིག་དགེ་མཐོང་ཡིན། (Monday, 14 September 2009 22:36)

    ཁྱེད་ཀྱི་དྲ་ཚིགས་ལེགས་འགྲུབ་ཡོང་བར་རྟེན་ཞུ། ད་ལྟ་རྒྱ་གར་གྱི་ཆུ་ཚོད་༢ དང་སྐར་མ ༧་རེད་ངས་ཁྱེད་ཀྱི་ཟིན་བྲིས་ཀློག་ཐུབ་ནས་དགའ་ཡོད། སང་ཉིན་ནས་བཟུང་ད་ཡིན་ད་ཁ་ནང་ལ་ཡོང་ཚོད་ཅིག་བཤད་ངེས་ཡིན་ལགས།

  • #32

    ཟ་ལེ་རྒྱལ། (Monday, 14 September 2009 23:14)

    ཨ་དགེ་ལགས། བདེ་མོ།
    ཁྱོད་ཀྱིས་དུས་བབ་སྟེང་ན་ངའི་དྲ་ཚིགས་ཀློག་ཐུབ་གི་མི་འདུག་ཅེས་ཟིན་ཐོ་ཞིག་དྲིས་འདུག་པ་དེ་ངས་མཐོང་སོང་།ངའི་བག་ཚིག་ཅི་འདྲ་རེད།

  • #33

    རྩམ་དགའ (Tuesday, 15 September 2009)

    ང་ནི་གངས་དཀའ་ལས་སྐྱེས་པའི་ཉམ་ཆུང་ཞིག་ཡིན་ལ་རྩོམ་རིགས་སྣ་ཚོགས་ལ་ལྟ་ཀློག་དགའ་བའི་བོད་ཕྲུག་ལྷད་མེད་ཅིག་ཡིན། དེའི་ཕྱིར་རང་ཉིད་རྩོམ་འབྲི་ལ་གོམས་ཕྱིར་ཁྱོད་ཚང་ལ་ཡོང་བ ལགས།།

  • #34

    རྩམ་དགའ (Tuesday, 15 September 2009 05:15)

    ཨོ་་ངའི་དྲན་པ་འདི་ད་ཐོག་མར་དྲ་བདག་ཁྱོད་ལ་རྟེན་འབྲེལ་ཞུས་མི་འདུག་དགོངས་དག་ཞུ།

  • #35

    ཟ་ལེ་རྒྱལ། (Tuesday, 15 September 2009 08:45)

    དྲ་གྲོགས་རྩམ་དགའ་ལགས་ལ་བཀྲ་ཤིས་བདེ་ལེགསཞུ།
    ངའི་ནང་ནས་གང་ཟ་འདོད་པ་དེ་གང་འདོད་ཀྱིས་ཟ་རོགས།

  • #36

    `235778 (Tuesday, 15 September 2009 14:28)

    རོགས

  • #37

    ༡༢༣༤༥༦ (Tuesday, 15 September 2009 14:34)

    རོགས་བཙལ་གི་གྲོང་ལ་ཡོང་ནས།།
    ཁ་ལ་ཡེ་ལེན་འདོད་ཡོད་ར།།
    རོགས་རང་འགྲིག་ཅན་ཞིག་མེད་ན།།
    སེམས་སྡུག་ལ་སྦྱོར་ནི་མི་དགོས།།

  • #38

    རྩམ་དགའ (Wednesday, 16 September 2009 21:16)

    སེམས་སྡུག་ལ་སྦྱོར་དང་མི་སྦྱོར། །བུ་རང་གི་འཇོན་ཐང་ཐུག་ཡོད། །
    ཕོ་རྒོད་པོ་ཁོག་ཡངས་ཅན་ལ། །མ་བུ་མོ་གཡས་འཁོར་གཡང་འཁོར། །

  • #39

    ཟ་ལེ་རྒྱལ། (Wednesday, 16 September 2009 21:43)

    ལ་གཞས་ལེན་ན་ཁ་ལ་གཞས་སགཞས་རྡི་གཞས་ཞེས་བའི་ལེ་ཚན་དེར་ཕེབས་རོགས། ཐུགས་རྗེ་ཆེ།

  • #40

    འབྲོང་་རུ་དམར་། (Friday, 18 September 2009 13:23)

    ༄༅་།། ཟ་ལེ་ཁ་ལ་མེ་འབར་ཕུལ་བའི་ཆང་མཆོད་བཞུགས་སོ་།།
    ཕ་ལོའི་ཁ་མ་ཉན་རི་ཤོར་པོ་།
    ཨ་མའི་ངག་ལ་མི་ལངས་ཤོར་པོ་།
    ཧི་མ་ཡར་མི་འཐོག་གཤོག་ཐོགས་པོ་།
    མཐའ་མཚམས་དམག་ལ་མི་སྐྲག་སྙིང་ཆེན་པོ་།
    འབྲས་དང་ལྡ་ལིའི་མི་རྒྱག་ལྟོ་ཆེན་པོ་།
    ཡུལ་དང་རྒྱལ་ཁབ་མེད་པའི་ལས་ངན་པོ་།
    རང་སྐད་རང་ཡིག་མི་བརྗེད་དྲིན་ཅན་པོ་།
    རྩེད་མཚར་གཏམ་ལ་མི་འཐོག་ཁ་རྒོད་པོ་།
    སྙན་པའི་ཚིག་ལ་རྫོགས་མེད་དབྱངས་མཁན་པོ་།
    རྩེད་སྤྱད་དགོད་སྤྱད་ཉན་པའི་ས་རྩེད་རོགས་གོའུ
    ཨ་། ཟ་ལེ་ཁ་ལ་མེ་འབར་། ཁྱོད་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་གྲུ་ཟུར་དང་དྲྭ་ཟུར་གང་དུ་གནས་ཡང་། མ་འགོར་མ་འགྱང་བར་མྱུར་བ་མྱུར་དུ་འདིར་ཕེབས་ལ་། ལྤུ་ཆང་རྟ་རྫིང་འཁྱིལ་བའི་མཆོད་པ་བཞེས་ལ་། དྲྭ་འབུ་ལ་སོགས་པའི་གཏམ་འབུ་དེ་དག་གི་མགོ་ལ་གཏམ་རྒོད་གྱི་ཐོག་རྒོད་རྒྱོབས་ ་། བོན་རྒྱ་ལ་སོགས་པའི་བསྟན་དགྲ་དེ་དག་སྙིང་ལ་གློག་ཞག་གི་མེ་ལྕེ་ཕོབས་། ། འབྲོང་རྒན་ང་སོགས་འབྲོག་རྒན་རྣམས་སྙན་ཚིག་གི་ཆར་བ་ཕོབས། ཨ་། ཟ་ལེ་ཁ་ལ་མེ་འབར་། ཁྱོད་ལྷ་ད་ལྟ་བོས་ན་ད་ལྟ་ཡོད་དགོ་། ལས་ད་ལྟ་བཅོལ་ན་ད་ལྟ་སྒྲུབ་དགོ་།
    ཞེས་འབྲོག་པ་རྒད་པོ་ཞིག་ལག་གཡས་པར་ཐོགས་པའི་ལྤུ་ཆང་དེ་། ཤག་སེ་གློག་ཀླད་ཀྱི་འཆར་སྒོའི་སྟེང་གི་ཟ་ལེ་རྒྱ་ཡི་འདྲ་རིས་སྟེང་བཤོ་བས་ཀློག་གླད་དེ་ཚག་སྒྲ་བཅས་ནག་ཚིབ་བེ་སོང་ངོ་།།

  • #41

    སྨྱུག་རྒོད། (Monday, 21 September 2009 17:03)

    ཟ་ལེ་ལགས།
    རིན་མེད་སྒེར་གྱི་དྲ་ཆི༹གས་་སྤུས་དག་ཞིག་བཟོ་འདོད་ན་འོག་གི་ཁ་བྱང་འདི་ལ་ཆོ༹ད་ལྟ་བྱེད་རོགས།
    http://www.webs.com


  • #42

    ཟ་ལེ་རྒྱལ། (Monday, 21 September 2009 17:56)

    ཐུགས་རྗེ་ཆེ། ངས་ཚོད་ལྟ་བྱེད་ཀི་ཡིན།

  • #43

    བོད། ཤ་ཁྲག་རུས་གསུམ། (Wednesday, 07 October 2009 01:38)

    ཟ་ལེ་ཟ་ཁོ། ངས་ཉིད་ཀྱིས་རྩོམ་ཡིག་འདི་བཀླགས་ནས་དངོས་ནས་རང་ཉིད་གཅིག་བུར་གློག་ཀླད་སྟེང་དུ་བཅེར་ནས་བགད་པ་ཡིན། དངོས་ནས་དགོད་བྲོ་བོ་ཞིག་དང་མི་ཞིག་གི་སེམས་ཁམས་དམར་འབྲི་བྱས་འདུག་པ་ཚོར་ཞིང་། ཨོ་ད་དེ་རེད། ཚོར་བ་ཟེར་བ་འདི་ནི་དེ་འདྲའི་དབང་བཙན་པོ་ཞིག་ཆགས་དུས་ཀྱང་ཡོད་མོད། དངོས་ནས་གཟབ་པར་འཚལ། རང་གི་ཚོར་བ་རང་ཉིད་ཁོ་ན་ལས་སུ་དང་གང་ལ་ཡང་མི་ཟ་བ་ཡིན་དུས། སྐྱིད་དུས་མགོ་བོ་དམའ་རུ་བཟུང་། སྡུག་དུས་མགོ་བོ་མཐོ་རུ་བཅུགས། འུ་ཅག་སྲིད་པ་བོད་ལ་གཏམ་དཔེ་ཞིག་ཡོད་པ་ཉིད་ཀྱིས་ཀྱང་ཤེས་ཡོད་ངེས་ཡིན་ལགས། མི་ཞིག་གི་ཚེ་སྲོག་ཤོར་འགྲོ་བ་དེ་ནི་དེ་འདྲའི་ཧ་ལས་དགོས་པ་ཞིག་མིན་ན་ཡང་། ཚེ་སྲོག་དེ་ཉིད་ལ་བསྐྱེད་སྲུང་བྱེད་མཁན་གྱི་དྲིན་ཆེན་ཕ་མ་དག་གི་རྒྱུན་རིམ་དང་རེ་བཞག་ལ་བསམ་བློ་གཏོང་དུས། དེ་ནི་དངོས་ནས་རིན་ཐང་ཡོད་པ་ཞིག་བཟོ་ཐུབ་མིན་དེ་ནི་རང་ཉིད་གཅིག་བུ་ལ་རེག་ལས་ཡོད་པ་སེམས་ཁོང་རུས་པའི་གཏིང་ནས་འདང་རེ་རྒྱོབས་དང་། རང་གིས་རང་ངོ་དང་རང་གི་ཚོར་བ། རང་གི་ཁོང་ཁྲོ་དེ་དག་གི་བར་མཚམས་ནས་རང་ཉིད་ཅིག་རྙེད་སྲིད་པ་ཡིན། ངས་ཀྱང་སྐུ་ཉིད་ཀྱིས་བསམ་ཚུལ་དེ་མཚུངས་ཀྱིས་རང་གི་ཚེ་སྲོག་འདི་ལ་ཀུ་རེ་ལན་འགའ་རྩེ་མྱོང་ཡོད། རྗེས་སུ་ངས་རང་གི་རང་ལ་ལྟ་སྟངས་ཤིག་༧རྒྱལ་བའི་དབང་བོ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལ་གང་ཙམ་ཞིག་ཤེས་སོང་། དེ་ནས་བཟུང་། རང་ཉིད་ཅི་འདྲ་སྡུག་ལ་ཐུག་ཀྱང་རང་སྲོག་མི་གཅོད་པའི་དམ་བཅའ་བཞག་པ་ཡིན་ལགས། ངས་རེ་བ་ལ་སྐུ་ཉིད་ཀྱིས་གོང་གི་རྩོམ་ཡིག་དེ་ནི་སྤུན་ཟླ་དག་ལ་ཕུལ་བའི་སྒྱུ་རྩལ་རྩོམ་ཡིག་ལ་ཞིག་ལ་ངོས་འཛིན་གནང་དེ་རང་གིས་རང་ལ་ལྟ་ཤེས་ཤིག་བྱེད་རྒྱ་དེ་ནི་ས་མཐའ་སྡེ་མཐའ་དེ་ནས་ཟ་ལེ་རྒྱལ་གྱི་རང་གཤིས་ལ་འགྱུར་བ་མི་བཟོ་རྒྱུ་དེ་ཡིན་ལགས། ཟ་ལེ་རྒྱལ། གཏམ་མྱི་ཁ་ཉུལ་ནས་བྱང་མ་ཡིན།

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།